མཆོག་ལྔའི་རྩ་གསུམ་ཡང་སྙིང་བཅུད་དུ་དྲིལ་བའི་སྒྲུབ་པ་ལས་གཡང་སྒྲུབ་འདོད་དགུའི་གཏེར་མཛོད mchog lnga'i rtsa gsum yang snying bcud du dril ba'i sgrub pa las g.yang sgrub 'dod dgu'i gter mdzod
མཆོག་ལྔའི་རྩ་གསུམ་ཡང་སྙིང་བཅུད་དུ་དྲིལ་བའི་སྒྲུབ་པ་ལས་གཡང་སྒྲུབ་འདོད་དགུའི་གཏེར་མཛོད mchog lnga'i rtsa gsum yang snying bcud du dril ba'i sgrub pa las g.yang sgrub 'dod dgu'i gter mdzod Bkt
Bkt180.14
མཆོག་ལྔའི་རྩ་གསུམ་ཡང་སྙིང་བཅུད་དུ་དྲིལ་བའི་སྒྲུབ་པ་ལས་གཡང་སྒྲུབ་འདོད་དགུའི་གཏེར་མཛོད mchog lnga'i rtsa gsum yang snying bcud du dril ba'i sgrub pa las g.yang sgrub 'dod dgu'i gter mdzod
Location
set MW30498: volume rtsa gsum mchog lnga - folios 1a1-16a5
Colophon ཅེས་མཆོག་ལྔའི་རྩ་གསུམ་ཡང་སྙིང་བཅུད་དུ་དྲིལ་བའི་གཡང་སྒྲུབ་འདོད་དགུའི་གཏེར་མཛོད་འདི་ཡང་ཕྱི་ནང་གསང་བའི་གཏེར་སྲུང་གསུམ་གྱི་ལུང་བསྟན་གྲོགས་བགྱིས་ནས་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་དགུ་ལ་རྟེན་འབྲེལ་ཉི་མ་རྩེ་ཤར་གཟི་འོད་རྒྱས་པའི་དུས་སུ་རི་འབྲུག་ཆེན་པོའི་གར་རོལ་མངོན་པར་སྣང་བའི་ཚུལ་ཁྲིམས་བློ་གྲོས་ཀྱིས་གཟིགས་ངོས་ནས་སྲ་བརྟན་བྲག་གི་དཀྱིལ་ནས་རང་འབྱུང་རྡོ་ཡི་སྒྲོམ་བུ་ཁ་རང་དབྱེ་རུ་གྱུར་ནས་སྐག་ཞུན་སྨུག་པོའི་སྒྲོམ་བུ་དང་དྲན་པའི་ཕྱག་ཐམ་བདུད་དཔུང་ཟིལ་གནོན་སྐྱེ་བདུན་གྱི་སྐུ་ཤ་རྣམ་མཁྱེན་སྟོན་པ་གཤེན་རབ་ཀྱི་འཕེལ་གདུང་བཅས་དེར་འཚོགས་རྣམས་དད་ལྡན་བུ་སློབ་ཀྱི་སྤྱན་གྱི་དབང་པོའི་སྤྱོད་ཡུལ་དུ་མངོན་སུམ་པ་ཕ་ནོར་བུ་ཡི་དབང་སྐལ་དུ་དངོས་གྲུབ་ཏུ་རྙེད་པ་འདི་ཡང་འགའ་དང་ཁྱད་པར་བཀའ་འབངས་འདྲུ་རིགས་གཡུང་དྲུང་རྒྱ་མཚོ་ནས་ཡང་ཡང་སྡོད་དུ་མ་སྟེར་ནས་བསྐུལ་པ་ལ་བརྟེན་ནས་ངོ་སྐལ་དུ་སྤྲུལ་སྐུ་བློ་ལྡན་སྙིང་པོའི་རྗེས་འབྲེང་ཚེ་དབང་བདེ་ཆེན་སྙིང་པོའམ་གཡུང་དྲུང་ཐོགས་མེད་རྩལ་དུ་འབོད་པ་བདག་གིས་དྲན་པའི་ཕྱག་བྲིས་ཤོག་སེར་ངོས་ནས་ཤར་གྲོལ་སྨིན་གླིང་ནས་དཔྱད་གསུམ་དག་པའི་སྒོ་ནས་བཅོས་སླད་མེད་པར་ཞལ་བཤུས་ནས་གཏན་ལ་ཕབ་པ་འདིས་ཀྱང་གཡུང་དྲུང་བོན་འདི་མི་ནུབ་དར་ཞིང་རྒྱས་པའི་རྒྱུ་རུ་གྱུར་ཅིག། ces mchog lnga'i rtsa gsum yang snying bcud du dril ba'i g.yang sgrub 'dod dgu'i gter mdzod 'di yang phyi nang gsang ba'i gter srung gsum gyi lung bstan grogs bgyis nas hor zla bcu gnyis pa'i tshes bcu dgu la rten 'brel nyi ma rtse shar gzi 'od rgyas pa'i dus su ri 'brug chen po'i gar rol mngon par snang ba'i tshul khrims blo gros kyis gzigs ngos nas sra brtan brag gi dkyil nas rang 'byung rdo yi sgrom bu kha rang dbye ru gyur nas skag zhun smug po'i sgrom bu dang dran pa'i phyag tham bdud dpung zil gnon skye bdun gyi sku sha rnam mkhyen ston pa gshen rab kyi 'phel gdung bcas der 'tshogs rnams dad ldan bu slob kyi spyan gyi dbang po'i spyod yul du mngon sum pa pha nor bu yi dbang skal du dngos grub tu rnyed pa 'di yang 'ga' dang khyad par bka' 'bangs 'dru rigs g.yung drung rgya mtsho nas yang yang sdod du ma ster nas bskul pa la brten nas ngo skal du sprul sku blo ldan snying po'i rjes 'breng tshe dbang bde chen snying po'am g.yung drung thogs med rtsal du 'bod pa bdag gis dran pa'i phyag bris shog ser ngos nas shar grol smin gling nas dpyad gsum dag pa'i sgo nas bcos slad med par zhal bshus nas gtan la phab pa 'dis kyang g.yung drung bon 'di mi nub dar zhing rgyas pa'i rgyu ru gyur cig/