གསས་མཁར་མཆོག་ལྔའི་རྩ་གསུམ་ཡང་སྙིང་བཅུད་དུ་དྲིལ་བའི་སྒྲུབ་པ་ལས་སྐོང་བ་འདོད་དགུ་ལྷུན་རྫོགས gsas mkhar mchog lnga'i rtsa gsum yang snying bcud du dril ba'i sgrub pa las skong ba 'dod dgu lhun rdzogs
གསས་མཁར་མཆོག་ལྔའི་རྩ་གསུམ་ཡང་སྙིང་བཅུད་དུ་དྲིལ་བའི་སྒྲུབ་པ་ལས་སྐོང་བ་འདོད་དགུ་ལྷུན་རྫོགས gsas mkhar mchog lnga'i rtsa gsum yang snying bcud du dril ba'i sgrub pa las skong ba 'dod dgu lhun rdzogs Bkt
Bkt180.12
གསས་མཁར་མཆོག་ལྔའི་རྩ་གསུམ་ཡང་སྙིང་བཅུད་དུ་དྲིལ་བའི་སྒྲུབ་པ་ལས་སྐོང་བ་འདོད་དགུ་ལྷུན་རྫོགས gsas mkhar mchog lnga'i rtsa gsum yang snying bcud du dril ba'i sgrub pa las skong ba 'dod dgu lhun rdzogs
Location
set MW30498: volume rtsa gsum mchog lnga - folios 1a1-12a2
Colophon ཅེས་པའི་མཆོག་ལྔའི་རྩ་གསུམ་ཡང་སྙིང་བཅུད་དུ་དྲིལ་བའི་སྐོང་བ་འདོད་དགུ་ལྷུན་རྫོགས་འདི་ཡང་ཕྱི་ནང་གསང་བའི་གཏེར་སྲུང་གསུམ་གྱིས་ལུང་དང་གྲོགས་བགྱིས་ནས་ཧོར་ཟླ་བཅུ་གཉིས་ཚེས་བཅུ་དགུའི་ཉིན་ལ་རྟེན་འབྲེལ་ཉི་མ་རྩེ་ཤར་གཟི་འོད་རྒྱས་པའི་དུས་སུ་རི་འབྲུག་ཆེན་པོའི་གར་རོལ་མངོན་པར་སྣང་བའི་ཚུལ་ཁྲིམས་བློ་གྲོས་ཀྱིས་གཟིགས་ངོས་ནས་སྲ་བརྟན་བྲག་གི་དཀྱིལ་ནས་རང་འབྱུང་རྡོ་ཡི་སྒྲོམ་བུ་ཁ་རང་དབྱེ་རུ་གྱུར་ནས་སྐག་ཞུན་གྱི་སྒྲོམ་བུ་གསུམ་དང་དྲན་པའི་ཕྱག་ཐམ་བདུད་དཔུང་ཟིལ་གནོན་སྐྱེ་བདུན་སྐུ་ཤ་སྟོན་པའི་འཕེལ་གདུང་བཅས་སྤྱན་གྱི་དབང་པོའི་སྤྱོད་ཡུལ་མངོན་སུམ་པར་ཕ་ནོར་བུ་ཡི་དབང་སྐལ་དངོས་གྲུབ་ཏུ་བབས་པ་འདི་ཡང་དད་ལྡན་སྐལ་ལྡན་བུ་སློབ་འགའ་དང་ཁྱད་པར་བཀའ་འབངས་འགྲུ་རིགས་གཡུང་དྲུང་རྒྱ་མཚོ་ནས་ཡང་ཡང་སྡོད་དུ་མ་བཅུག་ནས་བསྐུལ་པ་ལ་བརྟེན་ནས་སྤྲུལ་སྐུ་བློ་ལྡན་སྙིང་པོའི་རྗེས་འབྲུང་ཚེ་དབང་བདེ་ཆེན་སྙིང་པོའམ་གཡུང་དྲུང་ཐོགས་མེད་རྩལ་དུ་འབོད་པ་བདག་གིས་དྲན་པའི་ཕྱག་བྲིས་ཤོག་སེར་ངོས་ནས་ཤར་གྲོལ་སྨིན་གླིང་དུ་ཞལ་བཤུས་ནས་དཀར་ཆག་ཡི་གེར་བཏབ་པ་འདིས་ཀྱང་གཡུང་དྲུང་བོན་རིན་པོ་ཆེ་འདི་མི་ནུབ་དར་ལ་རྒྱས་པའི་རྒྱུར་གྱུར་ཅིག། ces pa'i mchog lnga'i rtsa gsum yang snying bcud du dril ba'i skong ba 'dod dgu lhun rdzogs 'di yang phyi nang gsang ba'i gter srung gsum gyis lung dang grogs bgyis nas hor zla bcu gnyis tshes bcu dgu'i nyin la rten 'brel nyi ma rtse shar gzi 'od rgyas pa'i dus su ri 'brug chen po'i gar rol mngon par snang ba'i tshul khrims blo gros kyis gzigs ngos nas sra brtan brag gi dkyil nas rang 'byung rdo yi sgrom bu kha rang dbye ru gyur nas skag zhun gyi sgrom bu gsum dang dran pa'i phyag tham bdud dpung zil gnon skye bdun sku sha ston pa'i 'phel gdung bcas spyan gyi dbang po'i spyod yul mngon sum par pha nor bu yi dbang skal dngos grub tu babs pa 'di yang dad ldan skal ldan bu slob 'ga' dang khyad par bka' 'bangs 'gru rigs g.yung drung rgya mtsho nas yang yang sdod du ma bcug nas bskul pa la brten nas sprul sku blo ldan snying po'i rjes 'brung tshe dbang bde chen snying po'am g.yung drung thogs med rtsal du 'bod pa bdag gis dran pa'i phyag bris shog ser ngos nas shar grol smin gling du zhal bshus nas dkar chag yi ger btab pa 'dis kyang g.yung drung bon rin po che 'di mi nub dar la rgyas pa'i rgyur gyur cig/