གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ཀྱི་ནང་ནས་གསང་སྔགས་གསང་བའི་ཡང་བཅུད་མཆོག་ལྔའི་རྩ་གསུམ་ཡང་སྙིང་བཅུད་དུ་དྲིལ་བའི་སྒྲུབ་ཐབས gsas mkhar rin po che spyi spungs kyi nang nas gsang sngags gsang ba'i yang bcud mchog lnga'i rtsa gsum yang snying bcud du dril ba'i sgrub thabs
གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ཀྱི་ནང་ནས་གསང་སྔགས་གསང་བའི་ཡང་བཅུད་མཆོག་ལྔའི་རྩ་གསུམ་ཡང་སྙིང་བཅུད་དུ་དྲིལ་བའི་སྒྲུབ་ཐབས gsas mkhar rin po che spyi spungs kyi nang nas gsang sngags gsang ba'i yang bcud mchog lnga'i rtsa gsum yang snying bcud du dril ba'i sgrub thabs Bkt
Bkt180.10
གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ཀྱི་ནང་ནས་གསང་སྔགས་གསང་བའི་ཡང་བཅུད་མཆོག་ལྔའི་རྩ་གསུམ་ཡང་སྙིང་བཅུད་དུ་དྲིལ་བའི་སྒྲུབ་ཐབས gsas mkhar rin po che spyi spungs kyi nang nas gsang sngags gsang ba'i yang bcud mchog lnga'i rtsa gsum yang snying bcud du dril ba'i sgrub thabs
Location
set MW30498: volume rtsa gsum mchog lnga - folios 1a1-77a2
Colophon ཕྱིས་སུ་རྟེན་འབྲེལ་སྐབས་སུ་བབས་པའི་ལས་ལྡན་བུ་ཡིས་དབུས་ཕྱོགས་གསང་བ་ཡོངས་རྫོགས་དཔལ་གྱི་ཕུག་ནས་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་དགུ་ཡི་ཉི་ཤར་ནས་དབལ་གཤེན་སྟག་ལ་མེ་འབར་གྱི་གར་རོལ་རི་འབྲུག་ཆེན་པོའི་ཐུགས་ཀྱི་འོད་ཟེར་ལས་བྱོན་པའི་ཚུལ་ཁྲིམས་བློ་གྲོས་ཀྱི་གཟིགས་ངོས་རྟ་བདུན་གཟི་འོད་རྒྱས་པའི་སྐབས་སུ་རང་འབྱུང་རྡོ་ཡི་སྒྲོམ་བུ་ཁ་རང་བྱེ་རུ་གྱུར་ནས་སྐག་ཞུན་སྨུག་པོའི་སྒྲོམ་གསུམ་དང་མཁའ་འགྱིང་ཡབ་ཡུམ་བྱང་སེམས་དཀར་དམར་དྲན་པའི་ཕྱག་ཐམ་བདུད་དཔུང་ཟིལ་གནོན་སྐྱེ་བདུན་སྐུ་ཤ་གདུང་འདམ་འཛམ་བུ་གསེར་གྱི་དྲིལ་ནས་འཁྲུལ་མེད་དཔལ་དབྱེའི་བརྡའ་རིས་ཀྱི་རྒྱ་ཅན་དང་བཅས་ཕ་ནོར་བུ་ཡི་དབང་སྐལ་དུ་དངོས་གྲུབ་དབང་པོའི་སྤྱོད་ཡུལ་དུ་མངོན་སུམ་པར་ཐོབ་བཞིན་སྤྱན་དྲངས་པའོ་ལོ་དུས་གསང་བའི་རྒྱ་གྲོལ་ནས་འདུས་པའི་སྐལ་ལྡན་འགའ་དང་བཀའ་འབང་གཡུང་དྲུང་རྒྱ་མཚོ་ནས་ཡང་ཡང་བསྐུལ་བ་ལ་བརྟེན་ནས་དྲན་པའི་ཕྱག་བྲིས་ཤོག་སེར་ངོས་ནས་དག་པར་ཕབ་པ་པོ་ནི་སྤྲལ་པའི་སྐུ་མཆོག་བློ་ལྡན་སྙིང་པོའི་རྗེས་འཛིན་གསང་བའི་མིང་ནིགཡུང་དྲུང་ཐོགས་མེད་རྩལ་ལམ་ཚེ་དབང་བདེ་ཆེན་སྙིང་པོས་ཤར་གྲོལ་སྨིན་གླིང་དུ་རྩི་བཅུད་སྒྲོན་མེའི་ངོག་ནས་དཀར་ཆག་ཡི་གེར་བཏབ་པའོ་འདི་བྲིས་འགལ་བའི་སྒྲིབ་པ་ཅི་མཆིས་རྣམས་རྩ་གསུམ་བདེར་གཤེགས་རིགས་བརྒྱའི་ཚོགས་ལ་བཤགས་བསྟན་སྲུང་དམ་ཅན་སྡེ་ལ་བཟོད་པར་གསོལ་དགེ་ཚོགས་མ་གྱུར་འགྲོ་བ་ཡོངས་ལ་བསྔོ་བསྟན་པའི་སྙིང་པོ་ཟབ་མོ་བོན་མཆོག་འདི་རྒྱལ་བསྟན་སྣང་བའི་རྒྱན་དུ་གྱུར་ནས་ཀྱང་དུས་ཀུན་ནུབ་མེད་སྙན་པའི་རྔ་བོ་ཆེ་སྙན་པའི་གྲགས་པས་ས་སྟེང་ཁྱབ་རྒྱས་ཤོག་དེ་ལ་བརྟེན་ནས་ཡངས་པའི་ས་ཆེན་འདིར་ནད་མུག་འཁྲུགས་རྩོད་སྐལ་ངན་རབ་ཞི་ནས་སྐལ་བཟང་བདེ་བའི་དཔལ་ལ་རྟག་རོལ་ནས། དགེ་ལེགས་བྱེ་བའི་ངོ་མཚར་ཡུན་གནས་སྨོནཿ་ phyis su rten 'brel skabs su babs pa'i las ldan bu yis dbus phyogs gsang ba yongs rdzogs dpal gyi phug nas hor zla bcu gnyis pa'i tshes bcu dgu yi nyi shar nas dbal gshen stag la me 'bar gyi gar rol ri 'brug chen po'i thugs kyi 'od zer las byon pa'i tshul khrims blo gros kyi gzigs ngos rta bdun gzi 'od rgyas pa'i skabs su rang 'byung rdo yi sgrom bu kha rang bye ru gyur nas skag zhun smug po'i sgrom gsum dang mkha' 'gying yab yum byang sems dkar dmar dran pa'i phyag tham bdud dpung zil gnon skye bdun sku sha gdung 'dam 'dzam bu gser gyi dril nas 'khrul med dpal dbye'i brda' ris kyi rgya can dang bcas pha nor bu yi dbang skal du dngos grub dbang po'i spyod yul du mngon sum par thob bzhin spyan drangs pa'o lo dus gsang ba'i rgya grol nas 'dus pa'i skal ldan 'ga' dang bka' 'bang g.yung drung rgya mtsho nas yang yang bskul ba la brten nas dran pa'i phyag bris shog ser ngos nas dag par phab pa po ni spral pa'i sku mchog blo ldan snying po'i rjes 'dzin gsang ba'i ming nigayung drung thogs med rtsal lam tshe dbang bde chen snying pos shar grol smin gling du rtsi bcud sgron me'i ngog nas dkar chag yi ger btab pa'o 'di bris 'gal ba'i sgrib pa ci mchis rnams rtsa gsum bder gshegs rigs brgya'i tshogs la bshags bstan srung dam can sde la bzod par gsol dge tshogs ma gyur 'gro ba yongs la bsngo bstan pa'i snying po zab mo bon mchog 'di rgyal bstan snang ba'i rgyan du gyur nas kyang dus kun nub med snyan pa'i rnga bo che snyan pa'i grags pas sa steng khyab rgyas shog de la brten nas yangs pa'i sa chen 'dir nad mug 'khrugs rtsod skal ngan rab zhi nas skal bzang bde ba'i dpal la rtag rol nas/ dge legs bye ba'i ngo mtshar yun gnas smonaH