set MW30498: volume rtsa gsum mchog lnga - folios 1a1-4a2
Colophon སྨྲས་པ། རྒྱལ་ཀུན་ཡེ་ཤེས་ཀློང་དུ་རོ་གཅིག་ཀྱང་། རྒྱལ་བས་གང་ལ་གང་འདུལ་དེར་སྟོན་གྱི། རྒྱལ་བའི་དཀྱིལ་འཁོར་ཕྱི་ནང་ལྷ་ཚོགས་ལ། རྒྱལ་བསྟན་རིགས་འདྲེས་གསོལ་འདེབས་སྨྲ་བ་པོ། ཀུན་མཁྱེན་ལུང་རིག་རྒྱ་མཚོ་འབོད་པ་དེའི། ཀུན་སྣང་རིག་པའི་མདངས་ལས་འཁྲུངས་པ་ཡི། ཀུན་གྱིས་གསོལ་འདེབས་འདི་ལ་འབད་གྱུར་ནའང་། ཀུན་ཀྱང་ལས་སྒྲིབ་མྱུར་དུ་འབྱུང་བར་ངེས། ལུང་དང་རྟོགས་པའི་ཡོན་ཏན་ཆ་འཕྲ་ཞིང་། འཆད་རྩོམ་པ་ཡི་མིག་བུ་མ་ལྡན་ཀྱང་། བླུན་པོས་སྨྱོ་གཏམ་འཁྱལ་ཚིག་སྨྲས་འདི་ལ། འགལ་བར་གྱུར་ན་མཁྱེན་སྤྱན་ལྡན་ལ་བཤགས། འདི་ལ་ལེགས་ཚོགས་ཤིག་སྙིང་ཙམ་མཆིས་ན། མ་རྒན་འགྲོ་རྣམས་སྒྲིབ་གཉིས་མྱུར་བྱང་ནས། དོན་གཉིས་ལྷུན་གྲུབ་བཞིའི་གཏེར་ལ་སྤྱོད། བླ་མེད་རྣམ་མཁྱེན་གོ་འཕང་ཐོབ་པར་སྨོན།། smras pa/ rgyal kun ye shes klong du ro gcig kyang / rgyal bas gang la gang 'dul der ston gyi/ rgyal ba'i dkyil 'khor phyi nang lha tshogs la/ rgyal bstan rigs 'dres gsol 'debs smra ba po/ kun mkhyen lung rig rgya mtsho 'bod pa de'i/ kun snang rig pa'i mdangs las 'khrungs pa yi/ kun gyis gsol 'debs 'di la 'bad gyur na'ang / kun kyang las sgrib myur du 'byung bar nges/ lung dang rtogs pa'i yon tan cha 'phra zhing / 'chad rtsom pa yi mig bu ma ldan kyang / blun pos smyo gtam 'khyal tshig smras 'di la/ 'gal bar gyur na mkhyen spyan ldan la bshags/ 'di la legs tshogs shig snying tsam mchis na/ ma rgan 'gro rnams sgrib gnyis myur byang nas/ don gnyis lhun grub bzhi'i gter la spyod/ bla med rnam mkhyen go 'phang thob par smon//