Catalog entry rKTs-B6374
མཆོག་ལྔའི་རྩ་གསུམ་གྱི་ཕྱག་བཞེས་དྲི་མེད་ཤེལ་གྱི་སྐས་གདང
mchog lnga'i rtsa gsum gyi phyag bzhes dri med shel gyi skas gdang




Bkt180.2

མཆོག་ལྔའི་རྩ་གསུམ་གྱི་ཕྱག་བཞེས་དྲི་མེད་ཤེལ་གྱི་སྐས་གདང
mchog lnga'i rtsa gsum gyi phyag bzhes dri med shel gyi skas gdang


Location
set MW30498: volume rtsa gsum mchog lnga - folios 1a1-20b1

Colophon
ཅེས་མཆོག་ལྔའི་རྩ་གསུམ་སྒྲུབ་པའི་ཕྱག་བཞེས་འདི་ནི། ཁྲི་ཆེན་རིན་པོ་ཆེ་མཆོག་ནས་གཏེར་དཔེ་ཟབ་མོ་འདི་དང་ལྷ་རེག་རིན་འཁོར་གྱི་རྟེན་བཅས་ཆ་ལག་འབྲི་དགོས་ཀྱི་བཀའ་མངག་བཅས་ཏེ། སྟག་བཙུན་རད་ན་ཝེར་ཞི་ཆེད་གཉེར་མངག་ཕེབས་བྱུང་བ་དང་། ཕྲན་བླ་བྲང་གི་འཆར་ཅན་རྣམས་སྒྲབ་པའི་གཡང་བསྐོར་དང་སེར་བམ་གདོང་འཛོལ་བྱུང་བས། མངོན་སུམ་ཚད་མའི་རྟགས་རྟེན་ཤིན་ཏུ་དགེ་བས་ཡིད་དྲངས་ཏེ། དད་དང་མོས་པའི་སྒོ་ནས་བྲི་འདུན་བགྱིས་རུང་། མཆོག་དམན་དུ་མས་བཀའ་མངག་རེ་དོན་སྣ་ཚོགས་ཀྱིས་བྲེལ་བས་ཕྱིར་འགྱང་སོང་བར། ཞང་པོ་ཉི་མ་རིན་པོ་ཆེ་ནས། རྩ་གསུམ་ཕྱག་བཞེས་སུ་རྒྱན་མཆོད་ཁ་བསྐང་ཕྱག་མཆོད་བཅས་ཚུད་པ་ཞིག་འཕྲལ་གྲུབ་དགོས་བཀའ་ནན་ཕེབ་པ་དང་། དེ་མཚུངས་དབུས་ཕུག་བླ་མ་རྐྱང་འཕགས་བླ་མ་རྒྱལ་བ་བློ་གྲོས་ནས་ཀྱང་གསུང་བསྐུལ་ཕེབ་པར་རྟེན་ནས། དེང་སྐབས་བྱེད་སྒོ་དུ་མས་གཡེང་བས། བློ་བག་ཕེབས་པའི་དལ་ཁམས་མ་མཆིས་རུང་། ནང་ནུབ་སྒྲོན་མེའི་ངོས་ཚུལ་རྣམ་བྲེལ་གྱི་བར་བསེངས་སུ་སྨོན་རྒྱལ་སེམས་མིང་པ། གཞན་ཕན་གཡུང་དྲུང་འབྱུང་གནས་སུ་འབོད་པས། ཆུ་སྦྲུལ་དབོ་ཟླའི་དགའ་བ་གསུམ་པའི་དྲལ་ཚེས་ཕྱི་མ་རྒྱལ་ཕུར་འཛོམས་པའི་སྐབས་སུ་མཐར་སོན་བགྱིས་པ་དགེའོ། བཀྲ་ཤིས་མཐར་རྒྱས་བསྟན་འདི་ཡོངས་ཁྱབ་ཤོག།
ces mchog lnga'i rtsa gsum sgrub pa'i phyag bzhes 'di ni/ khri chen rin po che mchog nas gter dpe zab mo 'di dang lha reg rin 'khor gyi rten bcas cha lag 'bri dgos kyi bka' mngag bcas te/ stag btsun rad na wer zhi ched gnyer mngag phebs byung ba dang / phran bla brang gi 'char can rnams sgrab pa'i g.yang bskor dang ser bam gdong 'dzol byung bas/ mngon sum tshad ma'i rtags rten shin tu dge bas yid drangs te/ dad dang mos pa'i sgo nas bri 'dun bgyis rung / mchog dman du mas bka' mngag re don sna tshogs kyis brel bas phyir 'gyang song bar/ zhang po nyi ma rin po che nas/ rtsa gsum phyag bzhes su rgyan mchod kha bskang phyag mchod bcas tshud pa zhig 'phral grub dgos bka' nan pheb pa dang / de mtshungs dbus phug bla ma rkyang 'phags bla ma rgyal ba blo gros nas kyang gsung bskul pheb par rten nas/ deng skabs byed sgo du mas g.yeng bas/ blo bag phebs pa'i dal khams ma mchis rung / nang nub sgron me'i ngos tshul rnam brel gyi bar bsengs su smon rgyal sems ming pa/ gzhan phan g.yung drung 'byung gnas su 'bod pas/ chu sbrul dbo zla'i dga' ba gsum pa'i dral tshes phyi ma rgyal phur 'dzoms pa'i skabs su mthar son bgyis pa dge'o/ bkra shis mthar rgyas bstan 'di yongs khyab shog/


Additional miscellaneous Collections

Mongolian Canon


source rKTs &