set MW30498: volume sher phyin smad cha - folios 1a1-47b6
Colophon ཞེས་ཤེས་རབ་ཀྱི་བླ་ན་མེད་པ་ཕྱིན་པ་མངོན་རྟོགས་ལམ་གྱི་རིམ་པ་འགྲེལ་བ་དང་བཅས་ཀྱི་མཐའ་དཔྱོད་དབྱར་གྱི་རྔ་སྒྲ་བློ་པོ་མཆོག་ནས་གཤེན་བསྟན་གཡུང་དྲུང་རབ་བརྟན་གླིང་འདིར་ཐ་སྙད་རིགས་པའི་བཤད་སྒྲབ་གསར་འཛུག་བགྱིས་ན་རྒྱལ་གསལ་མདོངས་མཐའ་དགའ་བའི་དགྱེས་གླུ་ཞེས་བྱ་བ་འདི་ནི། ཁྱབ་བདག་བླ་མ་རྒྱལ་སྲས་ཚེ་དབང་འགྱུར་མེད་དཔལ་བཟང་བསྟན་འཕེལ་རྒྱས་འབྱུང་བའི་རྟེན་འབྲེལ་གྱི་གནད་ཤིན་ཏུ་ཆེ་ཞེས་པའི་བརྩེ་ཆབ་དང་ལྷན་ཅིག་གུས་ལྡན་ལའང་ཞབས་བརྟན་བདེན་ཚིག་གནང་སྐྱེས་ཀྱིས་བརྒྱན་པ་བཅས་སྤྱི་བོར་ཕབ་བཞིན་ཆུ་སྤྲེལ་ལོར་དཔོན་སློབ་ཤེས་རབ་གྲགས་པའི་མདུན་ནས་མཚན་ཉིད་སྒྲིགས་ལམ་དང་འབྲེལ་བའི་ཐུན་མོང་བསྡད་གྲཝའི་རིགས་ལམ་ཆུང་བའི་རྣམ་བཞག་ཕྱོགས་ཙམ་གསར་འཛུག་ཟིན་ནས། རྗེས་སུ་གཞུང་ཆེན་ཁག་ལ་རྩོད་སྦྱང་སྐབས་ཕར་ཕྱིན་འདི་ཉིད་དོན་ཞིབ་ཆ་ཆེ་ཞིང་གོ་དཀའ་བ་ཐོས་བསམ་གསར་བུ་རྣམས་ཀྱིས་བློར་མི་ཆུད་པར་བརྟེན་འདི་དག་ལ་མཐའ་དཔྱོད་གསལ་ཆ་ཆེ་བ་ཞིག་ཀུན་གྱིས་སྨྲོས་སྐབས་གཡུང་དྲུང་གླིང་གི་ཡོངས་འཛིན་བཟང་རྒྱལ་མདུན་སར་དེ་ལྟ་ཞེས་གནང་འོས་ཡི་གེ་རིམ་གཉིས་ཙམ་ཕུལ་ཀྱང་ཕྱག་འཕྲོད་མ་ཟིན་པའམ་གང་ལྟར་ནའང་ལུས་སོང་ཚེ། རྗེས་སུ་སྡེ་དགེ་ནས་པར་སྐོས་དབུ་མཛད་བློ་གྲོས་དང་མཁས་གྲུབ་རྣམས་གཉིས་འདི་གར་འབྱོར་བ་དང་དུས་ཐུག་སྟེ། དཔལ་ལྡན་བླ་མ་དམ་པ་ཉི་མ་འབུམ་གསལ་དང་གྲུབ་ཆེན་སྨོན་ལམ་རྒྱལ་མཚན་ཟུང་གི་ཞལ་སྔ་ནས་ཤེར་ཕྱིན་གྱི་བཀའ་དང་བྱང་ཆུབ་ལམ་རིམ་ཆེ་ཆུང་དང་རྩ་བ་རྒྱན་གྱི་ཁྲིད་ལུང་ཙམ་ཐོས་ཤིང་། གདན་ས་ཆེན་པོ་རབ་ལེགས་གཡུང་དྲུང་གླིང་གི་རྩོད་གྲལ་དུ་ཡོངས་འཛིན་ཚ་རོང་བ་ཤེས་རབ་ཡེ་ཤེས་བསྟན་འཛིན་ལ་བསྟེན་ནས་རིག་ལམ་འདི་ཡི་དོན་ཕྱོགས་ཙམ་ཐོས་པ་ལས་གཏན་ཚིག་རིག་པ་སྤྱི་དང་ཁྱད་པར་ཕར་ཕྱིན་མདོ་རྒྱན་གྱི་གཞུང་བཤད་ཕྲ་ཞིབ་དཔྱིས་ཕྱིན་པ་ཞིག་མེད་ན་ཡང་ཡོངས་འཛིན་ལས་ཐོག་པ་གཡུང་དྲུང་བློ་ལྡན་དང་མཛོད་འཛིན་དག་པ་ཚུལ་ཁྲིམས་ཟུང་ནས་རབ་དཀར་ལྷ་གོས་སྲིད་ན་རིང་བ་དང་བཅས་གྲཝ་ཚང་འཆད་ཉན་གྱི་གཞི་མ་ཡིག་ཆ་ལ་རགས་ལས་ཀྱང་གསར་བུ་འཁྱེར་དམན་རྣམས་ཀྱིས་དཔེ་རྒྱུན་ཐོབ་དཀའ་བ་དེ་དག་གི་དབུལ་ངོ་བཟློག་ཕྱིར་གུས་ཟུང་ནས་འཁུར་ལེན་གྱིས་འབྱོར་ལྡན་ཁག་ནས་མཐུན་རྐྱེན་གྱི་དངོས་པོ་རེ་ཞུས་ཐོག་པར་དུ་བསྐྲུན་པའི་ཞབས་ཞུས་བསྒྲུབ་འོས་བཞིན་དེ་དོན་ད་ལམ་འདི་ལྟར་འཕྲལ་དུ་འབྲི་དགོས་ཞེས་ནན་ཆེར་བསྐུལ་བའི་ངོ་མ་ལྡོག་ཙམ་དང་། རང་ལས་དམན་པའི་ཐོས་བསམ་གསར་བུ་རྣམས་ལ་ཡང་ཅུང་ཟད་རེ་ཕན་པ་བྱུང་ན་བསོད་ནམས་ཆེ་བར་འབྱུང་སྙམ་པས་ཀུན་ནས་བསླང་སྟེ་སྐབས་དང་པོ་ཡན་གྱི་པར་གཞི་ཟིན་བྲིས་གྲུབ་མཚམས་རང་གི་ནུ་བོར་གྱུར་པའི་གཏེར་སྟོན་སྤྲུལ་སྐུ་ཡེ་ཤེས་གཡུང་དྲུང་དང་། སྨོན་རྒྱལ་རིག་འཛིན་ནམ་མཁའ་གྲགས་པ་ཟུང་ནས་དངོས་པོ་གྱ་ནོམ་པ་དང་བཅས་འདིའི་མཐའ་དཔྱོད་ཆ་ཚང་མཐར་ཐོན་བགྱི་དགོས་པའི་བཀའ་ནན་ཕེབས་པ་དང་། ལྷག་པར་དགོན་གྱི་ལས་ཁུར་བྱེད་པོ་དར་རྒན་རིན་ཆེན་སྙིང་པོ་ནས་ལྷ་རྫས་དྲི་མེད་དང་སྐབས་གཉིས་པ་ཕྱིན་ཆད་གྲཝ་ཚང་ནས་འབྱོར་བ་ཆེ་ཆུང་དང་འབྲེལ་བའི་དངོས་འབུལ་གྱིས་པར་དུ་བསྐྲུན་པའི་ཞབས་འདེབས་བཅས་ཡང་ནན་བསྐུལ་ངོར་སྤ་རིགས་སུ་སྐྱེས་པའི་གཤེན་གྱི་དྲང་སྲོང་གཡུང་དྲུང་གཡུང་དྲུང་བསྟན་པ་འབྲུག་གྲགས་བསོད་ནམས་དཔལ་བཟང་པོའམ། བརྡ་སྤྲོད་ཀུན་བཤད་པའི་མིང་འཇིག་མེད་སྨྲ་བའི་སེང་གེ་དབྱངས་ཅན་དགྱེས་པའི་ཟླ་བ་ལེགས་བཤད་བདུད་རྩིའི་འོད་སྣང་དུ་འབོད་པས་བདག་ཅག་གི་སྟོན་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་འཛམ་བུ་གླིང་དུ་སྐུ་སྐྱེ་བ་བཞེས་པའི་ཚུལ་བསྟན་པ་ནས་བགྲང་བྱ་ཆིག་ཁྲི་བདུན་སྟོང་དགུ་བརྒྱ་དང་ལྔ་བཅུ་ང་དྲུག་འདས་པའི་རྣམ་གནོན་ཞེས་པ་ལྕགས་ཕོ་འབྲུག་གི་ལོ། རྒྱལ་ཟླ་བའི་དཀར་ཕྱོགས་རྒྱལ་བ་གཉིས་པར་རེས་གཟའ་བཀྲ་ཤིས་ཀྱིས་རྒྱུ་སྐར་རྟ་ལྡན་མར་བརྩེ་བའི་འཆི་མེད་གྲུབ་པའི་སྦྱོར་བའི་ཉི་ཤར་ཏསྐལ་བུམ་པའི་དུས་སྦྱོར་སྙན་ངག་མཁན་གྱི་ཐུན་མཚམས་སུ་རྫོགས་པར་བགྱིས་པ་འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། zhes shes rab kyi bla na med pa phyin pa mngon rtogs lam gyi rim pa 'grel ba dang bcas kyi mtha' dpyod dbyar gyi rnga sgra blo po mchog nas gshen bstan g.yung drung rab brtan gling 'dir tha snyad rigs pa'i bshad sgrab gsar 'dzug bgyis na rgyal gsal mdongs mtha' dga' ba'i dgyes glu zhes bya ba 'di ni/ khyab bdag bla ma rgyal sras tshe dbang 'gyur med dpal bzang bstan 'phel rgyas 'byung ba'i rten 'brel gyi gnad shin tu che zhes pa'i brtse chab dang lhan cig gus ldan la'ang zhabs brtan bden tshig gnang skyes kyis brgyan pa bcas spyi bor phab bzhin chu sprel lor dpon slob shes rab grags pa'i mdun nas mtshan nyid sgrigs lam dang 'brel ba'i thun mong bsdad grwa'i rigs lam chung ba'i rnam bzhag phyogs tsam gsar 'dzug zin nas/ rjes su gzhung chen khag la rtsod sbyang skabs phar phyin 'di nyid don zhib cha che zhing go dka' ba thos bsam gsar bu rnams kyis blor mi chud par brten 'di dag la mtha' dpyod gsal cha che ba zhig kun gyis smros skabs g.yung drung gling gi yongs 'dzin bzang rgyal mdun sar de lta zhes gnang 'os yi ge rim gnyis tsam phul kyang phyag 'phrod ma zin pa'am gang ltar na'ang lus song tshe/ rjes su sde dge nas par skos dbu mdzad blo gros dang mkhas grub rnams gnyis 'di gar 'byor ba dang dus thug ste/ dpal ldan bla ma dam pa nyi ma 'bum gsal dang grub chen smon lam rgyal mtshan zung gi zhal snga nas sher phyin gyi bka' dang byang chub lam rim che chung dang rtsa ba rgyan gyi khrid lung tsam thos shing / gdan sa chen po rab legs g.yung drung gling gi rtsod gral du yongs 'dzin tsha rong ba shes rab ye shes bstan 'dzin la bsten nas rig lam 'di yi don phyogs tsam thos pa las gtan tshig rig pa spyi dang khyad par phar phyin mdo rgyan gyi gzhung bshad phra zhib dpyis phyin pa zhig med na yang yongs 'dzin las thog pa g.yung drung blo ldan dang mdzod 'dzin dag pa tshul khrims zung nas rab dkar lha gos srid na ring ba dang bcas grwa tshang 'chad nyan gyi gzhi ma yig cha la rags las kyang gsar bu 'khyer dman rnams kyis dpe rgyun thob dka' ba de dag gi dbul ngo bzlog phyir gus zung nas 'khur len gyis 'byor ldan khag nas mthun rkyen gyi dngos po re zhus thog par du bskrun pa'i zhabs zhus bsgrub 'os bzhin de don da lam 'di ltar 'phral du 'bri dgos zhes nan cher bskul ba'i ngo ma ldog tsam dang / rang las dman pa'i thos bsam gsar bu rnams la yang cung zad re phan pa byung na bsod nams che bar 'byung snyam pas kun nas bslang ste skabs dang po yan gyi par gzhi zin bris grub mtshams rang gi nu bor gyur pa'i gter ston sprul sku ye shes g.yung drung dang / smon rgyal rig 'dzin nam mkha' grags pa zung nas dngos po gya nom pa dang bcas 'di'i mtha' dpyod cha tshang mthar thon bgyi dgos pa'i bka' nan phebs pa dang / lhag par dgon gyi las khur byed po dar rgan rin chen snying po nas lha rdzas dri med dang skabs gnyis pa phyin chad grwa tshang nas 'byor ba che chung dang 'brel ba'i dngos 'bul gyis par du bskrun pa'i zhabs 'debs bcas yang nan bskul ngor spa rigs su skyes pa'i gshen gyi drang srong g.yung drung g.yung drung bstan pa 'brug grags bsod nams dpal bzang po'am/ brda sprod kun bshad pa'i ming 'jig med smra ba'i seng ge dbyangs can dgyes pa'i zla ba legs bshad bdud rtsi'i 'od snang du 'bod pas bdag cag gi ston pa rgyal ba gshen rab mi bo kun las rnam par rgyal ba de nyid 'dzam bu gling du sku skye ba bzhes pa'i tshul bstan pa nas bgrang bya chig khri bdun stong dgu brgya dang lnga bcu nga drug 'das pa'i rnam gnon zhes pa lcags pho 'brug gi lo/ rgyal zla ba'i dkar phyogs rgyal ba gnyis par res gza' bkra shis kyis rgyu skar rta ldan mar brtse ba'i 'chi med grub pa'i sbyor ba'i nyi shar taskal bum pa'i dus sbyor snyan ngag mkhan gyi thun mtshams su rdzogs par bgyis pa 'dis kyang rgyal ba'i bstan pa rin po che dar zhing rgyas la yun ring du gnas par gyur cig/