Catalog entry rKTs-B6365
ཤེས་ཕྱིན་རྒྱན་འགྲེལ་དང་བཅས་ཀྱི་སྐབས་དང་པོའི་སྨད་ཆ་སྲིད་ཁམས་ཀྱི་མཐའ་དཔྱོད་དབྱར་གྱི་རྔ་སྒྲ་བློ་གསར་མདོངས་མཐའ་དགའ་བའི་དགྱེས་གླུ
shes phyin rgyan 'grel dang bcas kyi skabs dang po'i smad cha srid khams kyi mtha' dpyod dbyar gyi rnga sgra blo gsar mdongs mtha' dga' ba'i dgyes glu




Bkt178.2

ཤེས་ཕྱིན་རྒྱན་འགྲེལ་དང་བཅས་ཀྱི་སྐབས་དང་པོའི་སྨད་ཆ་སྲིད་ཁམས་ཀྱི་མཐའ་དཔྱོད་དབྱར་གྱི་རྔ་སྒྲ་བློ་གསར་མདོངས་མཐའ་དགའ་བའི་དགྱེས་གླུ
shes phyin rgyan 'grel dang bcas kyi skabs dang po'i smad cha srid khams kyi mtha' dpyod dbyar gyi rnga sgra blo gsar mdongs mtha' dga' ba'i dgyes glu


Location
set MW30498: volume sher phyin stod cha - folios 1a1-244b5

Colophon
སྨྲས་པ། བསྐལ་བཟང་དགེ་བའི་འབྱུང་གནས་གསེར་རིའི་ཡོངས་སུ་བསྐོར་དབུས་ན། སྙིང་སྟོབས་ཕུལ་བྱུང་པད་དཀར་ལྟར་བསྔགས་དམུ་སྲས་རི་དབང་གི་གསུང་གི་ཕྲིན་ལས་རྩིབ་སྟོང་འཁོར་ཡུག་གསུམ་ལས་ལེགས་འོངས་པའི། ཟབ་རྒྱས་བརྒྱད་ཁྲིའི་བོན་ཕུང་ཉི་མའི་མཛོད་ཆེན་ཀུན་དུ་བརྡལ།། དེ་ལས་སྦས་དོན་ཤེར་ཕྱིན་ཟབ་མོ་ཆུ་ཀླུང་འབུམ། རྣམ་དཔྱོད་ཧུབ་གཅིག་གིས་ཐུང་དཔལ་ཆེན་བྱ་ཧ་ནུའི། ཞལ་ལས་འཁྲུངས་པའི་ཉིང་ཁུ་མངོན་རྟོགས་ལམ་རིམ་གྱི། ལེགས་བཤད་རྨད་འབྱུང་བུ་མོ་དགའ་སྟོན་མགྲོན་དུ་མཚར།། རྒྱལ་ཡུམ་དགོངས་དོན་ལྷ་ཡི་རྫིང་རིང་པོར། དཔྱོད་ལྡན་མཁའ་ལ་འཁོར་བས་གཞལ་དཀའ་ན། ཐོས་བསམ་ཤེད་མ་བྱེ་བའི་འདབ་གཡོ་བ། རྭ་ཡིག་གཉིས་པ་བདག་འདྲས་ག་ལ་འོས།། འོན་ཀྱང་སུམ་ལྡན་བླ་མ་གར་དབང་པས། བྱང་ཁམས་བཤད་སྒྲུབ་དབེན་པའི་ས་ཕྱོགས་སུ། གཏན་ཚིགས་རིག་པའི་ས་བོན་གསར་བསྐྲུན་ན། ཕན་བདེའི་གཡུར་དུ་སྨིན་ཞེས་སྤྱིར་སོན་བཞིན།། གཡུང་དྲུང་རབ་བརྟན་ཐོས་བསམ་འདུས་སྡེ་ཡི། ཞིང་སར་ཐ་སྙད་བཤད་པའི་སོན་བཏབ་ཀྱང*། བློ་རྨོངས་གཞུང་དོན་སྙི་ཕོན་སྨིན་དཀའ་ལ། མཐའ་དཔྱོད་གོ་བདེའི་ཆུ་ཡིས་བྲན་དགོས་ཞེས།། རྣམ་ཀུན་བསྟན་འགྲོར་ཕན་བདེའི་ལྷག་བསམ་ཅན། ཡོངས་འཛིན་དྲང་སྲོང་གཡུང་དྲུང་བློ་ལྡན་གཙོས། བློ་གསལ་འགའ་ཡིས་བསྐུལ་མ་ནན་ལྕི་གཤིས། ཚུར་མཐོང་བྱིས་བློ་བདག་གིས་འདི་ཉིད་བྱས།། ཁོ་བོ་མཐོང་མྱོང་མེད་པའི་མཐོང་གཏམ་བཞིན། གཞུང་ལུགས་ཐོས་བསམ་དག་པའི་གཟུ་ལུམ་ལ། དཔྱོད་ལྡན་དབྱིངས་ཁྲེལ་མེད་ངོས་དོགས་སེལ་གྱི། མཆིད་ཚིག་གསོལ་དང་མཆོག་གསུམ་སྤྱན་སྔར་བཤགས།། འོན་ཏེ་དེང་དུས་རྒྱལ་བསྟན་ཉམས་དམའ་སྐབས། ལྷག་བསམ་ཅུང་ཟད་ལ་ཡང་བསོད་ནམས་སྟོབས། ཆེས་ཆེར་འགྱུར་བ་དྲི་མེད་ལུང་བཞིན་དུ། འདིར་འབད་ཀྱིས་མཚོན་དུས་གསུམ་རྣམ་དཀར་མཐུས། རྣམ་འདྲེན་བརྒྱ་བའི་མགོན་པོའི་བསྟན་པ་འདི། སྲིད་པའི་ཁམས་ཀུན་ཆེར་རྒྱས་ཡུན་གནས་ནས། དེ་ཚུལ་འཛིན་པའི་སྐྱེས་ཆེན་ཚོགས་རྣམས་ཀྱང*། སྐུ་ཚེ་ཕྲིན་ལས་གོང་ནས་གོང་འཕེལ་ཤོག། མཐའ་ཡས་མ་རྒན་དབྱིག་འཛིན་སྙིང་དུ་བྱང་ཆུབ་སེམས་ཀྱི་ས་བོན་ཞུགས། གཡུང་དྲུང་སེམས་སྤྱོད་ཟབ་མོའི་རླན་གྱིས་རབ་བསྐྱེད་ཐེག་ཆེན་མོས་སྤྱོད་ཀྱི། ལྗང་བུ་སྨིན་ནས་མཐོང་དང་སྒོམ་པའི་ལམ་གྱི་སྙི་ཕོན་ཆེར་རྒྱས་ཤིང་། སྲིད་ཁམས་དངོས་བསྟན་གཙོ་བོར་གྱུར་བའི་འབྲས་བུ་རྣམ་མཁྱེན་གཡུར་ཟ་ཤོག།། ཞེས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་རྟོགས་ལམ་གྱི་རིམ་པ་འགྲེལ་བ་དང་བཅས་ཀྱི་སྐབས་དང་པོ་སྲིད་ཁམས་ཀྱི་མཐའ་དཔྱོད་དབྱར་གྱི་རྔ་སྒྲ་བློ་གསར་མདོངས་མཐའ་དགའ་བའི་དགྱེས་གླུ་རེ་ཞིག་རྫོགས་སོ།།
smras pa/ bskal bzang dge ba'i 'byung gnas gser ri'i yongs su bskor dbus na/ snying stobs phul byung pad dkar ltar bsngags dmu sras ri dbang gi gsung gi phrin las rtsib stong 'khor yug gsum las legs 'ongs pa'i/ zab rgyas brgyad khri'i bon phung nyi ma'i mdzod chen kun du brdal// de las sbas don sher phyin zab mo chu klung 'bum/ rnam dpyod hub gcig gis thung dpal chen bya ha nu'i/ zhal las 'khrungs pa'i nying khu mngon rtogs lam rim gyi/ legs bshad rmad 'byung bu mo dga' ston mgron du mtshar// rgyal yum dgongs don lha yi rdzing ring por/ dpyod ldan mkha' la 'khor bas gzhal dka' na/ thos bsam shed ma bye ba'i 'dab g.yo ba/ rwa yig gnyis pa bdag 'dras ga la 'os// 'on kyang sum ldan bla ma gar dbang pas/ byang khams bshad sgrub dben pa'i sa phyogs su/ gtan tshigs rig pa'i sa bon gsar bskrun na/ phan bde'i g.yur du smin zhes spyir son bzhin// g.yung drung rab brtan thos bsam 'dus sde yi/ zhing sar tha snyad bshad pa'i son btab kyang*/ blo rmongs gzhung don snyi phon smin dka' la/ mtha' dpyod go bde'i chu yis bran dgos zhes// rnam kun bstan 'gror phan bde'i lhag bsam can/ yongs 'dzin drang srong g.yung drung blo ldan gtsos/ blo gsal 'ga' yis bskul ma nan lci gshis/ tshur mthong byis blo bdag gis 'di nyid byas// kho bo mthong myong med pa'i mthong gtam bzhin/ gzhung lugs thos bsam dag pa'i gzu lum la/ dpyod ldan dbyings khrel med ngos dogs sel gyi/ mchid tshig gsol dang mchog gsum spyan sngar bshags// 'on te deng dus rgyal bstan nyams dma' skabs/ lhag bsam cung zad la yang bsod nams stobs/ ches cher 'gyur ba dri med lung bzhin du/ 'dir 'bad kyis mtshon dus gsum rnam dkar mthus/ rnam 'dren brgya ba'i mgon po'i bstan pa 'di/ srid pa'i khams kun cher rgyas yun gnas nas/ de tshul 'dzin pa'i skyes chen tshogs rnams kyang*/ sku tshe phrin las gong nas gong 'phel shog/ mtha' yas ma rgan dbyig 'dzin snying du byang chub sems kyi sa bon zhugs/ g.yung drung sems spyod zab mo'i rlan gyis rab bskyed theg chen mos spyod kyi/ ljang bu smin nas mthong dang sgom pa'i lam gyi snyi phon cher rgyas shing / srid khams dngos bstan gtso bor gyur ba'i 'bras bu rnam mkhyen g.yur za shog// zhes shes rab kyi pha rol du phyin pa mngon rtogs lam gyi rim pa 'grel ba dang bcas kyi skabs dang po srid khams kyi mtha' dpyod dbyar gyi rnga sgra blo gsar mdongs mtha' dga' ba'i dgyes glu re zhig rdzogs so//


Additional miscellaneous Collections

Mongolian Canon


source rKTs &