Catalog entry rKTs-B6364
ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་རྟོགས་པ་ལམ་གྱི་རིམ་པ་འགྲེལ་བ་དང་བཅས་ཀྱི་མཐའ་དཔྱོད་དབྱར་གྱི་རྔ་སྒྲ་བློ་གསར་མདོངས་མཐའ་དགའ་བའི་དགྱེས་གླུ
shes rab kyi pha rol du phyin pa mngon par rtogs pa lam gyi rim pa 'grel ba dang bcas kyi mtha' dpyod dbyar gyi rnga sgra blo gsar mdongs mtha' dga' ba'i dgyes glu




Bkt178.1

ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་རྟོགས་པ་ལམ་གྱི་རིམ་པ་འགྲེལ་བ་དང་བཅས་ཀྱི་མཐའ་དཔྱོད་དབྱར་གྱི་རྔ་སྒྲ་བློ་གསར་མདོངས་མཐའ་དགའ་བའི་དགྱེས་གླུ
shes rab kyi pha rol du phyin pa mngon par rtogs pa lam gyi rim pa 'grel ba dang bcas kyi mtha' dpyod dbyar gyi rnga sgra blo gsar mdongs mtha' dga' ba'i dgyes glu


Location
set MW30498: volume sher phyin stod cha - folios 1a1-185b6

Colophon
སྨྲས་པ། རྒྱལ་གསུང་བདུད་རྩིའི་སྒོ་མོ་བརྒྱད་ཁྲིའི་ཡང་སྙིང་སྦས་དོན་མངོན་རྟོགས་ཚུལ། བསིལ་ལྗོངས་སྐལ་བཟང་གདུལ་བྱའི་བགོ་སྐལ་སྤེལ་མཛད་མཁས་མཆོག་དཔལ་ཆེན་པོའི། བྱིན་རླབས་མཐུ་ལས་མདོ་འགྲེལ་ཀུན་གྱི་ཚིག་དོན་ཐར་འདོད་རྣམས་ཀྱི་ལམ། རབ་ཏུ་གསལ་བྱེད་མཁན་ཆེན་ཉིན་བྱེད་དབང་པོའི་བཀའ་དྲིན་གཞལ་ནུས་ཅི།། 7་རྣམ་འདྲེན་དམུ་སྲས་བཀའ་ལུང་དྲི་བྲལ་འཆི་མེད་རྒྱུ་བའི་ལམ་ཡངས་པོར། བློ་ཆུང་ར་ཡིག་གཉིས་པའི་འདབ་མས་གཞལ་བར་བྱ་ནུས་ག་ལ་ཡང་། བཤད་སྒྲབ་ཀེ་ས་ར་འཛུམ་འདུས་གྲཝའི་སྐྱེད་ཚལ་གསར་དུ་བཞེད་པའི་ཚེ། སྤྲོ་བའི་སེམས་པས་གཏན་ཚིགས་དར་དིར་སྒོགས་བཞིན་གཡོ་བ་དངོས་པོའི་གཤིས།། ཤིན་ཏུ་དཔག་དཀའ་རྒྱལ་ཡུམ་ཁམས་བརྒྱད་ཀྱི། དོན་བཟང་སྦས་དོན་བདུད་རྩིའི་ལེགས་བལྟམས་པའི། རྣམ་བཤད་བུམ་བཟང་ལྗོན་པའི་ཁ་རྒྱན་དུ། མཐའ་དཔྱོད་མདོངས་ལྡན་སྒྲོ་ཡི་ཕྲེང་འདི་སྤུད།། གཡུང་དྲུང་བསྟན་ལ་ལྷག་བསམ་དཀར་བའི་ཆ་གང་བ། ཡོངས་འཛིན་བློ་གྲོས་བདུད་རྩིའི་ཟེར་ལྡན་གང་དེ་ཡིས། བོན་སྦྱིན་འཛད་མེད་སྣང་བ་སྤྲོ་བས་ལེགས་བསྐུལ་ཚེ། ཤེར་ཕྱིན་ཐལ་ཕྲེང་ཀུ་མུད་ཚུལ་འདི་བཞད་པར་འོས།། 7་འོན་ཀྱང་རྣམ་དཔྱོད་ཨ་དརྴ་ཡི་ངོས། ཚུལ་མཐོང་དྲི་མས་སྦག་བཞིན་ཐ་སྙད་ཀྱི། ཐོས་བསམ་བྱི་དོར་དབེན་པས་གཞུང་ལུགས་ནི། ཚུལ་བཞིན་མ་མཐོང་དེ་དག་བཟོད་པར་གསོལ། 7་འདི་བྱས་བསོད་ནམས་གཤེན་བསྟན་ཆུ་འཛིན་ལང་ལོང་གཡོ་བའི་དབུས། སྒྲ་ཚད་བཤད་སྒྲུབ་དབྱར་གྱི་རྔ་གསང་དལ་གྱིས་བརྡུང་བའི་མཐུས། དགེ་ལེགས་སྤྲིན་གྱི་མེ་ཏོག་འཛམ་གླིང་མཐའ་དབུས་ཀུན་འཐོར་ནས། མཐའ་ཀླས་འགྲོ་རྣམས་རྒྱལ་བའི་ཡུམ་གྱི་འབྲས་བུ་གཡུར་ཟ་ཤོག་ཞེས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་རྟོགས་ལམ་གྱི་རིམ་པའི་མཐའ་དཔྱོད་ཀྱི་བར་སྐབས་ཚིགས་སུ་བཅད་པའོ།།
smras pa/ rgyal gsung bdud rtsi'i sgo mo brgyad khri'i yang snying sbas don mngon rtogs tshul/ bsil ljongs skal bzang gdul bya'i bgo skal spel mdzad mkhas mchog dpal chen po'i/ byin rlabs mthu las mdo 'grel kun gyi tshig don thar 'dod rnams kyi lam/ rab tu gsal byed mkhan chen nyin byed dbang po'i bka' drin gzhal nus ci// 7 rnam 'dren dmu sras bka' lung dri bral 'chi med rgyu ba'i lam yangs por/ blo chung ra yig gnyis pa'i 'dab mas gzhal bar bya nus ga la yang / bshad sgrab ke sa ra 'dzum 'dus grwa'i skyed tshal gsar du bzhed pa'i tshe/ spro ba'i sems pas gtan tshigs dar dir sgogs bzhin g.yo ba dngos po'i gshis// shin tu dpag dka' rgyal yum khams brgyad kyi/ don bzang sbas don bdud rtsi'i legs bltams pa'i/ rnam bshad bum bzang ljon pa'i kha rgyan du/ mtha' dpyod mdongs ldan sgro yi phreng 'di spud// g.yung drung bstan la lhag bsam dkar ba'i cha gang ba/ yongs 'dzin blo gros bdud rtsi'i zer ldan gang de yis/ bon sbyin 'dzad med snang ba spro bas legs bskul tshe/ sher phyin thal phreng ku mud tshul 'di bzhad par 'os// 7 'on kyang rnam dpyod a dar+sha yi ngos/ tshul mthong dri mas sbag bzhin tha snyad kyi/ thos bsam byi dor dben pas gzhung lugs ni/ tshul bzhin ma mthong de dag bzod par gsol/ 7 'di byas bsod nams gshen bstan chu 'dzin lang long g.yo ba'i dbus/ sgra tshad bshad sgrub dbyar gyi rnga gsang dal gyis brdung ba'i mthus/ dge legs sprin gyi me tog 'dzam gling mtha' dbus kun 'thor nas/ mtha' klas 'gro rnams rgyal ba'i yum gyi 'bras bu g.yur za shog zhes shes rab kyi pha rol du phyin pa mngon rtogs lam gyi rim pa'i mtha' dpyod kyi bar skabs tshigs su bcad pa'o//


Additional miscellaneous Collections

Mongolian Canon


source rKTs &