Catalog entry rKTs-B6238
དབལ་ཕུར་ནག་པོ་གསང་བ་ཐུགས་ཀྱི་བརྣག་པའི་སྒྲུབ་པ
dbal phur nag po gsang ba thugs kyi brnag pa'i sgrub pa




Bkt174.1

དབལ་ཕུར་ནག་པོ་གསང་བ་ཐུགས་ཀྱི་བརྣག་པའི་སྒྲུབ་པ
dbal phur nag po gsang ba thugs kyi brnag pa'i sgrub pa


Location
set MW30498: volume dbal stag phur pa - folios 1a1-219a5

Colophon
ཞེས་པའི་དབལ་ཕུར་ནག་པོའི་བོན། རྒྱུད་ལུང་མན་ངག་དང་བཅས་པའི་སྒྲུབ་ཐབས་འདི་ཉིད། འོག་མིན་གྱི་གནས་ནས། དབྱིངས་ཀྱི་སྟོན་པ་མཁའ་འགྱིང་ཁའི་ཐུགས་བཅུད། ཡུམ་ཆེན་ཐུགས་རྗེ་བྱམས་མ་ནས། སྤྲུལ་པའི་སྐུ་སྟོན་པ་གཤེན་རབས་མི་བོ་ལ་བརྒྱུད་དེ་། སྟོན་པའི་ཐུགས་ཀྱི་ཀློང་ནས་ཡིད་ཀྱི་ཆོ་འཕྲུལ་དུ་གདུལ་དཀའ་འདུལ་བྱེ+ེད་སྤྲུལ་པའི་དབལ་བོན་སྟག་ལ་མེ་འབར་དུ་སྐུ་སྤྲུལ་ནས། འགྲོ་བ་ལོག་པར་རྟོག་པ་རྣམས་འདུལ་བའི་དོན་དུ། སྲིད་པའི་དབལ་རི་ཟུར་གསུམ་ཟླ་གམ་གཏིང་རིང་བྲག་ཕུག་ཏུ། སྒྲུབ་ཐབས་རྒྱལ་པོ་དབལ་གྱི་ཕུར་ནག་བསྒྲབས་ཤིང་། ཤིན་ཏུ་གདུལ་དཀའ་བའི་སེམས་ཅན་བདུད་དང་སྲིན་པོ་བགེགས་ལ་སོགས། ཕྱིན་ཅི་ལོག་ཏུ་གོལ་བ་རྣམས། དགོངས་སྤྱོད་ཁྱད་པར་ཅན་གྱིས་བཏུལ་ཞིང་བསྒྲལ་ཏེ། ཡང་དག་པའི་ས་ལ་འགོད་པར་མཛད། དེ་ལྟར་བདག་གཞན་ལས་དང་ཉོན་མོངས་སྒྲོལ་བའི་ཕྲིན་ལས་ཟབ་མོ་འདི་ཡི། ལུང་དང་མན་ངག་མ་ནུབ་པར། ཕྱི་རབས་བསྟན་པའི་བཙས་སུ་བཞག་སྟེ། དབལ་བོན་ཁ་ཡལ་མེ་འབར་ལ་སོགས་རྒྱུད་འཛིན་དབལ་བོན་བཅོ་བརྒྱད་ལ་རིམ་བཞིན་བརྒྱུད་ནས་བསྒྲུབས་ཏེ་གྲུབ་པའི་རྟགས་བསྟན་ནས་བསྟན་དང་འགྲོ་བའི་དོན་མཛད་དོ། མཁས་པ་དེ་རྣམས་ཀྱི་ཡང་བཅུད་ཐུགས་ཀྱི་བརྣག་པ། བོད་ཡུལ་གྱིས་(གྱི)་དབུས་སུ་མཁས་ཤིང་རིག་པ་ཆེ་བ་བླ་ཆེན་དྲན་པ་ནམ་མཁའ་ལ་བརྒྱུད་དོ། བར་དེར་དུས་དང་སེམས་ཅན་གྱིས་ལས་འཕྲོ་ཞན་པས། བོད་ཡུལ་རུ་བཞི་དབུས་ཀྱི་ས་སྐོར་དུ། བོན་གྱི་བསྟན་པ་འཕེལ་གྲིབ་གྱུར་པའི་སྐབས་སུ། བླ་ཆེན་དྲན་པའི་ཐུགས་ཀྱི་བརྣག་པ་དབལ་གྱི་ཕུར་པ་ནག་པོ་འདི་ལ། བཀའ་གཏེར་གཉིས་དང*། སྡེ་སྣོད་དོན་གསུམ་ལ་སོགས་པ་ཕྱེས་ནས། གཏེར་ནི་བླ་ཡི་ཕོ་བྲང་བསེ་སྒོ་ཅན་དང། ཕོ་བྲང་དབུས་ཀྱི་ཡང་རྩེ་དང་། འགྲན་བཟང་གི་གཙུག་ལག་ཁང་རྣམས་སུ་སྦས། བཀའ་ནི་བླ་ཆེན་དྲན་པའི་ཐུགས་ལ་སྦས་པ། དག་པའི་ཞིང་དང་མཁའ་སྤྱོད་ཀྱི་གནས་རྣམས་རིག་འཛིན་མཁའ་འགྲོ་རྣམས་ཀྱིས་མ་ནུབ་པར་སྤྱོད་དོ། ཕྱིས་དུས་སེམས་ཅན་གྱི་ལས་འཕྲོ་བཟང་བ་དང་། གཡུང་དྲུང་བོན་གྱི་བསྟན་པའི་དུས་བབས་ཚེ། བདག་འདྲ་སྙིགས་མའི་སྔགས་འཆང་དབལ་འབར་སྟག་སླག་ཅན། སྔོན་སྦྱངས་ལས་ཀྱི་འཕྲོ་སད་པའི། ས་མོ་ཕག་གི་ལོར། དགུན་ཟླ་འབྲིང་པོའི་ཚེས་བརྒྱད་ལ། དག་སྣང་ཉམས་ཀྱི་སྣང་ཆར། རིགས་ལྔ་མཁའ་འགྲོའི་གྲོགས་མཛད་དེ། ཞང་ཞུང་གིས་(གི)་ཡུལ་གཡུང་དྲུང་གཏམས་པའི་གསང་ཕུག་ཏུ་ཕྱིན་ནས། བླ་ཆེན་དྲན་པ་ལ་སོགས་ཞང་བོད་རིག་འཛིན་མཁའ་འགྲོ་ཡིས། གསང་སྤྱོད་ཚོགས་ཀྱི་འཁོར་ལོ་བསྐོར། ཞི་ཁྲོ་ཕུར་པའི་དབང་ཆེན་བསྐུར། ཁྱད་པར་དབལ་གྱི་ཕུར་ནག་གི་རྒྱུད་ལུང་མན་ངག་བཅས་པ་ཡོངས་སུ་རྫོགས་པར་སྙན་རྒྱུད་ཐོབ་པའོ།། བཀྲ་ཤིས་དགེ་ལེགས་བོན་བསྟན་འཕེལ་རྒྱས་ཤོག།
zhes pa'i dbal phur nag po'i bon/ rgyud lung man ngag dang bcas pa'i sgrub thabs 'di nyid/ 'og min gyi gnas nas/ dbyings kyi ston pa mkha' 'gying kha'i thugs bcud/ yum chen thugs rje byams ma nas/ sprul pa'i sku ston pa gshen rabs mi bo la brgyud de / ston pa'i thugs kyi klong nas yid kyi cho 'phrul du gdul dka' 'dul bye+ed sprul pa'i dbal bon stag la me 'bar du sku sprul nas/ 'gro ba log par rtog pa rnams 'dul ba'i don du/ srid pa'i dbal ri zur gsum zla gam gting ring brag phug tu/ sgrub thabs rgyal po dbal gyi phur nag bsgrabs shing / shin tu gdul dka' ba'i sems can bdud dang srin po bgegs la sogs/ phyin ci log tu gol ba rnams/ dgongs spyod khyad par can gyis btul zhing bsgral te/ yang dag pa'i sa la 'god par mdzad/ de ltar bdag gzhan las dang nyon mongs sgrol ba'i phrin las zab mo 'di yi/ lung dang man ngag ma nub par/ phyi rabs bstan pa'i btsas su bzhag ste/ dbal bon kha yal me 'bar la sogs rgyud 'dzin dbal bon bco brgyad la rim bzhin brgyud nas bsgrubs te grub pa'i rtags bstan nas bstan dang 'gro ba'i don mdzad do/ mkhas pa de rnams kyi yang bcud thugs kyi brnag pa/ bod yul gyis (gyi) dbus su mkhas shing rig pa che ba bla chen dran pa nam mkha' la brgyud do/ bar der dus dang sems can gyis las 'phro zhan pas/ bod yul ru bzhi dbus kyi sa skor du/ bon gyi bstan pa 'phel grib gyur pa'i skabs su/ bla chen dran pa'i thugs kyi brnag pa dbal gyi phur pa nag po 'di la/ bka' gter gnyis dang*/ sde snod don gsum la sogs pa phyes nas/ gter ni bla yi pho brang bse sgo can dang/ pho brang dbus kyi yang rtse dang / 'gran bzang gi gtsug lag khang rnams su sbas/ bka' ni bla chen dran pa'i thugs la sbas pa/ dag pa'i zhing dang mkha' spyod kyi gnas rnams rig 'dzin mkha' 'gro rnams kyis ma nub par spyod do/ phyis dus sems can gyi las 'phro bzang ba dang / g.yung drung bon gyi bstan pa'i dus babs tshe/ bdag 'dra snyigs ma'i sngags 'chang dbal 'bar stag slag can/ sngon sbyangs las kyi 'phro sad pa'i/ sa mo phag gi lor/ dgun zla 'bring po'i tshes brgyad la/ dag snang nyams kyi snang char/ rigs lnga mkha' 'gro'i grogs mdzad de/ zhang zhung gis (gi) yul g.yung drung gtams pa'i gsang phug tu phyin nas/ bla chen dran pa la sogs zhang bod rig 'dzin mkha' 'gro yis/ gsang spyod tshogs kyi 'khor lo bskor/ zhi khro phur pa'i dbang chen bskur/ khyad par dbal gyi phur nag gi rgyud lung man ngag bcas pa yongs su rdzogs par snyan rgyud thob pa'o// bkra shis dge legs bon bstan 'phel rgyas shog/


Additional miscellaneous Collections

Mongolian Canon


source rKTs &