གསས་མཁར་རིན་པོ་ཆེ་སྤྱི་སྤུངས་དབལ་གསང་བ་འདུས་པ་དོན་གྱི་རྒྱུད gsas mkhar rin po che spyi spungs dbal gsang ba 'dus pa don gyi rgyud
གསས་མཁར་རིན་པོ་ཆེ་སྤྱི་སྤུངས་དབལ་གསང་བ་འདུས་པ་དོན་གྱི་རྒྱུད gsas mkhar rin po che spyi spungs dbal gsang ba 'dus pa don gyi rgyud Bkt
Bkt172.1
གསས་མཁར་རིན་པོ་ཆེ་སྤྱི་སྤུངས་དབལ་གསང་བ་འདུས་པ་དོན་གྱི་རྒྱུད gsas mkhar rin po che spyi spungs dbal gsang ba 'dus pa don gyi rgyud
Location
set MW30498: volume dbal gsas don rgyud - folios 1a1-216a5
Colophon དེ་ལྟར་གསས་མཁར་རིན་པོ་ཆེ་སྤྱི་སྤུངས། དབལ་གསང་བ་འདུས་པ་དོན་གྱི་རྒྱུད། ལེའུ་སུམ་ཅུ་རྩ་གསུམ་འདི་ནི། ལྷ་ཀླུ་མི་གསུམ་གྱི་གཤེན་གསུམ་ལ། གཤེན་ནམ་མཁའི་སྣང་བའི་མདོག་ཅན་གྱིས། བསྒྲགས་པ་གསུམ་གྱི་མདོར་བསྡུས་ནས་ཞུས། དེས་ལྷོ་ཡི་གཤེན་གསུམ་ལ་རིམ་པར་བརྒྱུད་ཏེ། རྒྱལ་བོན་མུ་ཁྲི་བཙན་པོ་ལ་བརྒྱུད། དེས་མོན་བོན་ཧ་ར་ཅི་པར་ལ་བརྒྱུད། དེས་བོན་མོ་སྟག་ཟ་ལི་ཝེར་ལ་བརྒྱུད། དེས་ཞང་ཞུང་གི་གཤེན་གསུམ་ལ་བརྒྱུད་དེ། ཨ་ནུ་འཕྲག་ཐག་ལ་བརྒྱུད། དེས་སད་ནེ་གའུ་ལ་བརྒྱུད། དེས་ཏ་མི་ཐད་ཀེ་ལ་བརྒྱུད། དེས་རྒྱ་བོད་སྒོམ་གཤེན་གསུམ་ལ་བརྒྱུད། ཟིང་པ་མཐུ་ཆེན་ལ་བརྒྱུད། དེས་སྤེ་བོན་ཐོག་འཕྲུལ་ལ་བརྒྱུད། དེས་སྤེ་བོན་ཐོག་རྩེ་ལ་བརྒྱུད། དེས་ཕྲོམ་བོད་ཞང་ཞུང་གཤེན་གསུམ་ལ་བརྒྱུད། ཤད་བུ་ར་ཁུག་ལ་བརྒྱུད། དེས་སྟོང་རྒྱུང་མཐུ་ཆེན་ལ་བརྒྱུད། དེས་ཤ་རི་དབུ་ཆེན་ལ་བརྒྱུད། དེས་ངམ་པ་ལྕེ་རིམ་ལ་བརྒྱུད། དེས་ཅེ་ཙ་(ལྕེ་ཚ)་མཁར་བུ་ལ་བརྒྱུད། དེས་གྱིམ་ཚ་རྨ་ཆུང་ལ་བརྒྱུད། དེས་སེ་ལྡེ་མི་(མེ)་ཉག་གཤེན་གསུམ་ལ་བརྒྱུད་དེ། དེས་ཤ་རི་དབུ་ཆེན་ལ་བརྒྱུད། དེས་གྱེར་སྤུང་དྲན་པ་ནམ་མཁའ་ལ་བརྒྱུད། དེས་རྗེས་འཇུག་གི་གཤེན་པོ་བརྒྱད་ལ་བརྒྱུད་ནས། ཕྱི་རབས་ཀྱི་དོན་དུ་བཀའ་གཏེར་གཉིས་སུ་སྤྲོས་ཏེ། གཏེར་ནི་བྱང་ཕྱོགས་གསང་བྲག་རྒྱ་བོ་ལ་སྦེད་དོ(སྦས་སོ)་། བཀའ་ནི་རྗེས་འཇུག་གཤེན་བརྒྱད་ཀྱིས་གནང་ནས། སྟང་ཆེན་དམུ་ཚ་གྱེར་མེད་ཀྱིས། སྤྲུལ་སྐུ་ལས་ལྡན་གྱི་གཤེན་བློ་ལྡན་སྙིང་པོ་ཡི་སྙན་དུ་བརྒྱད་དོ། དེས་ཕྱི་རབས་ཀྱི་དོན་དུ། དཀར་ཆག་ཡི་གེ་རིས་སུ་བྲིས་ནས། བསྟན་པའི་སྲོལ་འཛིན་ལས་ལྡན་རྣམས་ལ་བརྒྱུད་དེ། སྒོ་རིགས་སྔགས་འཛིན་རྒྱལ་མཚན་འོད་ཟེར་གྱི་དྲུང་འགྲུ་རིགས་སྔགས་འཆང་ཤེས་རབ་འོད་ཟེར་གྱིས་ཞུས་སྭོ་ཧ།། de ltar gsas mkhar rin po che spyi spungs/ dbal gsang ba 'dus pa don gyi rgyud/ le'u sum cu rtsa gsum 'di ni/ lha klu mi gsum gyi gshen gsum la/ gshen nam mkha'i snang ba'i mdog can gyis/ bsgrags pa gsum gyi mdor bsdus nas zhus/ des lho yi gshen gsum la rim par brgyud te/ rgyal bon mu khri btsan po la brgyud/ des mon bon ha ra ci par la brgyud/ des bon mo stag za li wer la brgyud/ des zhang zhung gi gshen gsum la brgyud de/ a nu 'phrag thag la brgyud/ des sad ne ga'u la brgyud/ des ta mi thad ke la brgyud/ des rgya bod sgom gshen gsum la brgyud/ zing pa mthu chen la brgyud/ des spe bon thog 'phrul la brgyud/ des spe bon thog rtse la brgyud/ des phrom bod zhang zhung gshen gsum la brgyud/ shad bu ra khug la brgyud/ des stong rgyung mthu chen la brgyud/ des sha ri dbu chen la brgyud/ des ngam pa lce rim la brgyud/ des ce tsa (lce tsha) mkhar bu la brgyud/ des gyim tsha rma chung la brgyud/ des se lde mi (me) nyag gshen gsum la brgyud de/ des sha ri dbu chen la brgyud/ des gyer spung dran pa nam mkha' la brgyud/ des rjes 'jug gi gshen po brgyad la brgyud nas/ phyi rabs kyi don du bka' gter gnyis su spros te/ gter ni byang phyogs gsang brag rgya bo la sbed do(sbas so) / bka' ni rjes 'jug gshen brgyad kyis gnang nas/ stang chen dmu tsha gyer med kyis/ sprul sku las ldan gyi gshen blo ldan snying po yi snyan du brgyad do/ des phyi rabs kyi don du/ dkar chag yi ge ris su bris nas/ bstan pa'i srol 'dzin las ldan rnams la brgyud de/ sgo rigs sngags 'dzin rgyal mtshan 'od zer gyi drung 'gru rigs sngags 'chang shes rab 'od zer gyis zhus swo ha//