ཁྲོ་མཆོག་འདུས་པ་སྡེ་བརྒྱད་འབྱུང་པོ་སྤྱི་འདུལ་གྱི་རྒྱུད་ལསཿ་དྲག་ཟློག་སྣང་སྲིད་བྷྱོཿ་ཟློག khro mchog 'dus pa sde brgyad 'byung po spyi 'dul gyi rgyud lasaH drag zlog snang srid b+h+yoH zlog
Location
set MW30498: volume ma mo 'dus pa'i yang snying sbrag sgrub - folios 1a1-16a3
Colophon ཁྲོ་མཆོག་འདུས་པ་སྡེ་བརྒྱད་འབྱུང་པོ་སྤྱི་འདུལ་གྱི་རྒྱུད་ལས་དྲག་ཟློག་སྣང་སྲིད་བྷོ་ཟློག་ཞེས་པ་འདི་ཉིད་མདོ་ཁམས་སྨད་ཀྱི་གནས་མཆོག་བྲག་དཀར་བྱ་རྒོད་གསང་བའི་མདུན་ཞོལ་བྲག་ཉི་མ་རང་ཤར་གྱི་གཡས་རྒྱབ་དབྱིངས་ཀྱི་མཁའ་འགྲོའི་བཀའ་རྟགས་ཞབས་རྗེས་ཀྱི་གཡོན་མདུན་ནོར་བུ་རྫོང་གི་བྱང་ངོས་རང་འབྱུང་སྒྲོལ་མའི་གསང་ལུང་གིས་ཆེ་མཆོག་རྟ་མགྲིན་རོལ་བའི་བྲག་གཙོ་འཁོར་གྱི་ཚུལ་དུ་བཞེངས་ཤིང་བཀའ་རྟགས་རྟ་དབུ་འདྲ་བའི་མར་ཞབས་ཁུང་སེང་སྐ་རགས་འདྲ་བའི་ཀློང་ཞེས་པ་དེ་ནས་ས་སྟག་ལོའི་ཟླ་བ་ལྔ་བའི་ཚེས་གཅིག་གི་ཐོ་རེངས་དུས་སུ་ཡེ་ཤེས་མཁའ་འགྲོ་རང་འབྱུང་སྒྲོལ་མ་དང་གཏེར་བདག་ལྷ་བཙན་རྒྱལ་པོས་ལུང་བསྟན་ནས་ཁོ་བོ་ཕྱོགས་མེད་ཀྱི་རྣལ་འབྱོར་བ་གཙུག་ཕུད་རྣམ་རྒྱལ་ཞེས་འབོད་པ་མཁའ་འགྲོའི་ལུང་གིས་གསང་བདག་ཡེ་ཤེས་མགོན་པོ་ཞེས་བྱ་བ་བདག་གིས་དངོས་གྲུབ་ཏུ་བརྙེད་ནས་སླར་མདའ་ཆེན་དཀར་མོ་རི་ཁྲོད་དུ་སླེབས་ཚེ་རིག་འཛིན་དམུ་ཙ་དྲ་(ཏྲ)་ཧེའི་རྣམ་རོལ་སྤྱང་ནམ་མཁའ་རྒྱལ་མཚན་ནམཀུན་གསལ་མཚན་ཅན་དེ་དང་རང་རེ་ལྷ་གྲོགས་དམ་པ་འགའ་ཡིས་རབ་ཏུ་བསྐུལ་བ་དང་གཞན་ཡང་གསང་བའི་ལུང་གི་རྟེན་འབྲེལ་ཀུན་མཚུངས་པས་ཁོ་བོ་གསང་བདག་ཡེ་ཤེས་མགོན་པོས་གཏན་པ་ཕབ་ནས་སྤེལ་བ་འདིས་ཀྱང་བསྟན་པའི་བར་ཆད་ཞི་ཞིང་བདེ་ལེགས་སུ་གྱུར་ཅིག་གུ་ khro mchog 'dus pa sde brgyad 'byung po spyi 'dul gyi rgyud las drag zlog snang srid b+ho zlog zhes pa 'di nyid mdo khams smad kyi gnas mchog brag dkar bya rgod gsang ba'i mdun zhol brag nyi ma rang shar gyi g.yas rgyab dbyings kyi mkha' 'gro'i bka' rtags zhabs rjes kyi g.yon mdun nor bu rdzong gi byang ngos rang 'byung sgrol ma'i gsang lung gis che mchog rta mgrin rol ba'i brag gtso 'khor gyi tshul du bzhengs shing bka' rtags rta dbu 'dra ba'i mar zhabs khung seng ska rags 'dra ba'i klong zhes pa de nas sa stag lo'i zla ba lnga ba'i tshes gcig gi tho rengs dus su ye shes mkha' 'gro rang 'byung sgrol ma dang gter bdag lha btsan rgyal pos lung bstan nas kho bo phyogs med kyi rnal 'byor ba gtsug phud rnam rgyal zhes 'bod pa mkha' 'gro'i lung gis gsang bdag ye shes mgon po zhes bya ba bdag gis dngos grub tu brnyed nas slar mda' chen dkar mo ri khrod du slebs tshe rig 'dzin dmu tsa dra (tra) he'i rnam rol spyang nam mkha' rgyal mtshan namakun gsal mtshan can de dang rang re lha grogs dam pa 'ga' yis rab tu bskul ba dang gzhan yang gsang ba'i lung gi rten 'brel kun mtshungs pas kho bo gsang bdag ye shes mgon pos gtan pa phab nas spel ba 'dis kyang bstan pa'i bar chad zhi zhing bde legs su gyur cig gu