Colophon ཞེས་པ་འདི་ཡང་རྗེ་འབྲུག་ཆེན་པོའི་གཏེར་ལུགས་བྱམས་མ་བྱད་ཀྱི་འཇིགས་སྐྱོབས་ཀྱི་སྐོར་དང་། ཟང་ཟང་གི་གཏེར་མ་གཙུག་གཏོར་གདུགས་དཀར་དང*། ཁོད་པོ་བློ་གྲོས་ཐོགས་མེད་ཀྱིས་སྦ་ཞབས་བྲག་ནས་གཏེར་ལ་ཐོན་པའི་གསང་སྔགས་གཟེར་བུ་རྣམས་ཀྱི་གཞི་བྱས། གཞན་ཡང་ཨུད་འབར་ཏོག་གི་རྒྱུད་ལ་སོགས་གསང་སྔགས་ཟབ་གནད་ཆེ་བ་རྣམས་ཀྱི་རྣོ་པ་སྦྱར་ཏེ། བྱད་བཀྲོལ་གྱི་གདམས་པ་ཤིན་ཏུ་གསལ་བར་བཀོད་པ། བྱད་ཀྱི་ཐ་རམ་བཀྲོལ་བའི་ལྡེ་མིག་ཅེས་བྱ་བ། ཕྱི་རབས་བྱད་གདོན་གྱིས་ཉེན་པའི་ཉམས་ཐག་རྣམས་ལ་ཕན་པའི་སླད་དུ། རྒྱལ་རིགས་བྲུ་ཡི་ཁྲི་ཆེན་སངས་རྒྱས་བསྟན་འཛིན་སྐུ་མཆེད་ཟུང་གི་ཞལ་སྔ་ནས། རང་རེ་བོན་ལུགས་ལ་སྔ་སོར་བྱད་ཀྱི་ལག་ལེན་སྒྲིག་ཆོག་ཁུངས་ཐུབ་ཆེར་མི་སྣང་སྟབས། འདི་ལྟར་དགོས་ཞེས་རྟེན་འབྲེལ་མི་འགད་(འགལ)་བའི་ཚད་དུ། ལྷ་རྫས་དྲི་མེད་ཀྱིས་མཚོན་གནང་རྟེན་བཟང་པོ་དང་བཅས་ཏེ། བཀའ་ནན་གྱིས་བསྐུལ་བ་ལ་བརྟེན་ནས། རང་ཉིད་ཀྱང་ལྷ་དང་མཁའ་འགྲོའི་ཚོགས་ལ་གནང་བ་ཞུས་ནས། གསང་སྔགས་གབ་སྦས་ཀྱི་ལག་ལེན་འཕྲུག་སྡེབས་འདི་ལྟར་དགོས་ཚུལ་དང་། དེའི་རང་གཞན་དང་བསྟན་འགྲོར་ཕན་ཐོག་འབྱུང་བའི་དགེ་མཚན་དུ་མ་ཤར་བཞིན། སྒོ་རིགས་ཀྱི་དྲང་སྲོང་སུམ་ལྡན་རིགས་པ་འཛིན་པར་རློམ་པ་ཉི་མ་བསྟན་འཛིན་དབང་རྒྱལ་དུ་འབོད་པས་རྗེ་རིན་པོ་ཆེའི་གདན་ས་བཀྲ་ཤིས་སྨན་རིའི་བླ་བྲང་དུ་བསྒྲིགས་པ། དགེ་དེས་བྱད་ཀྱི་འཇིག་པ་ལས་སྐྱོབས་པའི་རྒྱུར་གྱུར་ཅིག། zhes pa 'di yang rje 'brug chen po'i gter lugs byams ma byad kyi 'jigs skyobs kyi skor dang / zang zang gi gter ma gtsug gtor gdugs dkar dang*/ khod po blo gros thogs med kyis sba zhabs brag nas gter la thon pa'i gsang sngags gzer bu rnams kyi gzhi byas/ gzhan yang ud 'bar tog gi rgyud la sogs gsang sngags zab gnad che ba rnams kyi rno pa sbyar te/ byad bkrol gyi gdams pa shin tu gsal bar bkod pa/ byad kyi tha ram bkrol ba'i lde mig ces bya ba/ phyi rabs byad gdon gyis nyen pa'i nyams thag rnams la phan pa'i slad du/ rgyal rigs bru yi khri chen sangs rgyas bstan 'dzin sku mched zung gi zhal snga nas/ rang re bon lugs la snga sor byad kyi lag len sgrig chog khungs thub cher mi snang stabs/ 'di ltar dgos zhes rten 'brel mi 'gad ('gal) ba'i tshad du/ lha rdzas dri med kyis mtshon gnang rten bzang po dang bcas te/ bka' nan gyis bskul ba la brten nas/ rang nyid kyang lha dang mkha' 'gro'i tshogs la gnang ba zhus nas/ gsang sngags gab sbas kyi lag len 'phrug sdebs 'di ltar dgos tshul dang / de'i rang gzhan dang bstan 'gror phan thog 'byung ba'i dge mtshan du ma shar bzhin/ sgo rigs kyi drang srong sum ldan rigs pa 'dzin par rlom pa nyi ma bstan 'dzin dbang rgyal du 'bod pas rje rin po che'i gdan sa bkra shis sman ri'i bla brang du bsgrigs pa/ dge des byad kyi 'jig pa las skyobs pa'i rgyur gyur cig/ Bkt289.10
set MW30498: volume byams ma yang gsang rgyun mchod man ngag 'jigs pa - folios 1a1-28b5
Colophon ཞེས་པ་འདི་ཡང་རྗེ་འབྲུག་ཆེན་པོའི་གཏེར་ལུགས་བྱམས་མ་བྱད་ཀྱི་འཇིགས་སྐྱོབསཀྱི་སྐོར་དང་། ཟང་ཟང་གི་གཏེར་མ་གཙུག་ཏོར་གདུགས་དཀར་དང*། ཁོད་པོ་བློ་གྲོས་ཐོགས་མེད་ཀྱིས་སྦ་ཞབས་བྲག་ནས་གཏེར་ལ་བྱོན་པའི་གཟེར་བུ་རྣམས་ཀྱི་གཞི་བྱས། གཞན་ཡང་ཨུད་འབར་ཏོག་གི་རྒྱུད་ལ་སོགས་གསང་སྔགས་ཟབ་གནད་ཆེ་བ་རྣམས་ཀྱི་རྣོ་སོ་སྦྱར་ཏེ། བྱད་བཀྲོལ་གྱི་གདམས་པ་ཤིན་ཏུ་གསལ་བར་བཀོད་པ། བྱད་ཀྱི་ཐ་རམ་བཀྲོལ་བའི་ལྡེ་མིག་ཅེས་བྱ་བ། ཕྱི་རབས་བྱད་གདོན་གྱིས་ཉེས་པའི་ཉམ་ཐག་རྣམས་ལ་ཕན་པའི་སླད་དུ། རྒྱལ་རིགས་བྲུ་ཡི་ཁྲི་ཆེན་སངས་རྒྱས་བསྟན་འཛིན་སྐུ་མཆེད་ཟུང་གི་ཞལ་སྔ་ནས། རང་རེ་བོན་ལུགས་ལ་སྔ་སོར་བྱད་བཀྲོལ་གྱི་ལག་ལེན་སྒྲིག་ཆོག་ཁུངས་ཐུབ་ཆེར་མི་སྣང་སྟབས། འདི་ལྟར་དགོས་ཞེས་རྟེན་འབྲེལ་མ་འགག་པའི་ཆེད་དུ། ལྷ་རྫས་དྲི་མེད་ཀྱི་མཚོན་གནང་རྟེན་བཟང་པོ་དང་བཅས་ཏེ། བཀའ་ནན་གྱིས་བསྐུལ་བ་ལ་བརྟེན་ནས་རང་ཉིད་ཀྱིས་ཀྱང་ལྷ་དང་མཁའ་འགྲོའི་ཚོགས་ལ་གནང་བ་ཞུས་ནུབ་(ནས།)གསང་སྔགས་གབ་སྦས་ཀྱི་ལག་ལེན་འཁྲུག་སྡེབས་འདི་ལྟར་དགོས་ཚུལ་དང་། དེས་རང་གཞན་དང་བསྟན་འགྲོར་ཕན་ཐོག་འབྱུང་བའི་དགེ་མཚན་དུ་མ་ཤར་བཞིན། སྒོ་རིགས་ཀྱི་དྲང་སྲོང་སུམ་ལྡན་རིག་པ་འཛིན་པར་རློམ་པའི་ཉི་མ་བསྟན་འཛིན་དབང་རྒྱལ་དུ་འབོད་པས། རྗེ་རིན་པོ་ཆེའི་གདན་ས་བཀྲ་ཤིས་སྨན་རིར་(རིའི)བླ་བྲང་དུ་སྒྲིགས་པའི་(པས།)དགེ་དེས་བྱད་ཀྱི་འཇིགས་པ་ལས་སྐྱོབས་པའི་རྒྱུ་རུ་གྱུར་ཅིག་ཐ་ཚན་མུ་ཙུག་སྨར་རོ།། zhes pa 'di yang rje 'brug chen po'i gter lugs byams ma byad kyi 'jigs skyobasakyi skor dang / zang zang gi gter ma gtsug tor gdugs dkar dang*/ khod po blo gros thogs med kyis sba zhabs brag nas gter la byon pa'i gzer bu rnams kyi gzhi byas/ gzhan yang ud 'bar tog gi rgyud la sogs gsang sngags zab gnad che ba rnams kyi rno so sbyar te/ byad bkrol gyi gdams pa shin tu gsal bar bkod pa/ byad kyi tha ram bkrol ba'i lde mig ces bya ba/ phyi rabs byad gdon gyis nyes pa'i nyam thag rnams la phan pa'i slad du/ rgyal rigs bru yi khri chen sangs rgyas bstan 'dzin sku mched zung gi zhal snga nas/ rang re bon lugs la snga sor byad bkrol gyi lag len sgrig chog khungs thub cher mi snang stabs/ 'di ltar dgos zhes rten 'brel ma 'gag pa'i ched du/ lha rdzas dri med kyi mtshon gnang rten bzang po dang bcas te/ bka' nan gyis bskul ba la brten nas rang nyid kyis kyang lha dang mkha' 'gro'i tshogs la gnang ba zhus nub (nas/)gsang sngags gab sbas kyi lag len 'khrug sdebs 'di ltar dgos tshul dang / des rang gzhan dang bstan 'gror phan thog 'byung ba'i dge mtshan du ma shar bzhin/ sgo rigs kyi drang srong sum ldan rig pa 'dzin par rlom pa'i nyi ma bstan 'dzin dbang rgyal du 'bod pas/ rje rin po che'i gdan sa bkra shis sman rir (ri'i)bla brang du sgrigs pa'i (pas/)dge des byad kyi 'jigs pa las skyobs pa'i rgyu ru gyur cig tha tshan mu tsug smar ro//