Colophon དཔོན་གསས་བླ་མའི་སྒྲུབ་པ། སྐུ་དངོས་སུ་མི་བཞུགས་ཀྱང་། ཞལ་ཐབས་ཀྱིས་མཇལ་བའི་མན་ངག་ཡང་གསང་མཆོག་ཐུན་ཟུང་འཇུག་གི་སྒྲུབ་པ། བླ་མ་ལ་ལུང་ནོད་ནས། རྒྱུད་ལུང་གསང་བའི་གནས་སུ། སྟོན་ཟླ་ར་བའི་བཅོ་ལྔ་ལ་གུ་གེར་རུད་པའོ། དེ་ནས་ཕྱིས་སུ་གསང་བའི་བྲག་ལ་གཏེར། ད་ལྟ་སྐལ་ལྡན་བུ་ལ་བསྟན། སྟང་ཆེན་ཐུགས་བཅུད་གསང་བའོ། ཞེས་གསུངས་པའོ། ཨུ་ཡཱ། བླ་མ་ཡང་གསང་མཆོག་ཐུན་གྱི་སྒྲུབ་གཞུང་རྫོགས་སོ།། dpon gsas bla ma'i sgrub pa/ sku dngos su mi bzhugs kyang / zhal thabs kyis mjal ba'i man ngag yang gsang mchog thun zung 'jug gi sgrub pa/ bla ma la lung nod nas/ rgyud lung gsang ba'i gnas su/ ston zla ra ba'i bco lnga la gu ger rud pa'o/ de nas phyis su gsang ba'i brag la gter/ da lta skal ldan bu la bstan/ stang chen thugs bcud gsang ba'o/ zhes gsungs pa'o/ u yA/ bla ma yang gsang mchog thun gyi sgrub gzhung rdzogs so//