Colophon དེ་ཡང་ཚངས་སྤྱོད་བསྙེན་གནས་དང་སྨྱུང་གནས་ལ་གནས་ཤིང་དགེ་སྦྱོར་དེ་དག་ལ་འཇུག་སྐབས། འཇིག་རྟེན་འཁོར་བའི་བྱ་ལས་ཀྱང་མི་རུང་ཤིང་། ཚངས་སྤྱོད་གཡུང་དྲུང་སེམས་དཔའི་སྤྱོད་པ་ཤ་སྟག་དག་པའི་ཁྲིམས་ལ་གནས་ཤིང*། དགེ་སྦྱོར་གོང་ནས་གོང་འཕེལ་བྱེད་དགོས་ཏེ། ལུང་ལས། འཇིག་རྟེན་འཁོར་བའི་ལས་སྤྱོད་སྤང་བར་བགྱི། རྒྱལ་བ་ཉིད་ཀྱི་སྐུ་ལ་འཁོར་བར་བགྱི། གཡུང་དྲུང་སེམས་དཔའི་རྗེས་སུ་འབྲེང་བར་བགྱི། ཞེས་གསུངས་ཤིང་བཀག་པ་གནང་བ་ལ་རྗེས་སུ་བཟུང་དགོས་པའི་ཕྱིར། ལུས་ངག་ཡིད་གསུམ་ཐ་མལ་དུ་མི་བཞག་ལ། གཡུང་དྲུང་སེམས་དཔའ་དང་ཚངས་སྤྱོད་གོང་མ་རྣམས་ཀྱི་རྗེས་སུ་བསྙེག་པར་བྱའོ། དེ་ཡང་འཇུག་པའི་ཐབས་ཟབ་མོ་འདི་དག་རང་ཡང་གོ་ཐོས་ཀྱི་ཤེས་རྒྱ་ཆུང་། བློ་གྲོས་ཀྱི་སྤོབས་པ་ཞན། ལུང་རིག་ཀྱི་(གི)་མིག་རྩ་ཕྲ། ཉམས་རྟོགས་ཀྱི་ནོར་ལ་དབུལ། དུག་ལྔའི་མགོ་ལོ་རྒོད། མཁས་པར་འཕྲད་ན་ངོ་སྐྱེང་། མང་པོར་བརྗོད་ན་རླུང་ལང་། ཚད་མར་བསྡེབ་ན་ངག་འདར། གྲལ་མགོར་བསྡད་ན་ལུས་རྔུལ། འཆད་པར་གྱུར་ན་ཁ་ལྐུགས། བརྩོད་(རྩོད)པར་གྱུར་ན་མགོ་འཁོར། བརྩོམས་(རྩོམ)་པར་གྱུར་ན་བློ་རྨོངས། གདོང་དུ་འཕྲད་ན་ངོ་ཚ། ལྐོག་ཏུ་ཐོས་ན་སྙིང་རྗེ། གཅིག་པུར་བསྡད་ན་ཁ་སྒམ། བཤད་ན་དོན་མི་ཁྲོལ། ཉན་ན་དོན་མི་གོ་རྒྱུད་ལུང་ཁྲོལ་བའི་ནུས་པ་ཤིག་སྙིང་ཙམ་རེ་མི་ལྡན་པའི་ཟོལ་པོ་ཁོ་ན་བ་དེས། འོན་ཀྱང་རྒྱལ་བའི་བཀའ་གང་གཉེན། འཕགས་པའི་ལུང་གང་ཟབ། གཡུང་དྲུང་སེམས་དཔའི་མཛད་སྤྱོད་ཟབ་མོ་ལ་གཞི་བླངས། སྤྲུལ་སྐུ་གོ་སྡེ་འཕགས་པའི་གཏེར་ལུགས་དཀའ་ཐུབ་ཉོན་མོངས་དྲུང་འབྱིན་དང་བསྙེན་གནས་རབ་དཀར་གྱི་གཞུང་བསྲང་། བློ་ལྡན་སྙན་རྒྱུད་དྲི་མེད་ལ་གཞིར་བཟུང་ནས། ཟག་མེད་འཇའ་ལུས་འོད་སྐུར་བཞེས་པའི་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་གསུང་འབུམ། རྒྱུན་སྤྱོད་བཅུ་གསུམ་ཉིག་ཞག་ཕྲུག་གཅིག་ལ་དགེ་སྦྱོར་འཇུག་ཚུལ་བསྟབ་(སྟབས)་གཅིག་ཏུ་བཀོད་པ་ནི། རྣམ་མཁྱེན་སྟོན་པའི་མཛད་སྲོལ་ཁོ་ནར་འདུག་གཤིས་ལ་དག་སྣང་གིས་ཟུར་བརྒྱན། ཨ་མདོ་རྔ་ལྗོན་(ལྗོངས)་ཀྱི་ཡུལ་གྲུར་གསེར་ཞལ་བཞེད་པའི་བོན་གྱི་ཤིང་རྟ་ཆེན་པོ་ཚུལ་ཁྲིམས་རྒྱལ་མཚན་གྱིས་ཕྱག་ལེན་བཏབ་པའི་དོགས་བསལ་ཆོ་ག་ལ་ལེགས་ཆ་བླངས། མདོ་སྨད་མཁས་གྲུབ་གཉིས་ལྡན་ལྕང་ལུང་གཡུང་དྲུང་བསྟན་རྒྱལ་གྱིས་མཛད་པའི་བསྙེན་སྨྱུང་ཕན་ཡོན་དང*། ལུང་རྟོགས་ཤེས་རབ་ཀྱིས་ཕྱུག་པའི་སྡེ་དགེའི་མཁས་གྲུབ་ལུང་རྟོགས་རྒྱ་མཚོས་མཛད་པའི་ཕན་ཡོན་གཉིས་ཀྱིས་སྨིན་གྲོལ་རྒྱབ་སྐྱོར། དེ་དག་གི་དགོངས་པའི་དོན་ཕྱོགས་གཅིག་ཏུ་བསྡེབས་ནས་སྐལ་ལྡན་བློ་ཡི་ཐ་རམས་བཀྲོལ་བའི་སྡེ་མིག་གིས་འཇུག་སྒོ་ལམ་བར་ཕྱེས་ནས་བསྟན་པ་འདི་ཡང་། ཚངས་སྤྱོད་བསྟན་པའི་སྲོག་ཤིང་སྤྱོད་པ་མས་འཛེག་གི་འཇུག་ལམ། སྟོན་པའི་མཛད་འཕྲིན་དང་གཡུང་དྲུང་སེམས་དཔའི་མཛད་སྤྱོད་ཤ་སྟག་ཁོ་ན་རུ་དགོས་གལ་ཆེ་རུང་། ཡུལ་གྲུ་ཐ་དག་སོ་སོ་ལ། ལག་ལེན་མཛད་སྲོལ་མི་འདྲ་བ་མང་པོ་འདུག་གཤིས། རང་རྐང་ཚུག་པའི་སྲོལ་མི་འདུག་ཀྱང་། དེ་ལ་ཕྲན་ཀྱང་རྟོག་འཛིན་དམ་པོས་བཅིང་པའི་བླ་རུ་སོང་སྟབས། སྔོན་བྱོན་ཚངས་སྤྱོད་སེམས་དཔའི་མཛད་འཕྲིན་ལ་སྤྱོད་པ་ཡ་ཆལ་འགྲོ་བའི་བྱ་ལས་ཁོ་ན་མ་གཏོགས་སྲོལ་བཟང་པོ་མི་འདུག་སེམས་ནས། རང་དགོན་ལ་བསྙེན་སྨྱུང་འཚོགས་རྟེན་གསར་སྦྱོར་ཟིན་སྐབས་སླད་ཀྱང་རང་རང་སོ་སོ་ནས་གང་དྲན་རང་ཆོད་ཀྱིས་བསྲེ་བསླད་མི་འབྱུང་བའི་ཕྱིར་དུ། འདི་ལྟ་བུ་ཞིག་བགྱིས་ན་ལུང་ལ་རྟོགས་བཟོའི་འགལ་སྐྱོན་འབྱུང་མིན། ཤར་རྫ་རིན་པོ་ཆེའི་རྒྱལ་ཚབ་བསྟན་འགྲོའི་གར་མཁན་བློ་གྲོས་རྒྱ་མཚོ་ལ་བཀའ་འདྲི་ཞུས་པས། ཕྱི་རབས་དགེ་སྤྱོད་འཕེལ་བའི་བཙས་སུ་འབྱུང་དང་འབྱུང་འགྱུར་ལེགས་པའི་གསུང་གསང་རྔ་བོ་ཆེ་འབྱིན་པ་ལ། བདག་གིས་བློ་ཡི་པད་མཚོ་རབ་ཏུ་རྒྱས་ཤིང་སྙིང་གི་ཟེའུ་འབྲུར་ཡང་ཡང་བཞད་ནས། ཕྱི་རབས་དགེ་སྤྱོད་འཕེལ་བའི་ཐབས། གཞན་ཕན་བྱང་སེམས་སྐྱ་རེངས་ཀྱིས་དྲངས་ནས། འདི་ཉིད་བྱེད་པ་པོ་ནི། སྐྱེ་བ་འདི་ནས་མི་ཡི་གྲལ་དུ་ཚུད་ཙམ། ཕྱི་མར་དལ་འབྱོར་སྟོང་ལོག་མ་རེད་ཙམ། རྒྱལ་ཁམས་ཀྱི་ཁོལ་པོའི་ནང་ནས་ཁོལ་པོ། ཤེལ་སྐྱེས་ནང་ནས་ཡང་ཐ་རུ་གྱུར་བའི། སྡོམ་གསུམ་གྱི་རྗེས་སུ་ཡིད་བསྙེགས་པའི་མི་ལ་ཟོལ་པོའི་མིང་ཐོག་གཏེ་རྒན་ཐ་ཤལ། ཁྱི་ལ་སེང་གེའི་མིང་འཐོག་(ཐོག)་གསང་མིང་གཡུང་དྲུང་ཐོག་མེད་རྩལ་ལམ་ཚེ་དབང་བདེ་ཆེན་སྙིང་པོས། གཞན་ཕན་བྱང་མིང་འདོག་པ་འགྲོ་འདུལ་གར་གྱི་དབང་ཕྱུག་བརྡའ་སྤྲོད་མིང་ཐོབ་ཀུན་མཁྱེན་ལུང་རིག་རྒྱ་མཚོ་སྨྲ་དབང་དགྱེས་པའི་བློ་ལྡན་ནམ། ས་སྟེང་སྐྱེས་བུ་མཚན་བརྗོད་པར་དཀའ་བའི་དྲིན་ཅན་སུམ་ལྡན་སྨོན་ལམ་གཡུང་དྲུང་བསྟན་པའི་རྒྱལ་མཚན་གྱི་སྐྱབས་གུར་དུ་ཚུད་པའི་སློབ་འབངས་གཡུང་དྲུང་གྲགས་པ་བསྟན་པའི་རྒྱལ་མཚན་དབང་གི་རྒྱལ་པོར་འབོད་པ་གང་དེ་ལ། བུ་སློབ་ལྷ་བཙུན་གཡུང་དྲུང་རྣམ་དག་གིས་གཞན་ཕན་དུ་ཡང་ཡང་བསྐུར་ངོར་བློ་ཚིམ་ངོ་སྐལ་དུ་འཕྲལ་དུ་བྲིས་པ་འདིས་ཀྱང་ཚངས་སྤྱོད་བསྟན་པའི་མཛེས་རྒྱན་དུ་གྱུར་ནས། རྒྱལ་བ་མཉམ་མེད་བླ་མའི་བསྟན་པ་དར་ཞིང་རྒྱས་པར་གྱུར་ཅིག། de yang tshangs spyod bsnyen gnas dang smyung gnas la gnas shing dge sbyor de dag la 'jug skabs/ 'jig rten 'khor ba'i bya las kyang mi rung shing / tshangs spyod g.yung drung sems dpa'i spyod pa sha stag dag pa'i khrims la gnas shing*/ dge sbyor gong nas gong 'phel byed dgos te/ lung las/ 'jig rten 'khor ba'i las spyod spang bar bgyi/ rgyal ba nyid kyi sku la 'khor bar bgyi/ g.yung drung sems dpa'i rjes su 'breng bar bgyi/ zhes gsungs shing bkag pa gnang ba la rjes su bzung dgos pa'i phyir/ lus ngag yid gsum tha mal du mi bzhag la/ g.yung drung sems dpa' dang tshangs spyod gong ma rnams kyi rjes su bsnyeg par bya'o/ de yang 'jug pa'i thabs zab mo 'di dag rang yang go thos kyi shes rgya chung / blo gros kyi spobs pa zhan/ lung rig kyi (gi) mig rtsa phra/ nyams rtogs kyi nor la dbul/ dug lnga'i mgo lo rgod/ mkhas par 'phrad na ngo skyeng / mang por brjod na rlung lang / tshad mar bsdeb na ngag 'dar/ gral mgor bsdad na lus rngul/ 'chad par gyur na kha lkugs/ brtsod (rtsod)par gyur na mgo 'khor/ brtsoms (rtsom) par gyur na blo rmongs/ gdong du 'phrad na ngo tsha/ lkog tu thos na snying rje/ gcig pur bsdad na kha sgam/ bshad na don mi khrol/ nyan na don mi go rgyud lung khrol ba'i nus pa shig snying tsam re mi ldan pa'i zol po kho na ba des/ 'on kyang rgyal ba'i bka' gang gnyen/ 'phags pa'i lung gang zab/ g.yung drung sems dpa'i mdzad spyod zab mo la gzhi blangs/ sprul sku go sde 'phags pa'i gter lugs dka' thub nyon mongs drung 'byin dang bsnyen gnas rab dkar gyi gzhung bsrang / blo ldan snyan rgyud dri med la gzhir bzung nas/ zag med 'ja' lus 'od skur bzhes pa'i shar rdza bkra shis rgyal mtshan gyi gsung 'bum/ rgyun spyod bcu gsum nyig zhag phrug gcig la dge sbyor 'jug tshul bstab (stabs) gcig tu bkod pa ni/ rnam mkhyen ston pa'i mdzad srol kho nar 'dug gshis la dag snang gis zur brgyan/ a mdo rnga ljon (ljongs) kyi yul grur gser zhal bzhed pa'i bon gyi shing rta chen po tshul khrims rgyal mtshan gyis phyag len btab pa'i dogs bsal cho ga la legs cha blangs/ mdo smad mkhas grub gnyis ldan lcang lung g.yung drung bstan rgyal gyis mdzad pa'i bsnyen smyung phan yon dang*/ lung rtogs shes rab kyis phyug pa'i sde dge'i mkhas grub lung rtogs rgya mtshos mdzad pa'i phan yon gnyis kyis smin grol rgyab skyor/ de dag gi dgongs pa'i don phyogs gcig tu bsdebs nas skal ldan blo yi tha rams bkrol ba'i sde mig gis 'jug sgo lam bar phyes nas bstan pa 'di yang / tshangs spyod bstan pa'i srog shing spyod pa mas 'dzeg gi 'jug lam/ ston pa'i mdzad 'phrin dang g.yung drung sems dpa'i mdzad spyod sha stag kho na ru dgos gal che rung / yul gru tha dag so so la/ lag len mdzad srol mi 'dra ba mang po 'dug gshis/ rang rkang tshug pa'i srol mi 'dug kyang / de la phran kyang rtog 'dzin dam pos bcing pa'i bla ru song stabs/ sngon byon tshangs spyod sems dpa'i mdzad 'phrin la spyod pa ya chal 'gro ba'i bya las kho na ma gtogs srol bzang po mi 'dug sems nas/ rang dgon la bsnyen smyung 'tshogs rten gsar sbyor zin skabs slad kyang rang rang so so nas gang dran rang chod kyis bsre bslad mi 'byung ba'i phyir du/ 'di lta bu zhig bgyis na lung la rtogs bzo'i 'gal skyon 'byung min/ shar rdza rin po che'i rgyal tshab bstan 'gro'i gar mkhan blo gros rgya mtsho la bka' 'dri zhus pas/ phyi rabs dge spyod 'phel ba'i btsas su 'byung dang 'byung 'gyur legs pa'i gsung gsang rnga bo che 'byin pa la/ bdag gis blo yi pad mtsho rab tu rgyas shing snying gi ze'u 'brur yang yang bzhad nas/ phyi rabs dge spyod 'phel ba'i thabs/ gzhan phan byang sems skya rengs kyis drangs nas/ 'di nyid byed pa po ni/ skye ba 'di nas mi yi gral du tshud tsam/ phyi mar dal 'byor stong log ma red tsam/ rgyal khams kyi khol po'i nang nas khol po/ shel skyes nang nas yang tha ru gyur ba'i/ sdom gsum gyi rjes su yid bsnyegs pa'i mi la zol po'i ming thog gte rgan tha shal/ khyi la seng ge'i ming 'thog (thog) gsang ming g.yung drung thog med rtsal lam tshe dbang bde chen snying pos/ gzhan phan byang ming 'dog pa 'gro 'dul gar gyi dbang phyug brda' sprod ming thob kun mkhyen lung rig rgya mtsho smra dbang dgyes pa'i blo ldan nam/ sa steng skyes bu mtshan brjod par dka' ba'i drin can sum ldan smon lam g.yung drung bstan pa'i rgyal mtshan gyi skyabs gur du tshud pa'i slob 'bangs g.yung drung grags pa bstan pa'i rgyal mtshan dbang gi rgyal por 'bod pa gang de la/ bu slob lha btsun g.yung drung rnam dag gis gzhan phan du yang yang bskur ngor blo tshim ngo skal du 'phral du bris pa 'dis kyang tshangs spyod bstan pa'i mdzes rgyan du gyur nas/ rgyal ba mnyam med bla ma'i bstan pa dar zhing rgyas par gyur cig/