Catalog entry rKTs-B6026
ངོ་སྤྲོད་རིན་པོ་ཆེ་ཡི་གསོལ་འདེབས་རྒྱབ་བསྐྱོར་གྱི་གདམས་པ
ngo sprod rin po che yi gsol 'debs rgyab bskyor gyi gdams pa




Bkt162.5

ངོ་སྤྲོད་རིན་པོ་ཆེ་ཡིས་གསོལ་འདེབས་རྒྱབ་བསྐྱོར་གྱི་གདམ་པ
ngo sprod rin po che yis gsol 'debs rgyab bskyor gyi gdam pa


Location
set MW30498: volume snyan ngag rgyud dang 'thor bu - folios 1a1-68a3

Colophon
དེ་ལྟར་ངོ་སྤྲོད་རིན་པོ་ཆེ་གསལ་འདེབས་གྱི་(ཀྱི)་གདམས་པ། བླ་མ་དམ་པ་རྣམས་ཀྱི་དགོངས་ཚུལ་དང། མཉམ་མེད་འདུལ་བ་རིན་པོ་ཆེའི་ཞལ་གདམས་ཕྱག་ལེན་དང་མི་འགལ་བར། དུས་སྙིགས་མའི་བྲུ་བསྒོམས་(སྒོམ)་རྒྱལ་བ་གཡུང་དྲུང་ལ། ཕྱོགས་མེད་ཀྱི་ཉམས་སུ་ལེན་པ་འདྲུ་བསྒོམས་(འགྲུ་སྒོམ)སྦྱིན་པ་འོད་ཟེར་གྱིས་བསྐུལ་ཏེ། གབ་པ་བཏོན་སྦས་པ་བཤིགས་བསྐྱངས་(བསྐུངས)་པ་ཕྱུང་སྟེ་ཚིགས་(ཚིག)་དོན་གསལ་བར་སྤྲོས་ནས། རིན་ཆེན་སྤུངས་པ་མཁར་སྣའི་དགོན་པར་སྦྱར། འགལ་འཁྲུལ་བཤགས་ཞིང་(ཤིང)་དགེ་བ་དབྱིངས་སུ་བསྔོ། དཔག་མེད་འགྲོ་བའི་དོན་དུ་གྱུར་པར་ཤོག་ཅེས་བྱ་སྟེ་རིགས་པ་རྐྱང་དེད་བྱེད་པའི་བསྒོམས་ཕྲུགས་མ་ཡིན་པ་ལ་(ལས)། གཞན་ལ་བཀའ་རྒྱ་དམ་ཚིག་གི་གནད་ཡོད་པས། ཚིགས་(ཚིག)་ཙམ་མི་བསྒྲགས། འབྲུ་ཙམ་ཡང་མི་བསྟེན་(བསྟན)་པར་བྱའོ།།
de ltar ngo sprod rin po che gsal 'debs gyi (kyi) gdams pa/ bla ma dam pa rnams kyi dgongs tshul dang/ mnyam med 'dul ba rin po che'i zhal gdams phyag len dang mi 'gal bar/ dus snyigs ma'i bru bsgoms (sgom) rgyal ba g.yung drung la/ phyogs med kyi nyams su len pa 'dru bsgoms ('gru sgom)sbyin pa 'od zer gyis bskul te/ gab pa bton sbas pa bshigs bskyangs (bskungs) pa phyung ste tshigs (tshig) don gsal bar spros nas/ rin chen spungs pa mkhar sna'i dgon par sbyar/ 'gal 'khrul bshags zhing (shing) dge ba dbyings su bsngo/ dpag med 'gro ba'i don du gyur par shog ces bya ste rigs pa rkyang ded byed pa'i bsgoms phrugs ma yin pa la (las)/ gzhan la bka' rgya dam tshig gi gnad yod pas/ tshigs (tshig) tsam mi bsgrags/ 'bru tsam yang mi bsten (bstan) par bya'o//


Additional miscellaneous Collections

Mongolian Canon


source rKTs &