Colophon རྒྱལ་བ་ཀུན་འདུས་བླ་མེད་ཀྱི་རྣལ་འབྱོར་ཆེན་པོ་རིན་པོ་ཆེ་རྒྱལ་བ་འོད་ཟེར་མཚན་མཆོག་གང་དེས། སངས་རྒྱས་ཀྱི་དགོངས་པ་རང་བཞིན་ལྷུན་གྱིས་གྲུབ་པའི་ཉམས་མགུར་ལྷུག་པར་མཛད་ནས། སྤྱང་ཙེ་ནམ་མཁའ་རྒྱལ་མཚན་ལ་བརྒྱུད། ནམ་མཁའ་གཙུག་ཕུད་ལ་བརྒྱུད། དྲང་སྲོང་གཡུང་དྲུང་ཚུལ་ཁྲིམས་ལ་བརྒྱུད། སྤྲུལ་སྐུ་རྒྱལ་བ་བློ་གྲོས་ལ་བརྒྱུད། རྒྱལ་སྲས་ཚུལ་ཁྲིམས་དབང་རྒྱལ་ལ་བརྒྱུད། དྲང་སྲོང་གཡུང་དྲུང་བསྟན་འཛིན་ཚུལ་ཁྲིམས་ལ་བརྒྱུད། རྟོགས་ལྡན་གཡུང་དྲུང་ཚུལ་ཁྲིམས་ལ་བརྒྱུད། དེས་རྩ་བའི་བླ་མ་རྟོགས་ལྡན་རིན་ཆེན་ལྷུན་གྲུབ་(ལ་བརྒྱུད།)དམ་པ་དེའི་མདུན་དུ་(ནས)་བདག་གིས་ཐོབ་པའོ།། rgyal ba kun 'dus bla med kyi rnal 'byor chen po rin po che rgyal ba 'od zer mtshan mchog gang des/ sangs rgyas kyi dgongs pa rang bzhin lhun gyis grub pa'i nyams mgur lhug par mdzad nas/ spyang tse nam mkha' rgyal mtshan la brgyud/ nam mkha' gtsug phud la brgyud/ drang srong g.yung drung tshul khrims la brgyud/ sprul sku rgyal ba blo gros la brgyud/ rgyal sras tshul khrims dbang rgyal la brgyud/ drang srong g.yung drung bstan 'dzin tshul khrims la brgyud/ rtogs ldan g.yung drung tshul khrims la brgyud/ des rtsa ba'i bla ma rtogs ldan rin chen lhun grub (la brgyud/)dam pa de'i mdun du (nas) bdag gis thob pa'o//