Catalog entry rKTs-B5877
བོན་འདི་ནི་གསུང་རབ་གླེག་བམ་ཞལ་བསྲོ་རབ་གནས་གཞུང་ཆེན
bon 'di ni gsung rab gleg bam zhal bsro rab gnas gzhung chen




Bkt155.7

བོན་འདི་ནི་གསུང་རབ་གླེག་བམ་ཞལ་བསྲོ་རབ་གནས་གཞུང་ཆེན
bon 'di ni gsung rab gleg bam zhal bsro rab gnas gzhung chen


Location
set MW30498: volume rten gsum rab gnas - folios 1a1-56b3

Colophon
ཅེས་པ་འདི་དང་པོ་སྟོན་པ་གཤེན་རབ་ཉིད་ཀྱི་(ཀྱིས)་མཛད། དེ་ནས་འཕྲུལ་བོན་གསང་བ་ངང་རིང་དང་། གཡུང་དྲུང་གཙུག་གཤེན་རྒྱལ་བ་དང་། ཡིད་ཀྱི་ཁྱེའུ་ཆུང་ཟུར་ཕུད་ཅན་དང་། གཏོའ་བུ་འབུམ་སྲས་དང*། གང་ག་ཀློང་གི་ལྷ་མོ་འོད་ཀྱི་མདངས་ལྡན་མ་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། འཁོར་གྱི་ཞུ་བ་པོ་རྣམས་(ཀྱིས)་མཛད། དེ་ནས་གཤེན་ཚངས་པ་གཙུག་ཕུད་ཀྱི་(ཀྱིས)་མཛད། དེ་ནས་སྤང་ལ་ནམ་གཤེན་གྱི་(གྱིས)་མཛད། དེ་ནས་ཡོངས་སུ་དག་པའི་(པས)་མཛད། དེ་ནས་མི་ལུས་བསམ་ལེགས་ཀྱི་(ཀྱིས)་མཛད། དེ་ནས་ཞང་ཞུང་ཨ་ནུ་ཕྲག་ཐག་གི་(གིས)་མཛད། དེ་ནས་ཞང་ཞུང་སད་ནེ་གའུའི་(གའུས)་མཛད། དེ་ནས་གཤེན་པོ་དགུའི་རིམས་ཀྱིས་(རིམ་གྱིས)་མཛད། དེ་ནས་ལྡེ་གྱིམ་ཚ་རྨ་ཆུང་གི་རིང་ལ། ལྷ་མཐུ་རྩལ་ཅན་རྣམས་བསྟེན་པས། མཐུ་ཡི་དྲེགས་པ་ལྡན་སྟེ་(སྟེ)། རྒྱལ་གྲི་གུམ་བཙད་པོ་གླེན་པ་འགྲས་ནས། བོན་འབུམ་སྡེ་ཆེན་པོ་བཞི་དང་། གསས་མཁར་དང་། སེམས་དོན་ཐམས་ཅད། རིན་པོ་ཆེའི་གཏེར་དུ་སྦས་ནས། སུམ་པ་གླང་གི་གྱིམ་ཤོད་ནས་མར་གཤེགས་ཏེ། ལེ་ཁ་ཐུན་བྷྱོཿ། ཨ་མུ་ཁ་མུ་ཁ་ཞེས་བྱ་བ། བདུད་མོ་ལ་བསྟབ་པའི་གཏན་ཚིགས་མཛད་པར་དགོངས་ནས་གཤེགས་སོ། ཁ་ལྟག་པར་གཅུ་པ་དང*་། བསྙོ་འབོག་དང་བརྟུལ་ཐབས་བྱེད་པའི་བྱེད་པའི་རྒྱུད་ལེགས་སོ། ཤེལ་ཀང་ཀ་རམ་དང་བཀའ་རྟགས་རིན་པོ་ཆེའི་རྒྱས་བཏབ་ནས་བཞག་པ་ལེགས་སོ། དེ་ན་གཤེན་སྒོམ་ཆེན་གྱིས། སྦྲུལ་གྱི་ལོ་དགུན་ཟླ་འབྲིང་པོའི་ཚེས་ཉི་ཤུ་རྩ་བཞིའི་གདུག་ལ་གཏེར་སྒོ་ཕྱེས་ནས་ཞལ་ཕྱེས་པས། ཁམས་བརྒྱད་གཏན་ལ་ཕབ་པ་སྟོང་ཕྲག་བརྒྱ་པ་བཞུགས། སྤྲོ་ཞིང་དང་བ་སྐྱེས་ནས། བཞེངས་སུ་གསོལ་བ་ལེགས་སོ། དེ་ནས་འཁོར་སློབ་མ་རྣམས་ལ་ཕན་ཡོན་བཤད་པས། སློབ་མ་ཡང་དད་པ་གཡོས་ནས་གྲངས་ཀྱིས་བཞེངས་སུ་གསོལ་བ་ལེགས་གསུང་རབ་ཀྱི་ཕན་ཡོན་བཤད་པ་རྫོགས་སོ། དེ་ནས་བདག་ངན་བུ་ཞུ་གཡས་སྒོམ་ཆེན་ལེགས་པོ་ལ་བཤད་པ་ལེགས་སོ།།
ces pa 'di dang po ston pa gshen rab nyid kyi (kyis) mdzad/ de nas 'phrul bon gsang ba ngang ring dang / g.yung drung gtsug gshen rgyal ba dang / yid kyi khye'u chung zur phud can dang / gto' bu 'bum sras dang*/ gang ga klong gi lha mo 'od kyi mdangs ldan ma dang / lha'i dbang po brgya byin dang / 'khor gyi zhu ba po rnams (kyis) mdzad/ de nas gshen tshangs pa gtsug phud kyi (kyis) mdzad/ de nas spang la nam gshen gyi (gyis) mdzad/ de nas yongs su dag pa'i (pas) mdzad/ de nas mi lus bsam legs kyi (kyis) mdzad/ de nas zhang zhung a nu phrag thag gi (gis) mdzad/ de nas zhang zhung sad ne ga'u'i (ga'us) mdzad/ de nas gshen po dgu'i rims kyis (rim gyis) mdzad/ de nas lde gyim tsha rma chung gi ring la/ lha mthu rtsal can rnams bsten pas/ mthu yi dregs pa ldan ste (ste)/ rgyal gri gum btsad po glen pa 'gras nas/ bon 'bum sde chen po bzhi dang / gsas mkhar dang / sems don thams cad/ rin po che'i gter du sbas nas/ sum pa glang gi gyim shod nas mar gshegs te/ le kha thun b+h+yoH/ a mu kha mu kha zhes bya ba/ bdud mo la bstab pa'i gtan tshigs mdzad par dgongs nas gshegs so/ kha ltag par gcu pa dang* / bsnyo 'bog dang brtul thabs byed pa'i byed pa'i rgyud legs so/ shel kang ka ram dang bka' rtags rin po che'i rgyas btab nas bzhag pa legs so/ de na gshen sgom chen gyis/ sbrul gyi lo dgun zla 'bring po'i tshes nyi shu rtsa bzhi'i gdug la gter sgo phyes nas zhal phyes pas/ khams brgyad gtan la phab pa stong phrag brgya pa bzhugs/ spro zhing dang ba skyes nas/ bzhengs su gsol ba legs so/ de nas 'khor slob ma rnams la phan yon bshad pas/ slob ma yang dad pa g.yos nas grangs kyis bzhengs su gsol ba legs gsung rab kyi phan yon bshad pa rdzogs so/ de nas bdag ngan bu zhu g.yas sgom chen legs po la bshad pa legs so//


Additional miscellaneous Collections

Mongolian Canon


source rKTs &