Catalog entry rKTs-B5861
བླ་ཆེན་དྲན་པ་གསང་སྒྲུབ་འཕྲུལ་གྱི་མེ་ལོང
bla chen dran pa gsang sgrub 'phrul gyi me long




Bkt154.7

བླ་ཆེན་དྲན་པ་གསང་བསྒྲུབ་འཕྲུལ་གྱི་མེ་ལོང
bla chen dran pa gsang bsgrub 'phrul gyi me long


Location
set MW30498: volume mi shig rdo rje'i snyan rgyud yab sras dril sgrub - folios 1a1-14b6

Colophon
དེ་ལྟར་བླ་ཆེན་གསང་བའི་དྲིལ་བསྒྲུབས་(སྒྲུབ)་ཐུགས་སྒྲུབས་(སྒྲུབ)་གསལ་བའི་མེ་ལོང་ཞེས་བྱ་བ་ཕྱི་རབས་འགྲོ་བ་རྣམས་ཀྱི་དོན་ཆེད་དུ། གཽ་སླ་ཁྱེར་བདེ་མན་ངག་དོན་འདུས་ཡིན། ཕྱི་རབ་(རབས)་རྣལ་འབྱོར་བློ་ཆུང་དོན་ཆེད་དུ། ལྟ་བ་མདོ་བསྡུས་བསྒོམ་པའི་མན་ངག་སྙེད་(རྙེད།)འབྲས་བུ་སངས་རྒྱས་དགོངས་པ་མཐོང་བའི་ཕྱིར། ཐུགས་ཀྱི་བསྒྲུབ་(སྒྲུབ)་པ་དམར་བྱང་འདི་ཉིད་བསྒྲུབ། བླ་ཆེན་བདག་ཞལ་མཐོང་བ་ཐེ་ཚོམ་མེད། ཕྱི་རབ་(རབས)་དུས་མཐའི་རྣལ་འབྱོར་སྤྱོད་ཡུལ་མཛོད། ཡུམ་ཆེན་མཁའ་འགྲོའི་གཉེར་གཏད་ཐུབ་པར་གྱིས། ཅེས་གསུངས་ནས་མན་ངག་བཀའི་གཉེར་གཏད་མཛད། སློབ་དཔོན་ཆེན་པོ་བྷེ་རོ་ཙ་ན་དང་། སྟང་ཆེན་དམུ་ཚ་འོད་ལྡན་འབར་མས། ཤིན་ཏུ་ཟབ་པར་གཟིག་(གཟིགས)་ནས་ཐུགས་ལ་སྦས། དེས་ནས་དུས་དང་ལས་ཀྱི་དབང་བསྒྱུར་ནས། གནས་མཆོག་དམ་པ་ཤེལ་ལེ་རྫོང་དྲུག་དུ། དུས་མཐའི་རྣལ་འབྱོར་བདག་ལ་བསྙན་(སྙན)་དུ་བརྒྱུད། བདག་གིས་སྦས་དང་གསང་རྒྱ་ཐུབ་པར་བྱ་(བྱས)། དད་ལྡན་གྲོགས་པོའི་རྐྱེན་གྱིས་བསྐུལ་བའི་ངོར། དཀར་ཆགས་ཡི་གེ་རིས་སུ་བྲིས་པ་འདི། བླ་མ་ཡབ་ཡུམ་སྐུ་ལ་མཐོལ་ལོ་བཤགས། བཀའ་སྐྱོང་སྲུང་མ་རྣམས་ལ་བཟོད་པར་གསོལ། དགེ་བའི་འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག་ཡུམ་ཅིག་མཁའ་འགྲོ་སྲིད་པའི་རྒྱལ་མོའི་(མོས།)ཕྱི་རབ་(རབས)་ལས་ལྡན་གཤེན་ལ་བརྒྱུད་པ་དགེ་ལེགས་འཕེལ།།
de ltar bla chen gsang ba'i dril bsgrubs (sgrub) thugs sgrubs (sgrub) gsal ba'i me long zhes bya ba phyi rabs 'gro ba rnams kyi don ched du/ gau sla khyer bde man ngag don 'dus yin/ phyi rab (rabs) rnal 'byor blo chung don ched du/ lta ba mdo bsdus bsgom pa'i man ngag snyed (rnyed/)'bras bu sangs rgyas dgongs pa mthong ba'i phyir/ thugs kyi bsgrub (sgrub) pa dmar byang 'di nyid bsgrub/ bla chen bdag zhal mthong ba the tshom med/ phyi rab (rabs) dus mtha'i rnal 'byor spyod yul mdzod/ yum chen mkha' 'gro'i gnyer gtad thub par gyis/ ces gsungs nas man ngag bka'i gnyer gtad mdzad/ slob dpon chen po b+he ro tsa na dang / stang chen dmu tsha 'od ldan 'bar mas/ shin tu zab par gzig (gzigs) nas thugs la sbas/ des nas dus dang las kyi dbang bsgyur nas/ gnas mchog dam pa shel le rdzong drug du/ dus mtha'i rnal 'byor bdag la bsnyan (snyan) du brgyud/ bdag gis sbas dang gsang rgya thub par bya (byas)/ dad ldan grogs po'i rkyen gyis bskul ba'i ngor/ dkar chags yi ge ris su bris pa 'di/ bla ma yab yum sku la mthol lo bshags/ bka' skyong srung ma rnams la bzod par gsol/ dge ba'i 'gro kun sangs rgyas thob par shog yum cig mkha' 'gro srid pa'i rgyal mo'i (mos/)phyi rab (rabs) las ldan gshen la brgyud pa dge legs 'phel//


Additional miscellaneous Collections

Mongolian Canon


source rKTs &