Catalog entry rKTs-B5832
རྒྱལ་ཡུམ་ཀུན་གསལ་བྱམས་མ་ཆེན་མོའི་རྩ་བ་སྔགས་བསྟོད་ཉི་ཤུ་རྩ་གཅིག་པའི་འགྲེལ་བ་མུ་ཏིག་མཛེས་པའི་ཆུན་འཕྱང
rgyal yum kun gsal byams ma chen mo'i rtsa ba sngags bstod nyi shu rtsa gcig pa'i 'grel ba mu tig mdzes pa'i chun 'phyang




Bkt151.2

རྒྱལ་ཡུམ་ཀུན་གསལ་བྱམས་མ་ཆེན་མོའི་རྩ་བ་སྔགས་བསྟོད་ཉི་ཤུ་རྩ་གཅིག་པའི་འགྲེལ་བ་མུ་ཏིག་མཛེས་པའི་ཆུན་འཕྱང
rgyal yum kun gsal byams ma chen mo'i rtsa ba sngags bstod nyi shu rtsa gcig pa'i 'grel ba mu tig mdzes pa'i chun 'phyang


Location
set MW30498: volume 'bras bu rdzogs sangs rgyas pa byams ma sngags bstod - folios 1a1-38b1

Colophon
ཅེས་རྒྱལ་ཡུམ་ཀུན་གསལ་བྱམས་མ་ཆེན་མོའི་རྩ་བ་སྔགས་བསྟོད་ཉི་ཤུ་རྩ་གཅིག་པའི་འགྲེལ་བ་མུ་ཏིག་མཛེས་པའི་ཆུན་འཕྱང་ཞེས་བྱ་བ་འདི་ནི། ཐོས་བསམ་གྱི་བག་ཆགས་སྲབ་ཅིང་ཤེས་བྱའི་བློ་གྲོས་ཀྱི་མིག་དཀྱུས་ཐུང་བྱ་བ་བྱེད་པ་ནི། བཞད་བགད་ཀྱི་གནས་ལས་ཅི་ཞིག་སྟེ། འོན་ཀྱང་འགྲན་བྲལ་གྲུབ་པའི་དབང་ཕྱུག་མཁྱེན་པའི་སྤྱན་ཡངས་ཁྲོ་སྤྲུལ་གཡུང་དྲུང་མཐོང་གྲོལ་མཆོག་ནས་བཀས་ནན་བསྐུལ་སྤྱི་བོར་ཡང་ཡང་ཕེབས་(ཕབ)་པ་དང་། ལྷག་པར་བཀའ་དྲིན་མཚུངས་མེད་ཤར་རྫའི་རྣལ་འབྱོར་མང་གའི་མཚན་ཅན་ནས་འདི་ལྟར་བགྱིས་ན་ལེགས་ཚུལ་གྱི་ཞལ་གྱི་བདུད་རྩི་གནང་རྩོལ་བྱུང་བ་ཡིད་ལ་བཅིང་བཞིན། ཉེ་བར་མཆོག་གཟིགས་དམ་པ་རྟོགས་ལྡན་བསྟན་འཛིན་ཡེ་ཤེས་ནས་བཀའ་ནན་གསུངས་འཕྲོས་འཕྲལ་དུ་ཕེབ་(ཕབ)་པར་བརྟེན་ནས། རང་བཟོ་དང་རྟོགས་འདོད་ཀྱི་དྲི་མའི་(མས)་མ་སྦག་པར། ཀུན་གསལ་རྒྱས་པའི་རྒྱུད་འབུམ་སྒྲུབ་ཐབས་རྣམས་ཀྱི་ལུང་གིས་ངེས་གསལ་བྱས། ས་བཅད་རྣམ་པ་གསུམ་གྱི་ཁོང་(ཁོངས)་སུ་དྲངས་བའི་འབྲུ་འགྲེལ་གོ་སླ་གཙོ་རུ་སྟོན་ནས་གབ་སྦས་མེད་པར་ལྷག་བསམ་དག་པས་བཀོད་པ། རབ་བྱུང་བཅོ་ལྔ་པའི་ནང་ཚན་ཆོ་འཕྲུལ་ཅེས་པ་ཤིང་ཕོ་འབྲུག་གི་ལོའི་ཆོ་འཕྲུལ་ཝ་(ཟླ)་བའི་དཀར་ཕྱོགས་སུ། རྫ་སྟོད་ཁྲོམ་བཟང་བཀྲ་ཤིས་རྫོང་གི་འདུས་གནས་བདེ་ཆེན་ཕུན་ཚོགས་གླིང་དུ་འདི་ཉིད་ལ་དད་པ་བརྟན་པོར་ཐོབ་ཅིང་དབང་ལུང་ལེགས་པར་རྫོགས་པའི་སྙོམས་ལས་པ། ཁྲོ་རིགས་ཡིད་བཞིན་དབང་རྒྱལ་དུ་འབོད་པས་བགྱིས་པ་ཤེས་བྱའི་བློ་གྲོས་ཀྱི་མིག་དཀྱུས་ཐུང་བ་བདག་འདྲས་བསྟན་པའི་རྒྱན་དང་འགྲོ་བའི་དོན་རྒྱ་ཆེན་པོར་ནུས་པའི་རྒྱུར་གྱུར་ཅིག།
ces rgyal yum kun gsal byams ma chen mo'i rtsa ba sngags bstod nyi shu rtsa gcig pa'i 'grel ba mu tig mdzes pa'i chun 'phyang zhes bya ba 'di ni/ thos bsam gyi bag chags srab cing shes bya'i blo gros kyi mig dkyus thung bya ba byed pa ni/ bzhad bgad kyi gnas las ci zhig ste/ 'on kyang 'gran bral grub pa'i dbang phyug mkhyen pa'i spyan yangs khro sprul g.yung drung mthong grol mchog nas bkas nan bskul spyi bor yang yang phebs (phab) pa dang / lhag par bka' drin mtshungs med shar rdza'i rnal 'byor mang ga'i mtshan can nas 'di ltar bgyis na legs tshul gyi zhal gyi bdud rtsi gnang rtsol byung ba yid la bcing bzhin/ nye bar mchog gzigs dam pa rtogs ldan bstan 'dzin ye shes nas bka' nan gsungs 'phros 'phral du pheb (phab) par brten nas/ rang bzo dang rtogs 'dod kyi dri ma'i (mas) ma sbag par/ kun gsal rgyas pa'i rgyud 'bum sgrub thabs rnams kyi lung gis nges gsal byas/ sa bcad rnam pa gsum gyi khong (khongs) su drangs ba'i 'bru 'grel go sla gtso ru ston nas gab sbas med par lhag bsam dag pas bkod pa/ rab byung bco lnga pa'i nang tshan cho 'phrul ces pa shing pho 'brug gi lo'i cho 'phrul wa (zla) ba'i dkar phyogs su/ rdza stod khrom bzang bkra shis rdzong gi 'dus gnas bde chen phun tshogs gling du 'di nyid la dad pa brtan por thob cing dbang lung legs par rdzogs pa'i snyoms las pa/ khro rigs yid bzhin dbang rgyal du 'bod pas bgyis pa shes bya'i blo gros kyi mig dkyus thung ba bdag 'dras bstan pa'i rgyan dang 'gro ba'i don rgya chen por nus pa'i rgyur gyur cig/


Additional miscellaneous Collections

Mongolian Canon


source rKTs &