set MW30498: volume 'bras bu rdzogs sangs rgyas pa byams ma sngags bstod - folios 1a1-18a6
Colophon དེ་སྔ་འབྲས་བུ་རྫོགས་སངས་རྒྱས་པའི་རྒྱུད་དེ་ཚང་པར་གཏེར་ལ་ཐོན་པར་འདུག་ཀྱང་། ད་ལྟ་ཚིག་འཕྲོ་རྟགས་བྱས་པ་དེ་ལས་མི་འདུག་པས། དེ་ཡན་དེའི་རྗེས་སུ་ལམ་མངོན་སངས་རྒྱས་པའི་གཞུག་གི་འབྲས་བུ་དེ་ལ་དྲིལ་ནས་གཞུང་ལུགས་ཇི་ལྟ་བ་ལ། བདག་གིས་སྤོས་བཅས་རྒྱས་པར་བྱས་ཏེ། འཆད་ན་ཟིན་རིས་བདེ་བའི་ཡན་ལག་བལྟས་ན་ངོ་མཚར་དགའ་བྱེད། ཡང་དག་པར་དེ་ཁོ་ན་ཉིད་ཀྱི་དོན་འགྲེལ། རྣམ་འབྱེད་ཉི་མའི་འཁོར་ལོ་གསང་བ་གཏེར་གྱི་ཐིག་པ་ཞེས་བྱ་བ། རང་གཞུང་གི་དཀྱིལ་འཁོར་སྟོང་དང་དྲུག་བརྒྱ་ལ་ངེས་པའི་བཤད་བྱང་ཐོབ་པ་དང*། ཁྱད་པར་དུ་གཞུང་ལུགས་རྒྱལ་བ་རྒྱ་མཚོའི་རྒྱུད་འགྲེལ་པ་དང*། བཤད་བྱང་བསྒོམ་བྱང་སྒྲུབ་པ་ལག་ལེན་གདམས་ངག་བཅས་པ་ལ་མངོན་(སྔོན)་སྦྱང་གི་འཕྲོ་ལས། དུས་འདིར་ཤེས་རབ་ཀྱི་སྣང་བ་ཡོངས་སུ་རྒྱས་པ། དམུ་རྒྱལ་རྣལ་འབྱོར་ཉི་མའི་མིང་ཅན་གྱིས། ཁྱུང་པོའི་ས་གནས་གཡུ་རི་མོའི་ནང་འཇག་ནེ་དེལ་འཐོན་ཞེས་བྱ་བར། རང་མདུན་དུ་བླ་མ་ཡི་དམ་མཁའ་འགྲོ་བཞུགས་པར་མཛད་དེ། སྐྱོན་སྤང་ཤེས་རབ་རྣམ་པར་དག་པའི་སྒོ་ནས་བརྩམས་ཞིང་བསྒྲིགས་པ་དགེ་ལེགས་འཕེལ། ས་ཕོ་བྱི་བའི་ལོ་རྒྱ་ནག་པོའི་ཟླ་བ་དྲུག་པ་རྒྱ་གར་བས་ལོ་མིང་ཀུན་འཛིན་ཅེས་བྱ་བ། ཧོར་ཟླ་ལྔ་པའི་ཉེར་དྲུག་གི་ཉིན་གྲུབ་པར་བགྱིས།། de snga 'bras bu rdzogs sangs rgyas pa'i rgyud de tshang par gter la thon par 'dug kyang / da lta tshig 'phro rtags byas pa de las mi 'dug pas/ de yan de'i rjes su lam mngon sangs rgyas pa'i gzhug gi 'bras bu de la dril nas gzhung lugs ji lta ba la/ bdag gis spos bcas rgyas par byas te/ 'chad na zin ris bde ba'i yan lag bltas na ngo mtshar dga' byed/ yang dag par de kho na nyid kyi don 'grel/ rnam 'byed nyi ma'i 'khor lo gsang ba gter gyi thig pa zhes bya ba/ rang gzhung gi dkyil 'khor stong dang drug brgya la nges pa'i bshad byang thob pa dang*/ khyad par du gzhung lugs rgyal ba rgya mtsho'i rgyud 'grel pa dang*/ bshad byang bsgom byang sgrub pa lag len gdams ngag bcas pa la mngon (sngon) sbyang gi 'phro las/ dus 'dir shes rab kyi snang ba yongs su rgyas pa/ dmu rgyal rnal 'byor nyi ma'i ming can gyis/ khyung po'i sa gnas g.yu ri mo'i nang 'jag ne del 'thon zhes bya bar/ rang mdun du bla ma yi dam mkha' 'gro bzhugs par mdzad de/ skyon spang shes rab rnam par dag pa'i sgo nas brtsams zhing bsgrigs pa dge legs 'phel/ sa pho byi ba'i lo rgya nag po'i zla ba drug pa rgya gar bas lo ming kun 'dzin ces bya ba/ hor zla lnga pa'i nyer drug gi nyin grub par bgyis//