set MW30498: volume gsang gling rnam thar stod cha - folios 1a1-18b4
Colophon ཞེས་པ་མཁའ་འགྲོ་གསང་བའི་སྙིང་ཐིག་གི་གཡང་སྒྲུབ་འདོད་རྒུ་གཏེར་ཕྲེང་འདི་ཉིད་མདོ་སྨད་སྡེ་དགེ་འབྲུ་ཀློང་གདོང་མཛོད་སྨུག་པོའི་ཉེ་འདབས་སྲིད་རྒྱལ་གནས་ལ་མཁའ་འགྲོ་འོད་ལྡན་འབར་མས་ཤོག་སེར་སྐུ་ཚབ་བཅས་གཏེར་དུ་སྦས་ཤིང་ཕྱིས་དུས་བབ་ཀྱི་སྐབས་སུ་ཉག་གཏེར་མཁའ་འགྲོའི་མིང་འཛིན་བདེ་ཆེན་དབང་མོས་གསོལ་བ་བཏབ་ཚེ་སྲིད་པ་རྒྱལ་མོའི་ལུང་སྟོན་གསལ་ཆ་ཅན་འབྱུང་བཞིན། རིག་འཛིན་གཏེར་སྟོན་དང་སྐལ་བཟང་སྐྱེས་བུ་མང་པོ་བཅས་གནས་ལམ་དུ་ཕེབས་ཚེ་སྲིད་པ་རྒྱལ་མོའི་ཞལ་དངོས་སུ་གཟིགས་ཤིང་མཆོད་གསོལ་བགྱིས་པ་ལ། རིགས་ལྡན་དབང་མོའི་ཟབ་གཏེར་རིན་པོ་ཆེ་དངོས་གྲུབ་ཐོབ་ཅིང་གེགས་མེད་གྱུར། རྗེས་སུ་ཟབ་གཏེར་བཀའ་རྒྱ་གྲོལ་ཚེ་རིང་ནས་སྟག་ཞིག་མཆོག་སྤྲལ་དང། དྲང་སྲོང་སེང་གེ་ཉི་མ་དང། བདུད་འདུལ་ཉི་མ་། གཡུང་དྲུང་རྒྱལ་མཚན་སོགས་དང་། ཉེ་བར་ཁོད་སྤུངས་མཆོག་སྤྲལ་སྐལ་བཟང་བསྟན་པའི་རྒྱལ་མཚན་ཁུ་དབོན། ཁྱུང་པོའི་མཚམས་པ་གཡུང་དྲུང་རྣམ་དག་ཚུལ་ཁྲིམས་རྒྱལ་མཚན་རྣམ་དག་དོན་ལྡན་ལྷ་རིས་པ་གཡུང་དྲུང་ཡེ་ཤེས་ནམ་མཁའ་དབང་ལྡན། ཚུལ་ཁྲིམས་མཆོག་རྒྱལ་སོགས་ཀྱིས་བསྐྱལ་བཞིན། ཉག་ཤོད་གནས་ཆེན་ཡོངས་ཀྱི་གཙོ་བོ་བདེར་གཤེགས་ཡོངས་འདུས་དབལ་རོང་གསང་བ་ཡོངས་རྫོང་གི་མདུན་ཞོལ་དུ། དྲང་སྲོང་དགའ་བའི་སྐྱེད་མོའི་ཚལ་ལུང་རྟོགས་བསྟན་པ་འཕེལ་རྒྱས་གླིང་དུ། མཁའ་འགྲོ་དབང་མོས་ཤོག་སེར་ལས་དག་པར་ཕབ། དགེ་དེས་གཡུང་དྲུང་གི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ཏེ་འགྲོ་ཀུན་དགེ་བསམ་ཡིད་བཞིན་དུ་འགྲུབ་པའི་རྒྱུ་རུ་གྱུར་ཅིག། zhes pa mkha' 'gro gsang ba'i snying thig gi g.yang sgrub 'dod rgu gter phreng 'di nyid mdo smad sde dge 'bru klong gdong mdzod smug po'i nye 'dabs srid rgyal gnas la mkha' 'gro 'od ldan 'bar mas shog ser sku tshab bcas gter du sbas shing phyis dus bab kyi skabs su nyag gter mkha' 'gro'i ming 'dzin bde chen dbang mos gsol ba btab tshe srid pa rgyal mo'i lung ston gsal cha can 'byung bzhin/ rig 'dzin gter ston dang skal bzang skyes bu mang po bcas gnas lam du phebs tshe srid pa rgyal mo'i zhal dngos su gzigs shing mchod gsol bgyis pa la/ rigs ldan dbang mo'i zab gter rin po che dngos grub thob cing gegs med gyur/ rjes su zab gter bka' rgya grol tshe ring nas stag zhig mchog spral dang/ drang srong seng ge nyi ma dang/ bdud 'dul nyi ma / g.yung drung rgyal mtshan sogs dang / nye bar khod spungs mchog spral skal bzang bstan pa'i rgyal mtshan khu dbon/ khyung po'i mtshams pa g.yung drung rnam dag tshul khrims rgyal mtshan rnam dag don ldan lha ris pa g.yung drung ye shes nam mkha' dbang ldan/ tshul khrims mchog rgyal sogs kyis bskyal bzhin/ nyag shod gnas chen yongs kyi gtso bo bder gshegs yongs 'dus dbal rong gsang ba yongs rdzong gi mdun zhol du/ drang srong dga' ba'i skyed mo'i tshal lung rtogs bstan pa 'phel rgyas gling du/ mkha' 'gro dbang mos shog ser las dag par phab/ dge des g.yung drung gi bstan pa rin po che dar zhing rgyas te 'gro kun dge bsam yid bzhin du 'grub pa'i rgyu ru gyur cig/