Catalog entry rKTs-B5822
བསྟན་གཉིས་གསང་སྔགས་གླིང་པའི་བཀའ་འབུམ་ལས་དགེ་སྡིག་རྣམ་པར་འབྱེད་པ་དམྱལ་བའི་མཐོང་སྣང
bstan gnyis gsang sngags gling pa'i bka' 'bum las dge sdig rnam par 'byed pa dmyal ba'i mthong snang




Bkt149.7

བསྟན་གཉིས་གསང་སྔགས་གླིང་པའི་བཀའ་འབུམ་ལས་དགེ་སྡིག་རྣམ་པར་འབྱེད་པ་དམྱལ་བའི་མཐོང་སྣང
bstan gnyis gsang sngags gling pa'i bka' 'bum las dge sdig rnam par 'byed pa dmyal ba'i mthong snang


Location
set MW30498: volume gsang gling rnam thar stod cha - folios 1a1-17b5

Colophon
ཅེས་པའི་དམྱལ་སྣང་མང་པོ་དངོས་སུ་བྱུང་ཡང་རང་རྒྱུད་སྦྱང་བའི་མན་ངག་མ་གཏོགས་གཞན་ལ་བསྐུལ་བའི་གདམས་པ་བསྟན་རྒྱུ་གཏན་ནས་མ་བསམ་ཀྱང། རིགས་ལྡན་མཁའ་འགྲོ་དབང་མོ་དང་། མཆོག་སྤྲུལ་གཡུང་དྲུང་ཉི་མ་གཉིས་ཀྱི་དགེ་བསྐུལ་ཕྱིར་དུ་ལས་ཅན་ལ་བལྟ་བའི་མེ་ལོང་དམྱལ་སྣང་དེ་ཕབ་དགོས་ཀྱི་ནན་ཏན་དང་མ་ཟད་ཁོ་བོའི་རྒྱུས་མཆོག་སྤྲུལ་སྐུ་གྲགས་པ་ནས་ཀྱང་དངོས་རྫས་ཀྱི་མཚམས་སྦྱར་ཏེ་འགྲོ་བ་ལ་སྐྱོ་ཤས་ངེས་འབྱུང་དགེ་བསྐུལ་ཕྱིར། ཁྱུང་དབོན་ཉི་མ་རྒྱལ་མཚན་དྲང་སྲོང་ཚུལ་ཁྲིམས་མཆོག་རྒྱལ། དཔེ་བསྟན་གྱི་དམྱལ་སྣང་དེ་ཕབ་དགོས་གསུང་ནན་གནང་བ་དང་། ལྷག་པར་ཡེ་ཤེས་དགོན་གྱི་དགེ་བཤེས་དབང་རྒྱལ། རྟོགས་ལྡན་བསོད་ནམས་ཚེ་དབང་། བླ་གྲཝ་ཡོངས་རྫོགས་ཀྱི་དམྱལ་སྣང་དགེ་བསྐུལ་མཚམས་རྩ་བཞག་པ་དང*། ཉེ་བར་གཡུང་དྲུང་ཡེ་ཤེས། གཡུང་དྲུང་དཔལ་ལྡན། བསྐལ་བཟང་བསྟན་རྒྱལ་སོགས་དང་མང་པོའི་བསྐུལ་ངོར་ལྡོག་མ་ནུས་པ། བསྟན་གཉིས་གསང་སྔགས་གླིང་པས་དམྱལ་སྣང་མ་བཅོས་པ་རང་དགོན་གཡུང་དྲུང་མཐོང་སྨོན་གླིང་དུ་བྲིས་པས། དགེ་དེས་མཁའ་ཁྱབ་སེམས་ཅན་ཐམས་ཅད་བདེ་ཆེན་ཞིང་དུ་དབུགས་འབྱིན་ཐོབ་པའི་རྒྱུ་རུ་གྱུར་ཅིག།
ces pa'i dmyal snang mang po dngos su byung yang rang rgyud sbyang ba'i man ngag ma gtogs gzhan la bskul ba'i gdams pa bstan rgyu gtan nas ma bsam kyang/ rigs ldan mkha' 'gro dbang mo dang / mchog sprul g.yung drung nyi ma gnyis kyi dge bskul phyir du las can la blta ba'i me long dmyal snang de phab dgos kyi nan tan dang ma zad kho bo'i rgyus mchog sprul sku grags pa nas kyang dngos rdzas kyi mtshams sbyar te 'gro ba la skyo shas nges 'byung dge bskul phyir/ khyung dbon nyi ma rgyal mtshan drang srong tshul khrims mchog rgyal/ dpe bstan gyi dmyal snang de phab dgos gsung nan gnang ba dang / lhag par ye shes dgon gyi dge bshes dbang rgyal/ rtogs ldan bsod nams tshe dbang / bla grwa yongs rdzogs kyi dmyal snang dge bskul mtshams rtsa bzhag pa dang*/ nye bar g.yung drung ye shes/ g.yung drung dpal ldan/ bskal bzang bstan rgyal sogs dang mang po'i bskul ngor ldog ma nus pa/ bstan gnyis gsang sngags gling pas dmyal snang ma bcos pa rang dgon g.yung drung mthong smon gling du bris pas/ dge des mkha' khyab sems can thams cad bde chen zhing du dbugs 'byin thob pa'i rgyu ru gyur cig/


Additional miscellaneous Collections

Mongolian Canon


source rKTs &