Catalog entry rKTs-B5818
ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས་གནས་གསུམ་མཁའ་འགྲོ་རྒྱ་མཚོའི་བཀའ་ཡི་ཐང་ཡིག་གསང་བའི་མདོ་ཆེན་ཉི་མའི་སྙིང་པོ་མུན་སེལ་སྒྲོན་མེ
zab gsang mkha' 'gro'i snying thig las gnas gsum mkha' 'gro rgya mtsho'i bka' yi thang yig gsang ba'i mdo chen nyi ma'i snying po mun sel sgron me




Bkt149.3

ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས་གནས་གསུམ་མཁའ་འགྲོ་རྒྱ་མཚོའི་བཀའ་ཡི་ཐང་ཡིག་གསང་བའི་མདོ་ཆེན་ཉི་མའི་སྙིང་པོ་མུན་སེལ་སྒྲོན་མེ
zab gsang mkha' 'gro'i snying thig las gnas gsum mkha' 'gro rgya mtsho'i bka' yi thang yig gsang ba'i mdo chen nyi ma'i snying po mun sel sgron me


Location
set MW30498: volume gsang gling rnam thar stod cha - folios 1a1-188b5

Colophon
ཅེས་པའི་ཟབ་གསང་མཁའ་འགྲོའི་རྒྱ་མཚོའི་སྙིང་ཐིག་རྣམ་ཐར་གསང་བའི་མཛོད་ཆེན་ཉི་མའི་སྙིང་པོ་མུན་སེལ་སྒྲོན་མེ་འདི་ནི་ཉག་ཤོད་ཡུལ་དུ་སྐྱེས་པའི་མཁའ་འགྲོའི་མིང་འཛིན་བདེ་ཆེན་ཆོས་ཀྱི་དབང་མོ་ཞེས་པ་ས་རྟ་ལོར་རྒྱལ་མོ་དམུ་རྡོ་གནས་ཆེན་འདུས་པའི་ཕྱིར་དུ། གཏེར་ཆེན་གསང་སྔགས་གླིང་པ་དང་རང་བཅས་གནས་འབྲེལ་དུ་ཕེབས་པ་ལ། དམུ་རྡོ་ནོར་བུ་ཕུག་དང་མཐའ་བསྐོར་ལམ་དུ་ཚོགས་དང་མཆོད་པ་རྒྱ་ཆེར་མཛད་ཅིང་། གནས་ཆེན་དེ་ལ་གནས་ཕྲན་དྲུག་བཅུ་རྩ་གཅིག་ཡོད་པ་ལས་ཝཾ་བྲག་སྟེང་ས་ཆར་ཡོད་པའི་གཉན་རྗེ་དཀར་ཏོག་གཡུ་ལུང་དམར་པོ་རི་ཁྱུང་བྲག་ཇོ་བོ་རྗེ་སྒོ་བདེ་སོགས་ཀྱི་གནས་ལ་ཚོགས་འབྲེལ་གཏེར་ཀ་བསྐོར་ལམ་སོགས་བརྟེན་(རྟེན)་འབྲེལ་ལེགས་ལམ་གྱུར། བྲག་སྟེང་པ་ཝཾ་སོགས་ཀྱི་དཔོན་སྡེ་ཐམས་ཅད་ཀྱིས་ཞབས་ཞུས་རྒྱ་ཆེར་བསྒྲུབས་ཅིང་དགེ་བཤེས་སྨད་སྡེ་ལ་ཕེབས། སྨད་ཕྱོགས་ཀྱི་དགོན་སྡེ་ཐམས་ཅད་ནས་འབྲེལ་འཇོག་ལེགས་པར་བྱས། ཁྱད་པར་དུ་དད་སྦྱིན་རྒན་པོ་ཁམས་ཐར་ཚེ་རིང་གིས་གཏེར་ཆེན་རང་བཅས་ཁྱིམ་དུ་གདན་དྲངས་པ་ལ། ལམ་ཁར་དུ་བཱི་རོའི་རྫུ་འཕྲུལ་གྱིས་བཞེངས་པའི་མཆོད་རྟེན་ཐམས་ཅད་ལ་ཚོགས་འབྲེལ་དང་བརྟན་བཞུགས་མཛད། དད་སྦྱིན་གྱི་ཁྱིམ་དུ་དེ་ནུབ་ཚོགས་འཁོར་རྒྱ་ཆེར་བགྱིས་བའི་ཐོ་རངས་འོད་གསལ་ངང་དུ་སྣང་བ་ཐམས་ཅད་འོད་ཟེར་དྲཝ་བ་འཁྲིགས་པའི་ཀློང་དུ་མཁའ་འགྲོ་མ་སེང་གེའི་གདོང་ཅན་གཙོ་འཁོར་གྲངས་ལས་འདས་པ་མེ་དཔུང་འབར་བའི་ཀློང་ན་ཞལ་མངོན་སུམ་དུ་མཇལ་ཞིང་སྐུ་ཚབ་གཏེར་སྒྲོམ་བཅས་མངོན་སུམ་དུ་རང་ལ་དངོས་གྲུབ་ཏུ་བབས་ཏེ་རྟེན་འབྲེལ་གེགས་མེད་དུ་གྱུར། གཏེར་སྒྲོམ་མར་མེའི་འོད་སྣང་ལ་བལྟས་པས་མཁའ་འགྲོ་རྒྱ་མཚོའི་རྣམ་ཐར་བཞུགས་ཅིང་གསང་རྒྱ་བསྡམས། གཏེར་སྒྲོམ་སོགས་ཕྱི་ཉིན་མ་རྒྱུད་ཀྱི་གནས་ལ་ཚོགས་དང་མཆོད་པ་རྒྱ་ཆེར་ཕུལ། སྐུ་ཚབ་ཀྱི་དབང་གནང་ཞིང་དད་སྦྱིན་ཚོགས་རྫོགས་པ་དང་ཡུལ་སྡེ་ཐམས་ཅད་ཀྱི་དགེ་སྒྲབ་སྡིག་སྤང་རྒྱ་ཆེན་པོ་གྲུབ་སོང་། ཕྱིས་སུ་གྲུབ་ཆེན་ཡེ་ཤེས་རྡོ་རྗེ་དང་ཤར་རྫའི་རྟོགས་ལྡན་རིན་པོ་ཆེ་གཉིས་ཀྱིས་སྔར་ནས་རང་ལ་བཀའ་གཏེར་དག་སྣང་སོགས་སྙིང་ཐིག་གི་སྐོར་མ་ལུས་པ་ཕབ་དགོས་ཀྱིས་གསུང་ནོན་དང་། ཉེ་བར་གཏེར་ཆེན་བཅས་ཉིད་ལ་སྐུ་གེགས་ཆེ་བར་ཡོད་པ་ལ་ཁྲོ་སྤྲུལ་རིན་པོ་ཆེ་གདན་དྲངས་སོང་བཞིན་དམ་པ་ཉིད་ཕེབ་ཐུབ་ཅིང་སྐུ་རིམ་རྒྱ་ཆེར་རྒྱུན་རིང་བསྒྲུབས་ནས་སྐུ་གེགས་སེལ། དེའི་སྐབས་སུ་རང་ལ་སྙིང་ཐིག་སྐོར་མཁའ་འགྲོ་རྒྱ་མཚོའི་རྣམ་ཐར་ཕབ་དགོས་ཞེས། ཁྲོ་སྤྲུལ་གཡུང་དྲུང་མཐོང་གྲོལ་དང་། དབལ་སྤྲུལ་གཡུང་དྲུང་གཉིས་ཀྱིས་ཡང་ཡང་བཞེད་ངོར་ཟབ་གསང་རྒྱ་ལོ་ངོ་དགུ་ཡི་བཀའ་རྒྱ་གྲོལ་ཏེ་མེ་ཡོས་ཟླ་བ་བཞི་པའི་ཚེས་བཅུའི་ཉིན་པར་དབུ་བཙུགས་ནས་ཟླ་བ་ལྔ་པའི་ཡར་ཚེས་བཅུའི་ཉིན་ཤོག་སེར་བཤུས་གྲུབ་དག་པར་ཕབ་ཅིང་སྤེལ་བས་བསྟན་པའི་ཟབ་གཏེར་རིན་པོ་ཆེ་ཕྱོགས་བརྒྱར་ཁྱབ་ཅིང་འགྲོ་བ་ཡོངས་ཀྱི་དོན་ཆེན་ལྷུན་གྱིས་གྲུབ་པར་ཤོག་ཅིག་ག་ཅེས་པའི་ཐོག་མའི་ཡི་གེ་པ་ནི་གཏེར་ཆེན་ཉིད་ཀྱི་ཆོས་བདག་དགེ་བཤེས་ལྷ་རིས་པ་གཡུང་དྲུང་ཡེ་ཤེས་ཀྱིས་བགྱིས་པ་སྟེ་དགེ་ལེགས་ཀྱི་སྣང་བ་ས་གསུམ་ན་ཁྱབ་སྟེ་གདུལ་བྱ་སྨིན་ཞིང་གྲོལ་བའི་རྒྱུ་རུ་གྱུར་ཅིག་སརྦ་མངྒ་ལམ།
ces pa'i zab gsang mkha' 'gro'i rgya mtsho'i snying thig rnam thar gsang ba'i mdzod chen nyi ma'i snying po mun sel sgron me 'di ni nyag shod yul du skyes pa'i mkha' 'gro'i ming 'dzin bde chen chos kyi dbang mo zhes pa sa rta lor rgyal mo dmu rdo gnas chen 'dus pa'i phyir du/ gter chen gsang sngags gling pa dang rang bcas gnas 'brel du phebs pa la/ dmu rdo nor bu phug dang mtha' bskor lam du tshogs dang mchod pa rgya cher mdzad cing / gnas chen de la gnas phran drug bcu rtsa gcig yod pa las waM brag steng sa char yod pa'i gnyan rje dkar tog g.yu lung dmar po ri khyung brag jo bo rje sgo bde sogs kyi gnas la tshogs 'brel gter ka bskor lam sogs brten (rten) 'brel legs lam gyur/ brag steng pa waM sogs kyi dpon sde thams cad kyis zhabs zhus rgya cher bsgrubs cing dge bshes smad sde la phebs/ smad phyogs kyi dgon sde thams cad nas 'brel 'jog legs par byas/ khyad par du dad sbyin rgan po khams thar tshe ring gis gter chen rang bcas khyim du gdan drangs pa la/ lam khar du bI ro'i rdzu 'phrul gyis bzhengs pa'i mchod rten thams cad la tshogs 'brel dang brtan bzhugs mdzad/ dad sbyin gyi khyim du de nub tshogs 'khor rgya cher bgyis ba'i tho rangs 'od gsal ngang du snang ba thams cad 'od zer drwa ba 'khrigs pa'i klong du mkha' 'gro ma seng ge'i gdong can gtso 'khor grangs las 'das pa me dpung 'bar ba'i klong na zhal mngon sum du mjal zhing sku tshab gter sgrom bcas mngon sum du rang la dngos grub tu babs te rten 'brel gegs med du gyur/ gter sgrom mar me'i 'od snang la bltas pas mkha' 'gro rgya mtsho'i rnam thar bzhugs cing gsang rgya bsdams/ gter sgrom sogs phyi nyin ma rgyud kyi gnas la tshogs dang mchod pa rgya cher phul/ sku tshab kyi dbang gnang zhing dad sbyin tshogs rdzogs pa dang yul sde thams cad kyi dge sgrab sdig spang rgya chen po grub song / phyis su grub chen ye shes rdo rje dang shar rdza'i rtogs ldan rin po che gnyis kyis sngar nas rang la bka' gter dag snang sogs snying thig gi skor ma lus pa phab dgos kyis gsung non dang / nye bar gter chen bcas nyid la sku gegs che bar yod pa la khro sprul rin po che gdan drangs song bzhin dam pa nyid pheb thub cing sku rim rgya cher rgyun ring bsgrubs nas sku gegs sel/ de'i skabs su rang la snying thig skor mkha' 'gro rgya mtsho'i rnam thar phab dgos zhes/ khro sprul g.yung drung mthong grol dang / dbal sprul g.yung drung gnyis kyis yang yang bzhed ngor zab gsang rgya lo ngo dgu yi bka' rgya grol te me yos zla ba bzhi pa'i tshes bcu'i nyin par dbu btsugs nas zla ba lnga pa'i yar tshes bcu'i nyin shog ser bshus grub dag par phab cing spel bas bstan pa'i zab gter rin po che phyogs brgyar khyab cing 'gro ba yongs kyi don chen lhun gyis grub par shog cig ga ces pa'i thog ma'i yi ge pa ni gter chen nyid kyi chos bdag dge bshes lha ris pa g.yung drung ye shes kyis bgyis pa ste dge legs kyi snang ba sa gsum na khyab ste gdul bya smin zhing grol ba'i rgyu ru gyur cig sarba mang+ga lam/


Additional miscellaneous Collections

Mongolian Canon


source rKTs &