Colophon དེ་ལྟར་ཐམས་ཅད་མཁྱེན་པ་ཆེན་པོ་དམུ་སྲས་རྒྱུད་པ་དང་བཅས་པ་ཡིས་མདོ་རྒྱུད་གངས་ཅན་དུ་འགྱུར་རོ་ཅོག་ཇི་སྙེད་པ་ཕྱོགས་གཅིག་ཏུ་བསྒྲིགས་པ་གཤེན་རབ་བཀའ་འབུམ་དཀར་ཆག་རྩོམས་(རྩོམ)་པའི་གཏམ་སྲིད་པའི་སྒྲོན་མེ་གཞོན་ནུའི་འཁྲི་ཤིང་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་ཞེས་བྱ་བ་མཐའ་རྒྱས་ཀྱི་བར་སྐབས་ཚིགས་སུ་བཅད་པ་ཞང་ཞུང་གི་མཁས་པ་གཙང་གཤེན་སྙན་ངགས་ཀྱིས་(ངག་གི)་ལུགས་ལ་ཚིག་རྐྱང་བརྒྱད་བཅུ་འཕེལ་ཡོད་པ་བཀྲ་ཤིས་པ་པོ་སྐྱེ་འགྲོའི་ལེགས་བཤད་གཏམ་གྱི་འགྲེལ་འདི་ནི། གྲུབ་ཐོབ་སྤ་ཡི་གདུང་ལས་སྐུ་འཁྲུངས་པའི་མཁས་བཙུན་བཟང་པོའི་ཡོན་ཏན་ཅན་ཉི་མ་འབུམ་གསལ་དང་ནམ་མཁའ་སྒྲོན་གསལ་གཉིས་ཀྱི་རྒྱ་རིངས་ལོ་ཧོར་གྱི་ཡུལ་ནས་གསུང་གིས་བསྐུར་(བསྐུལ)་པ་ལ་བརྩོན་ལྷུར་བླངས་ཏེ། མཁས་ཤིང་གྲུབ་པའི་ཁྱབ་བདག་སྐྱེས་བུ་བདུན་གྱིས་གསུང་ལས་སྐྱེས་པ་སློབ་འབང་(འབངས)་ཡོངས་གི་(ཀྱི)་ཐལ་ཤལ་བ། རིག་འཛིན་སློབ་དཔོན་ཆེན་པོ་ཡབ་སྲས་ཀྱི་ལུང་གིས་སྦས་མངོན་མིང་ལྔ་འབོད་པ། མིང་དངོས་མི་འགྱུར་ཚེ་དབང་གསང་སྔགས་གྲགས་པའམ། རིག་འཛིན་ཀུན་གྲོལ་གསང་བ་རྩལ་ཞེས་བགྱིས་པ་བདག་ཅག་གི་སྟོན་པ་རྣམ་མཁྱེན་རྒྱལ་བ་གཤེན་རབ་དགོངས་པ་ཞི་དབྱིངས་སུ་གནས་པའི་ཚུལ་བསྟན་ནས། བསྒྲངས་(བགྲང)་བྱ་འདས་པ་མེ་མོ་ཕག་གི་ལོ་ཆུ་སྟོད་ཟླ་བའི་དཀར་ཕྱོགས་བཅོམ་ལྡན་ཐུབ་པའི་དཔང་པོས་ཚེས་བཞི་ཆོས་འཁོར་བསྐོར་བ་དང་ཚེས་བཅོ་ལྔ་ལྷུམས་སུ་ཞུགས་ཀྱི་བར་དུ། རིགས་བཞིའི་ནང་ཚན་རིན་ཆེན་རིགས་ཀྱིས་(ཀྱི)་གནས་མཆོག་བམ་བྲག་བརྩེགས་པ་རིན་ཆེན་འབར་བའི་མཐིལ་མཚོ་སྟེང་བདེ་ལྡན་ཁྲོད་ཀྱིས་(ཀྱི)་འོག་མིན་འཆི་མེད་གཡུང་དྲུང་བཀོད་པའི་ཁང་བཟང་དུ་བྲིས་པ་དགེ་ལེགས་སུ་གྱུར་ཅིག་ཐ་ཚན་མུ་ཙུག་སྨར་རོ།། de ltar thams cad mkhyen pa chen po dmu sras rgyud pa dang bcas pa yis mdo rgyud gangs can du 'gyur ro cog ji snyed pa phyogs gcig tu bsgrigs pa gshen rab bka' 'bum dkar chag rtsoms (rtsom) pa'i gtam srid pa'i sgron me gzhon nu'i 'khri shing phyogs las rnam par rgyal ba'i rgyal mtshan zhes bya ba mtha' rgyas kyi bar skabs tshigs su bcad pa zhang zhung gi mkhas pa gtsang gshen snyan ngags kyis (ngag gi) lugs la tshig rkyang brgyad bcu 'phel yod pa bkra shis pa po skye 'gro'i legs bshad gtam gyi 'grel 'di ni/ grub thob spa yi gdung las sku 'khrungs pa'i mkhas btsun bzang po'i yon tan can nyi ma 'bum gsal dang nam mkha' sgron gsal gnyis kyi rgya rings lo hor gyi yul nas gsung gis bskur (bskul) pa la brtson lhur blangs te/ mkhas shing grub pa'i khyab bdag skyes bu bdun gyis gsung las skyes pa slob 'bang ('bangs) yongs gi (kyi) thal shal ba/ rig 'dzin slob dpon chen po yab sras kyi lung gis sbas mngon ming lnga 'bod pa/ ming dngos mi 'gyur tshe dbang gsang sngags grags pa'am/ rig 'dzin kun grol gsang ba rtsal zhes bgyis pa bdag cag gi ston pa rnam mkhyen rgyal ba gshen rab dgongs pa zhi dbyings su gnas pa'i tshul bstan nas/ bsgrangs (bgrang) bya 'das pa me mo phag gi lo chu stod zla ba'i dkar phyogs bcom ldan thub pa'i dpang pos tshes bzhi chos 'khor bskor ba dang tshes bco lnga lhums su zhugs kyi bar du/ rigs bzhi'i nang tshan rin chen rigs kyis (kyi) gnas mchog bam brag brtsegs pa rin chen 'bar ba'i mthil mtsho steng bde ldan khrod kyis (kyi) 'og min 'chi med g.yung drung bkod pa'i khang bzang du bris pa dge legs su gyur cig tha tshan mu tsug smar ro//