Catalog entry rKTs-B5611
ཟབ་དོན་གསང་བའི་སྙིང་པོ་ལས་དྲན་པ་ནོར་གཡང་སྒྲུབ་པ
zab don gsang ba'i snying po las dran pa nor g.yang sgrub pa




Bkt140.4

ཟབ་དོན་གསང་བའི་སྙིང་པོ་ལས་དྲན་པ་ནོར་གཡང་སྒྲུབ་པ
zab don gsang ba'i snying po las dran pa nor g.yang sgrub pa


Location
set MW30498: volume tshe g.yang kha sprod - folios 1a1-21b6

Colophon
ཅེས་པ་འཆི་མེད་དྲན་པ་ནམ་མཁའ་ཟབ་དོན་ཚེ་གཡང་ཁ་སྤྲོད་འདི་ནི་ས་སྤྲེལ་ལོར་ལྷ་ལྡན་ཕེབས་སྐབས་སུ་བྱང་ཕག་མོ་གཡུ་མཚོ་མཐོང་སར་སླེབས་པའི་ནུབ་མོ་གྲོགས་དབང་གི་སྒྲོན་མའི་རྨི་ལམ་དུ་སྐྱེས་བུ་ཆུང་ཆུང་ཞིག་བྱུང་ནས་འདི་སྐད་ཟེར། ཨ་ཧོ་སེམས་ཉིད་མེ་ལོང་གཡའ་དག་འདི། རང་འབྱུང་ཡེ་ཤེས་ལམ་མེ་བར། མི་ཟད་རྒྱན་གྱི་འཁོར་ལོ་ཆེ། འགྱུར་མེད་གདེང་ལྡན་ཨེ་མ་ཧོ། འདི་ནས་ཤར་ཕྱོགས་ཕར་འདས་ན། འདོད་འབྱུང་རིན་ཆེན་ནོར་བུ་ཡོད། ཞེས་ཟེར་བ་རྨིས་ནས་ཟབ་གཏེར་དངོས་གྲུབ་ཡོད་པ་འདུག་གསུངས། ཕྱི་ཉིན་ཚོགས་དང་མཆོད་པ་ཕུལ། གནས་དེར་འདུག་པའི་ཐོ་རངས་ལ་གུར་གྱི་ཡར་ཆོན་རྩེར་བྱ་ལུས་ཕུང་ཆུང་ཆུང་། མདོག་སྔོ་བ་དབྱིབས་ལེགས་པ། སྐད་སྙན་པ། སྤུ་རིས་མཛེས་པ་ཞིག་བྱུང་ནས་འདི་སྐད་ཟེར། ཀིང་ཀིང་ཀིང་ཀིང་ཀིང་ཀིང་ཀིང་ཀིང་ལེན་གསུམ་ཟེར་ནས་སྐད་ཤིན་ཏུ་སྙན་ཆ་ཅན་ཞིག་ཐམས་ཅད་ཀྱི་མཐོང་ཐོས་ཡ་མཚན་ཞིག་གྲགས་བྱུང་བ་ལ། གྲོགས་དབང་གི་སྒྲོན་མའི་སྣང་ལམ་དུ་ཨོ་རྒྱན་རིན་པོ་ཆེ་རྡོ་རྗེ་གྲོ་ལོད་རྣམ་པ་ཅན་བྱུང་ནས་བྲོ་ཁྲབ(འཁྲབ)་བྲོ་ཁྲབ་(འཁྲབ)་གསུངས་པ་ལ། བདག་གི་རྣ་ལམ་དུ་གཞི་བདག་གནོད་སྦྱིན་གངས་དཀར་དང་། ཡེ་ཤེས་དབལ་མོ་བྱུང་ནས་འདི་སྐད་ཟེར། ཨེ་མ་ཨ་ལ་ལ་ཧོ། ངོ་མཚར་པདྨའི་ཀློང་འདིར། ཨོ་རྒྱན་རྒྱལ་པོའི་བཀའ་བབ། སྙིགས་མའི་དུས་འདིར་སྨིན་པའི། འཆི་མེད་ཡུམ་ཡབ་རྣམ་རོལ། གནས་འདིར་ཕེབས་པ་ཨེ་མ། རིག་འཛིན་པདྨའི་ནོར་གཏེར། ལས་ཀྱི་འཕྲོ་ཅན་ཁྱོད་ཀྱིས། ཕུད་ཀྱིས་བྲན་ལ་བསྐུལ་ལོ། ཞེས་ཟེར་ནས་མཚོ་ཁ་ལ་ཐལ་ལོ། དེ་ནས་མཚོ་ཡི་རྒྱང་གྲགས་ཙམ་ལ་གཏེར་གྲོགས་བཅས་སླེབས་ཚེ། མཚོ་ཁ་ནས་འོད་དཀར་པོ་སྣམ་བུ་བརྐྱང་བ་འདྲ་བ་ཞིག་གི་སྣེར་གཏེར་བདག་དངོས་སུ་བྱུང་ནས་འདོད་འབྱུང་སྐུ་གས་གཏེར་ཁ་དངོས་གྲུབ་ཐོབ་ཅིང་ཐམས་ཅད་རྟེན་དབང་བསྐུར་བར་བྱས་དེས་རྗེས་གྲུབ་དབང་སྨོན་ལམ་རིན་པོ་ཆེའི་དྲན་པའི་འདྲ་སྐུ་གདན་དྲངས་པ་ཡར་ལ་འབུལ་དགོས་ཀྱི་གསུང་བྲིས་འབྱོར་བ་དང་། ཉེ་བར་རྟོགས་ལྡན་རིན་པོ་ཆེ་བཀྲ་ཤིས་རྒྱལ་མཚན་གྱི་བཀའ་གཏེར་ཕབ་དགོས་ཀྱི་བཀའ་བསྐུལ་ནན་ཆེར་མཛད་པ་དང་། ཁྲོ་སྤྲུལ་གཡུང་དྲུང་མཐོང་གྲོལ། ཉག་གི་དབལ་སྤྲལ་གཡུང་དྲུང་ཚུལ་ཁྲིས་བསྟན་དབང་། མཆོག་སྤྲུལ་གཡུང་དྲུང་ཉི་མ་རྟོགས་ལྡན་ཨ་བླ་ཁྱད་པར་གྲུབ་རྗེའི་ཁྲི་འཛིན་ཀུན་དགའ་རྒྱལ་མཚན་ནས་ཚེ་དཔག་མེད་ཀྱི་འགྲ་(འདྲ)་སྐུ་དང་རིན་ཆེན་གཉིས་པའི་དངོས་རྫས་དང་ལྷ་རིག་(རེག)་གསུང་བྲིས་འབྱོར་བའི་རྟེན་འབྲེལ་ཟབ་དོན་འདྲ་སྐུ་གནང་དགོས་ཀྱི་བསྐུལ་མ་འབྱོར་སྐབས་སུ། ལྷག་པར་གཏེར་གྲོགས་དབང་གི་སྒྲོན་མའི་དགོངས་ལམ་དུ་ཚེ་གཡང་ཁ་སྤྲོད་ཕབ་ཅིང་རྟེན་དེ་ཡར་ཕུལ་ན་བསྟན་འགྲོ་ཐམས་ཅད་ལ་ཕན་ཐོག་གསུང་ནན་དང་། རང་གི་ཆོས་བདག་དགེ་བཤེས་གཡུང་དྲུང་ཡེ་ཤེས་ཁྱུང་པོ་རྟོགས་ལྡན་གཡུང་དྲུང་རྣམ་དག་རིན་ཆེན་རྒྱལ་མཚན་རང་སློབ་གཡུང་དྲུང་དཔལ་ལྡན་སྐལ་བཟང་བསྟན་རྒྱལ་ཚུལ་ཁྲིམས་མཆོག་རྒྱལ་སོགས་ཀྱིས་ཟབ་གཏེར་ཕབ་དགོས་ཀྱི་བསྐུལ་ངོར་ལོ་བཅུ་གསུམ་བཀའ་རྒྱ་དཀྲོལ་ཏེ་གསང་སྔགས་གླིང་པས་དག་པར་ཕབ་ཅིང་། ཐོག་མའི་ཡི་གེ་པ་ནི་དངོས་སློབ་མཆོག་གྱུར་གཡུང་དྲུང་ཡེ་ཤེས་ཀྱི་(ཀྱིས)་བགྱིས་པས་ཟབ་གཏེར་རིན་པོ་ཆེའི་བསྟན་པ་མཁའ་ལྟར་ཁྱབ་པར་ཤོག་ཅིག་གུ།
ces pa 'chi med dran pa nam mkha' zab don tshe g.yang kha sprod 'di ni sa sprel lor lha ldan phebs skabs su byang phag mo g.yu mtsho mthong sar slebs pa'i nub mo grogs dbang gi sgron ma'i rmi lam du skyes bu chung chung zhig byung nas 'di skad zer/ a ho sems nyid me long g.ya' dag 'di/ rang 'byung ye shes lam me bar/ mi zad rgyan gyi 'khor lo che/ 'gyur med gdeng ldan e ma ho/ 'di nas shar phyogs phar 'das na/ 'dod 'byung rin chen nor bu yod/ zhes zer ba rmis nas zab gter dngos grub yod pa 'dug gsungs/ phyi nyin tshogs dang mchod pa phul/ gnas der 'dug pa'i tho rangs la gur gyi yar chon rtser bya lus phung chung chung / mdog sngo ba dbyibs legs pa/ skad snyan pa/ spu ris mdzes pa zhig byung nas 'di skad zer/ king king king king king king king king len gsum zer nas skad shin tu snyan cha can zhig thams cad kyi mthong thos ya mtshan zhig grags byung ba la/ grogs dbang gi sgron ma'i snang lam du o rgyan rin po che rdo rje gro lod rnam pa can byung nas bro khrab('khrab) bro khrab ('khrab) gsungs pa la/ bdag gi rna lam du gzhi bdag gnod sbyin gangs dkar dang / ye shes dbal mo byung nas 'di skad zer/ e ma a la la ho/ ngo mtshar pad+ma'i klong 'dir/ o rgyan rgyal po'i bka' bab/ snyigs ma'i dus 'dir smin pa'i/ 'chi med yum yab rnam rol/ gnas 'dir phebs pa e ma/ rig 'dzin pad+ma'i nor gter/ las kyi 'phro can khyod kyis/ phud kyis bran la bskul lo/ zhes zer nas mtsho kha la thal lo/ de nas mtsho yi rgyang grags tsam la gter grogs bcas slebs tshe/ mtsho kha nas 'od dkar po snam bu brkyang ba 'dra ba zhig gi sner gter bdag dngos su byung nas 'dod 'byung sku gas gter kha dngos grub thob cing thams cad rten dbang bskur bar byas des rjes grub dbang smon lam rin po che'i dran pa'i 'dra sku gdan drangs pa yar la 'bul dgos kyi gsung bris 'byor ba dang / nye bar rtogs ldan rin po che bkra shis rgyal mtshan gyi bka' gter phab dgos kyi bka' bskul nan cher mdzad pa dang / khro sprul g.yung drung mthong grol/ nyag gi dbal spral g.yung drung tshul khris bstan dbang / mchog sprul g.yung drung nyi ma rtogs ldan a bla khyad par grub rje'i khri 'dzin kun dga' rgyal mtshan nas tshe dpag med kyi 'gra ('dra) sku dang rin chen gnyis pa'i dngos rdzas dang lha rig (reg) gsung bris 'byor ba'i rten 'brel zab don 'dra sku gnang dgos kyi bskul ma 'byor skabs su/ lhag par gter grogs dbang gi sgron ma'i dgongs lam du tshe g.yang kha sprod phab cing rten de yar phul na bstan 'gro thams cad la phan thog gsung nan dang / rang gi chos bdag dge bshes g.yung drung ye shes khyung po rtogs ldan g.yung drung rnam dag rin chen rgyal mtshan rang slob g.yung drung dpal ldan skal bzang bstan rgyal tshul khrims mchog rgyal sogs kyis zab gter phab dgos kyi bskul ngor lo bcu gsum bka' rgya dkrol te gsang sngags gling pas dag par phab cing / thog ma'i yi ge pa ni dngos slob mchog gyur g.yung drung ye shes kyi (kyis) bgyis pas zab gter rin po che'i bstan pa mkha' ltar khyab par shog cig gu/


Additional miscellaneous Collections

Mongolian Canon


source rKTs &