Catalog entry rKTs-B5489
འོད་གསལ་རྫོགས་ཆེན་ལྟ་བའི་གླུ་དབྱངས་སྐལ་བཟང་ཐེག་ཆེན་དབྱར་གྱི་ལང་ཚོ་དར་བའི་དགའ་སྟོན་རྣལ་འབྱོར་རྐང་དྲུག་དགྱེས་པའི་མགྲིན་ངག
'od gsal rdzogs chen lta ba'i glu dbyangs skal bzang theg chen dbyar gyi lang tsho dar ba'i dga' ston rnal 'byor rkang drug dgyes pa'i mgrin ngag




Bkt131.1

འོད་གསལ་རྫོགས་ཆེན་ལྟ་བའི་གླུ་དབྱངས་སྐལ་བཟང་ཐེག་ཆེན་དབྱར་གྱི་ལང་ཚོ་དར་བའི་དགའ་སྟོན་རྣལ་འབྱོར་རྐང་དྲུག་དགྱེས་པའི་མགྲིན་ངག
'od gsal rdzogs chen lta ba'i glu dbyangs skal bzang theg chen dbyar gyi lang tsho dar ba'i dga' ston rnal 'byor rkang drug dgyes pa'i mgrin ngag


Location
set MW30498: volume rdzogs chen lta ba'i glu dbyangs - folios 1a1-84a3

Colophon
ཅེས་འོད་གསལ་རྫོགས་ཆེན་ལྟ་བའི་གླུ་དབྱངས་སྐལ་བཟང་ཐེག་ཆེན་དབྱར་གྱི་ལང་འཚོ་དར་བའི་དགའ་སྟོན། རྣལ་འབྱོར་རྐང་དྲུག་དགྱེས་པའི་མགྲིན་ངག་ཅེས་བྱ་བ་འདི་ཉིད་རང་གི་སློབ་གྲོགས་ཡོངས་འཛིན་གཡུང་དྲུང་བློ་ལྡན་ནས་ལྷ་རྫས་བཅས་འདི་ལྟར་དགོས་ཞེས་ཡང་ཡང་བསྐུལ་མ་མཛད་པ་དང་། ཉེ་བར་ཤག་རིག་བླ་མ་ཀུན་བཟང་ཚེ་དབང་གྲགས་པའམ། ཀུན་བཟང་རྒྱལ་མཚན་ཞེས་སྙིགས་དུས་བསླབ་གསུམ་འཛིན་པ་གང་གི་ནང་ནས་རྒྱལ་མཚན་གྱི་ཏོག་ལྟར་འཕགས་པ་དེ་ཉིད་ནས་རབ་དཀར་ལྷ་རེག་བཅས་ནན་ཆེར་བསྐུལ་བཞིན། སྙིགས་མའི་དགེ་བྱེད་མིང་འཛིན་སྤ་རིགས་གཡུང་དྲུང་བསྟན་པ་འབྲུག་གྲགས་བསོད་ནམས་དཔལ་བཟང་པོའམ། ཀློང་ཆེན་རིག་པའི་དབང་ཕྱུག་དེས་རྫོགས་ཆེན་ཡེ་ཁྲི་མཐའ་སེལ་དང་། ཤར་རྫ་རིན་པོ་ཆེས་གསུངས་པའི་དབྱིངས་རིག་མཛོད་སོགས་ཀྱི་དགོས་དོན་མདོར་བསྡུས་སུ་ཤར་མར་སྨྲས་པ་འདི་ཉིད་ལ་གཟིགས་ཤིང་ངག་ནས་བརྗོད་པས་གང་ཡང་ཚེ་འདིར་སྣང་བཞི་མཐར་ཕྱིན་ནས་འཕོ་བ་ཆེན་པོའི་སྐུ་ཐོབ་པར་གྱུར་ཅིག་གུ་དགེ་ལེགས་དར་རྒྱས་འཕེལ།།
ces 'od gsal rdzogs chen lta ba'i glu dbyangs skal bzang theg chen dbyar gyi lang 'tsho dar ba'i dga' ston/ rnal 'byor rkang drug dgyes pa'i mgrin ngag ces bya ba 'di nyid rang gi slob grogs yongs 'dzin g.yung drung blo ldan nas lha rdzas bcas 'di ltar dgos zhes yang yang bskul ma mdzad pa dang / nye bar shag rig bla ma kun bzang tshe dbang grags pa'am/ kun bzang rgyal mtshan zhes snyigs dus bslab gsum 'dzin pa gang gi nang nas rgyal mtshan gyi tog ltar 'phags pa de nyid nas rab dkar lha reg bcas nan cher bskul bzhin/ snyigs ma'i dge byed ming 'dzin spa rigs g.yung drung bstan pa 'brug grags bsod nams dpal bzang po'am/ klong chen rig pa'i dbang phyug des rdzogs chen ye khri mtha' sel dang / shar rdza rin po ches gsungs pa'i dbyings rig mdzod sogs kyi dgos don mdor bsdus su shar mar smras pa 'di nyid la gzigs shing ngag nas brjod pas gang yang tshe 'dir snang bzhi mthar phyin nas 'pho ba chen po'i sku thob par gyur cig gu dge legs dar rgyas 'phel//


Additional miscellaneous Collections

Mongolian Canon


source rKTs &