Colophon དེ་ལྟར་བདག་ཅག་སྟོན་པ་དགྲ་བཅོམ་རྒྱལ་བ་གཤེན་རབ་དེ་ཉིད་གྲངས་མེད་གསུམ་དུ་ཚོགས་བསགས་སྒྲིབ་སྦྲང་གིས་མཐར་ཐུགས་མངོན་པར་རྫོགས་སངས་རྒྱས་ནས། བཅུ་གཉིས་མཛད་ཆེན་ཡོངས་དང་རྒྱལ་བསྟན་འབྱུང་ཚུལ་གྱི་ལེགས་པར་བཤད་པའི་བརྒྱན་པ་རྟོགས་བརྗོད་རིན་པོ་ཆེ་འདི་ཉིད་སྤྲོས་ཐུབ་ཀྱི་ཐོས་བསམ་ཆེར་མེད་ནའང། འཁྲུངས་རབ་ཞལ་སྐྱིན་ཙམ་ལས་དོན་བཤད་རྒྱས་བསྡུས་སྔ་ཕྱི་མཁས་གྲུབ་རྣམས་ཀྱིས་བསྒྲིག་རྒྱུར་མ་བྱུང་བ། དེ་ཕྱིར་ཆོས་བརྒྱད་མཁས་གྲགས་ཀྱིས་བསྒྲིགས་པ་མིན་ཅིང། རྒྱལ་བསྟན་མཛེས་པའི་རྒྱན་དང་། དེ་འདྲའི་མཁས་གྲུབ་ཚེ་རིགས་ཀྱི་མཁྱེན་ངོར་གསལ་བ་བཞིན་སླར་གསལ་གདབ་པ་དང་། རང་འདྲའི་བློ་དམན་རྣམས་ཡིད་ལ་ངེས་ཤེས་བསྐྱེད་པའི་ཆེད་དུ། དང་པོ་ཐུགས་བསྐྱེད་ཚུལ་དང་གྲངས་མེད་ངེས་དོན་དུ་བྱས་པའི་སྐོར་རྣམས་ཀུན་གྲོལ་རིན་པོ་ཆེ་ཡི་སྐོར་ཕྱག་འགྲེལ་དང་མཛད་བཅུའི་རྣམ་བཤད་གཙོ་བོར་བཞག་ནས་བཀོད། གྲངས་ཅན་གྱི་སྐྱེས་རབས་རྣམ་ཐར་མདོ་རྒྱུད་ཀུན་ནས་འཁྲུངས་རབས་མཐོང་ཐོས་རྣམས་བསྡུས་ནས་རྣམ་བཤད་ནོར་བུའི་འཕྲེང་བ་ཞེས་བགྱི་བ་གླེགས་བམ་གཅིག་ཏུ་དྲིལ་བ་འདི། གནམ་བསྐོས་གོང་མའི་བསྔགས་པའི་ས་དབང་སྡེ་དགེ་རྒྱལ་པོའི་མངའ་རིས་བུ་འབོར་དབྱིབས་ཀླུང་དུ་དལ་རྟེན་རྙེད་པ། སྔོན་བསགས་དཀར་པོའི་འཕྲོ་ཡིས་སྨོན་རྒྱལ་པད་མ་རྒྱལ་པོའི་ཡང་སྲིད་དུ་ཁབ་ཆེ་བ། མིང་ཙམ་མ་ཡིན་པ་མཚན་ཉིད་དང་ལྡན་པའི་གཡུང་དྲུང་སློབ་དཔོན་དུ་མའི་ཞབས་བསྣོམས་པའི་སུམ་ལྡན་གྱི་ཁུལ་འཛིན་པའི་གྱི་ན་བ་གཡུང་དྲུང་བསྟན་པ་དབང་རྒྱལ་དུ་འབོད་པ་སྟོན་མཆོག་ཁྲི་གཙུག་རྒྱལ་བའི་སྐུ་དང་གསུང་བསྟན་ཉིས་ཁྲི་རྫོགས་ཤིང་། ཐུགས་བསྟན་ཁྲི་ལ་ཉིས་སྟོང་བདུན་བརྒྱ་རེ་བཞི་འདས་པའི་མཚམས། ལེགས་སྦྱར་སམ་སྐྲི་ཏའི་སྐད་དུ་སརྦ་དྷ་རི། སྟོད་འགྲེལ་ལས་བོད་སྐད་དུ་བསྒྱར་བཀུན་འཛིན་ཏིང་ཀུན་རྒྱལ་པོའི་ཁབས་སུ་ཝུ་ཙའི། དབང་ཐང་དང་མཐུན་པའི་མིང་ས་ཕོ་བྱི་བའི་ལོར། ཐ་སྐར་ཟླ་བའི་ཚེས་རྫོགས་པ་དང་པོ་རེས་བཟའ་ལྷ་མཚམས་ལ་སྤྱོད་པའི་འགྲུབ་སྦྱོར་ཉིན་དུ་དབུ་བཙུགས་ནས་མགོ་ཟླ་བའི་གྲུབ་པའི་ཉི་མར་མཇུག་ཕྱུང་བ་ཡན། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་སྤྱི་དཔལ་ཀུན་གྲོལ་གྲགས་ཀྱི་གདན་ས་དགའ་ལྡན་དར་རྒྱས་ནོར་བུའི་གླིང་དུ་བསྐྲུན་པས། མཉམ་མེད་རྒྱལ་བའི་འཁྲུངས་རབས་མཐོང་ཐོས་ཀྱི་ལུས་ཅན་རྣམས་བྱང་ཆུབ་ལམ་བཟང་བགྲོད་པའི་བསྐུལ་མར་གྱུར་པ་དང་། ཕན་བདེའི་རྩ་ལག་གཤེན་བསྟན་རིན་པོ་ཆེ་ཕྱོགས་བརྒྱར་ཀུན་ཏུ་དར་ཞིང་ཡུན་རིང་དུ་གནས་ནས་མཁའ་མཉམ་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འཁོད་པའི་རྒྱུ་རུ་གྱུར་ཅིག། de ltar bdag cag ston pa dgra bcom rgyal ba gshen rab de nyid grangs med gsum du tshogs bsags sgrib sbrang gis mthar thugs mngon par rdzogs sangs rgyas nas/ bcu gnyis mdzad chen yongs dang rgyal bstan 'byung tshul gyi legs par bshad pa'i brgyan pa rtogs brjod rin po che 'di nyid spros thub kyi thos bsam cher med na'ang/ 'khrungs rab zhal skyin tsam las don bshad rgyas bsdus snga phyi mkhas grub rnams kyis bsgrig rgyur ma byung ba/ de phyir chos brgyad mkhas grags kyis bsgrigs pa min cing/ rgyal bstan mdzes pa'i rgyan dang / de 'dra'i mkhas grub tshe rigs kyi mkhyen ngor gsal ba bzhin slar gsal gdab pa dang / rang 'dra'i blo dman rnams yid la nges shes bskyed pa'i ched du/ dang po thugs bskyed tshul dang grangs med nges don du byas pa'i skor rnams kun grol rin po che yi skor phyag 'grel dang mdzad bcu'i rnam bshad gtso bor bzhag nas bkod/ grangs can gyi skyes rabs rnam thar mdo rgyud kun nas 'khrungs rabs mthong thos rnams bsdus nas rnam bshad nor bu'i 'phreng ba zhes bgyi ba glegs bam gcig tu dril ba 'di/ gnam bskos gong ma'i bsngags pa'i sa dbang sde dge rgyal po'i mnga' ris bu 'bor dbyibs klung du dal rten rnyed pa/ sngon bsags dkar po'i 'phro yis smon rgyal pad ma rgyal po'i yang srid du khab che ba/ ming tsam ma yin pa mtshan nyid dang ldan pa'i g.yung drung slob dpon du ma'i zhabs bsnoms pa'i sum ldan gyi khul 'dzin pa'i gyi na ba g.yung drung bstan pa dbang rgyal du 'bod pa ston mchog khri gtsug rgyal ba'i sku dang gsung bstan nyis khri rdzogs shing / thugs bstan khri la nyis stong bdun brgya re bzhi 'das pa'i mtshams/ legs sbyar sam skri ta'i skad du sarba d+ha ri/ stod 'grel las bod skad du bsgyar bkun 'dzin ting kun rgyal po'i khabs su wu tsa'i/ dbang thang dang mthun pa'i ming sa pho byi ba'i lor/ tha skar zla ba'i tshes rdzogs pa dang po res bza' lha mtshams la spyod pa'i 'grub sbyor nyin du dbu btsugs nas mgo zla ba'i grub pa'i nyi mar mjug phyung ba yan/ rigs dang dkyil 'khor rgya mtsho'i spyi dpal kun grol grags kyi gdan sa dga' ldan dar rgyas nor bu'i gling du bskrun pas/ mnyam med rgyal ba'i 'khrungs rabs mthong thos kyi lus can rnams byang chub lam bzang bgrod pa'i bskul mar gyur pa dang / phan bde'i rtsa lag gshen bstan rin po che phyogs brgyar kun tu dar zhing yun ring du gnas nas mkha' mnyam sems can thams cad rdzogs pa'i sangs rgyas kyi sa la 'khod pa'i rgyu ru gyur cig/