Catalog entry rKTs-B5292
སྟག་རི་རོང་གི་སྐོང་མདོས་སྣང་སྲིད་རེ་སྐོང
stag ri rong gi skong mdos snang srid re skong




Bkt122.125

སྟག་རི་རོང་གི་སྐོང་མདོས་སྣང་སྲིད་རེ་སྐོང
stag ri rong gi skong mdos snang srid re skong


Location
set MW30498: volume ge khod smad cha - folios 1a1-9b4

Colophon
ཞང་ཞུང་གཤེན་པོ་གྱེར་སྤུངས་ཀྱིས་ཕྱི་རབས་དོན་དུ་མཛད། དེ་ནས་བསྟན་པ་འཕེལ་འགྲིབ་ཀྱི་དུས་སུ། ཁོད་སྤུངས་དྲན་པ་བདག་གིས་གཏེར་དུ་སྦས། ཕྱི་རབས་ལས་ཅན་ཁ་གསལ་ལ་ཁོང་དམ་པ་གཅིག་གིས་རྙེད་པར་ཤོག་རྙེད་ནས་འགྲོ་དོན་བྱེད་པར་ཤོག་གསང་རྒྱ། གབ་རྒྱ། སྦས་རྒྱ། རྒྱ་གསུམ་གྱིས་གདབ་སྟེ་སྦས་སོ། ཕྱིས་སུ་དཔོན་གསས་ཁྱུང་རྒོད་རྩལ་གྱིས་གསེར་ཞལ་ཕྱེས་ཏེ། ཤོག་དྲིལ་དམར་སེར་གུར་རམ་མདོག་ཅན་ལ་ཞལ་བཤུས་སོ། དེ་ནས་སྟག་བཙུན་གྱིས་རིམ་གྱིས་བརྒྱུད་ནས། ཏྲེ་སྟོན་ཕུན་ཚོགས་གྲགས་པ་ནས། བེ་རི་སྨོན་ལམ་གྱིས་ཕྱག་བྲིས་བུ་ལ་ཕབས་པའི་དཔེའ་ལ་ཞལ་བཤུས་སོ།།
zhang zhung gshen po gyer spungs kyis phyi rabs don du mdzad/ de nas bstan pa 'phel 'grib kyi dus su/ khod spungs dran pa bdag gis gter du sbas/ phyi rabs las can kha gsal la khong dam pa gcig gis rnyed par shog rnyed nas 'gro don byed par shog gsang rgya/ gab rgya/ sbas rgya/ rgya gsum gyis gdab ste sbas so/ phyis su dpon gsas khyung rgod rtsal gyis gser zhal phyes te/ shog dril dmar ser gur ram mdog can la zhal bshus so/ de nas stag btsun gyis rim gyis brgyud nas/ tre ston phun tshogs grags pa nas/ be ri smon lam gyis phyag bris bu la phabs pa'i dpe' la zhal bshus so//

Bkt122.127

སྟག་རི་རོང་གི་སྐོང་མདོས་སྣང་སྲིད་རེ་སྐོང
stag ri rong gi skong mdos snang srid re skong


Location
set MW30498: volume ge khod smad cha - folios 1a1-4b1

Colophon
མ་འོངས་ཕྱི་རབས་དོན་ཆེད་དུ། གྱེར་སྤུངས་བདག་གིས་ཡེ་གེར་བཏབ། འཕེལ་འགྲིབས་དུས་སུ་གཏེར་དུ་སྦས་ལས་ཅན་གཅིག་དང་འཕྲད་པར་ཤོག་འཕྲད་ནས་འགྲོ་དོན་བྱེད་པར་ཤོག་ས་མ་ཡཿ་རྒྱ་རྒྱ་རྒྱ་ཨུ་ཡ་ཨག་ཐམཿ་གྱེར་རི་ནེམ་སེག་ལྐུ་རྒྱུད་ལོ།།
ma 'ongs phyi rabs don ched du/ gyer spungs bdag gis ye ger btab/ 'phel 'gribs dus su gter du sbas las can gcig dang 'phrad par shog 'phrad nas 'gro don byed par shog sa ma yaH rgya rgya rgya u ya ag thamaH gyer ri nem seg lku rgyud lo//


Additional miscellaneous Collections

Mongolian Canon


source rKTs &