set MW30498: volume gsang ba gsang chen - folios 1a1-2a6
Colophon ཅེས་པ་རྣམ་འདྲེན་བླ་མ་སྤ་སྟོན་ནམ་མཁའ་སྒྲོན་གསལ་ཉི་མའི་དཔལ་བཟང་པོ་དེ་ཉིད་ཀྱི་མཆོག་སྤྲུལ་ཡེ་ཤེས་གཡུང་དྲུང་བསྟན་པའི་ཉི་མ་གང་དེའི་ཞབས་རྟེན་བདེན་ཚིག་གཡུང་དྲུང་རྐང་པ་ཉི་ཤུ་པ་འདི་ཉིད་རིགས་པ་ལ་ཡིད་གཞུང་བའི་གྲཝ་སློབ་ཚུལ་ཁྲིམས་བློ་ལྡན་ནས་རབ་དཀར་ལྷ་རྫས་དྲི་མེད་ཀྱིས་མཚམས་སྦྱར་ནས་བསྐུལ་བ་ལ་རྟེན་འབྲེལ་དང་པོའི་བརྡ་རུ་གོ་ནས། གཞུང་ལུགས་སྨྲ་བའི་ཐ་ཤལ་བ་གཡུང་དྲུང་བསྟན་པ་འབྲུག་གྲགས་བསོད་ནམས་དཔལ་བཟང་པོའམ་བརྡ་སྤྲོད་པའི་བཏགས་མིང་འཇིག་མེད་སྨྲ་བའི་སེང་གེ་དབྱངས་ཅན་དགྱེས་པའི་ཟླ་བ་ལེགས་བཤད་བདུད་རྩིའི་འོད་སྣང་ཞེས་པ་དེས་ཨངྒི་ར་ས་དབང་ནུས་ཟླའི་འཕེལ་ཕྱོགས་རྒྱལ་བ་དང་པོའི་ཚེས་བཟང་པོར་ཕུལ་བས་དོན་དེ་བཞིན་འགྲུབ་པར་གྱུར་ཅིག། ces pa rnam 'dren bla ma spa ston nam mkha' sgron gsal nyi ma'i dpal bzang po de nyid kyi mchog sprul ye shes g.yung drung bstan pa'i nyi ma gang de'i zhabs rten bden tshig g.yung drung rkang pa nyi shu pa 'di nyid rigs pa la yid gzhung ba'i grwa slob tshul khrims blo ldan nas rab dkar lha rdzas dri med kyis mtshams sbyar nas bskul ba la rten 'brel dang po'i brda ru go nas/ gzhung lugs smra ba'i tha shal ba g.yung drung bstan pa 'brug grags bsod nams dpal bzang po'am brda sprod pa'i btags ming 'jig med smra ba'i seng ge dbyangs can dgyes pa'i zla ba legs bshad bdud rtsi'i 'od snang zhes pa des ang+gi ra sa dbang nus zla'i 'phel phyogs rgyal ba dang po'i tshes bzang por phul bas don de bzhin 'grub par gyur cig/