Catalog entry rKTs-B5095
རྒྱལ་བའི་སྐུ་བརྙན་དང་མཆོད་རྟེན་གྱི་གཟུངས་རྫོང་དགོས་འབྱུང་གཏེར་གྱི་མཛོད་ཆེན
rgyal ba'i sku brnyan dang mchod rten gyi gzungs rdzong dgos 'byung gter gyi mdzod chen




Bkt116.3

རྒྱལ་བའི་སྐུ་བརྙན་དང་མཆོད་རྟེན་གྱི་གཟུངས་རྫོང་དགོས་འབྱུང་གཏེར་གྱི་མཛོད་ཆེན
rgyal ba'i sku brnyan dang mchod rten gyi gzungs rdzong dgos 'byung gter gyi mdzod chen


Location
set MW30498: volume rab gnas skor - folios 1a1-150a3

Colophon
ཅེས་རྟེན་གྱི་གཟུང་བཞུག་འབུལ་བར་བྱ་བའི་གཟུངས་རྫོངས་དགོས་འབྱུང་གཏེར་གྱི་མཛོད་ཆེན་ཞེས་བྱ་བ་འདི་ཡང་། འདི་དོན་ལ་འབད་མང་པོས། ཡང་ནས་ཡང་དུ་བརྩམ་པར་བསྐུལ་བ་དང་། ཉེ་བར་རང་གི་ཨ་ཁུ་སྐམ་བླ་གཡུང་དྲུང་ཉི་རྒྱལ་ནས་ཀྱང་། སྔར་གྱི་གཟུངས་བཞུག་གི་ལག་ལེན་མཛད་པ་དེ་དང་། དེ་ལྟར་གྱི་གཟུངས་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པའི་གཟུངས་རྫོངས་འདུས་པ་ཆ་ཚང་ཞིག་བརྩམ་ན་ལེགས་འདུག་ཞེས་བསྐུལ་བར་བརྟེན། རྗེ་མཉམ་མེད་བླ་མ་དེ་ཉིད་ཀྱི་རིང་ལུགས་འཁྲུལ་པ་མེད་པ་གཞིར་བྱས་ཏེ། ཕྱི་ནང་གསང་གསུམ་གཏེར་ནས་བྱོན་པ་རྣམས་དང་། སྙན་དུ་བརྒྱུད་པའི་བོན་ཟབ་མོ་རྣམས་ནས་བྱུང་བའི་གཟུངས་སྔགས་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་འདི་ཡང་རྗེ་རིན་པོ་ཆེ་མཉམ་མེད་བླ་མ་དེ་ཉིད་ཀྱི། རྗེས་འཇུག་ཡོངས་ཀྱི་ཐ་ཤལ་བ། ཉི་མ་བསྟན་འཛིན་དབང་རྒྱལ་དུ་འབོད་པ་བདག་གིས་གཡེན་ཁམས་སེལ་མདོ་ལས་བྱུང་བོད་སྐད་དུ། རྔ་སྒྲ་ཅན་ཞེས་པ་ལྕགས་མོ་གླང་གི་བཞིན་རས་ངོམ་པའི་འཕེལ་ཕྱོགས་རྒྱལ་བ་གཉིས་པའི་ཚེས་ལ་སྨན་རིའི་བླ་བྲང་དུ་སྦྱར་བ། དགེ་དེས་མཉམ་མེད་བླ་མའི་བསྟན་པ་དར་ཞིང་རྒྱས་པར་གྱུར་ཅིག།
ces rten gyi gzung bzhug 'bul bar bya ba'i gzungs rdzongs dgos 'byung gter gyi mdzod chen zhes bya ba 'di yang / 'di don la 'bad mang pos/ yang nas yang du brtsam par bskul ba dang / nye bar rang gi a khu skam bla g.yung drung nyi rgyal nas kyang / sngar gyi gzungs bzhug gi lag len mdzad pa de dang / de ltar gyi gzungs rnams phyogs gcig tu bsgrigs pa'i gzungs rdzongs 'dus pa cha tshang zhig brtsam na legs 'dug zhes bskul bar brten/ rje mnyam med bla ma de nyid kyi ring lugs 'khrul pa med pa gzhir byas te/ phyi nang gsang gsum gter nas byon pa rnams dang / snyan du brgyud pa'i bon zab mo rnams nas byung ba'i gzungs sngags rnams phyogs gcig tu bsgrigs pa 'di yang rje rin po che mnyam med bla ma de nyid kyi/ rjes 'jug yongs kyi tha shal ba/ nyi ma bstan 'dzin dbang rgyal du 'bod pa bdag gis g.yen khams sel mdo las byung bod skad du/ rnga sgra can zhes pa lcags mo glang gi bzhin ras ngom pa'i 'phel phyogs rgyal ba gnyis pa'i tshes la sman ri'i bla brang du sbyar ba/ dge des mnyam med bla ma'i bstan pa dar zhing rgyas par gyur cig/


Additional miscellaneous Collections

Mongolian Canon


source rKTs &