Catalog entry rKTs-B4990
བདེར་གཤེགས་རིག་འཛིན་དགོངས་པ་འདུས་པ་འཆི་མེད་གསང་བ་སུམ་དྲིལ་གྱི་རྒྱུད་ལས་ཚོམ་བུ་ཚོགས་སྒྲུབ་ཆེན་མོའི་ཕྱག་བཞེས་རིན་ཆེན་གཏེར་གྱི་སྒོ་འབྱེད་གསང་དོན་གསལ་བའི་ཨ་དརྴ
bder gshegs rig 'dzin dgongs pa 'dus pa 'chi med gsang ba sum dril gyi rgyud las tshom bu tshogs sgrub chen mo'i phyag bzhes rin chen gter gyi sgo 'byed gsang don gsal ba'i a dar+sha




Bkt111.3

བདེར་གཤེགས་རིག་འཛིན་དགོངས་པ་འདུས་པ་འཆི་མེད་གསང་བ་སུམ་དྲིལ་གྱི་རྒྱུད་ལས་ཚོམ་བུ་ཚོགས་སྒྲུབ་ཆེན་མོའི་ཕྱག་བཞེས་རིན་ཆེན་གཏེར་གྱི་སྒོ་འབྱེད་གསང་དོན་གསལ་བའི་ཨ་དརྴ
bder gshegs rig 'dzin dgongs pa 'dus pa 'chi med gsang ba sum dril gyi rgyud las tshom bu tshogs sgrub chen mo'i phyag bzhes rin chen gter gyi sgo 'byed gsang don gsal ba'i a dar+sha


Location
set MW30498: volume gsang ba sum dril - folios 1a1-144a2

Colophon
ཞེས་བདེར་གཤེགས་རིག་འཛིན་དགོངས་པ་འདུས་པ་འཆི་མེད་གསང་བ་སུམ་དྲིལ་གྱི་ཚོམ་བུ་ཚོགས་སྒྲུབ་ཆེན་མོའི་ཕྱག་བཞེས་རིན་ཆེན་གཏེར་གྱི་སྒོ་འབྱེད་གསང་དོན་གསལ་བའི་ཨ་དརྴ་ཞེས་བྱ་བ་འདི་ཉིད་གྲུབ་ཐོབ་སྤའི་རིགས་ལས་སྐུ་འཁྲུངས་པ་སྤྲུལ་པའི་གཏེར་སྟོན་གར་དབང་ཨོ་རྒྱན་རདྣ་གླིང་པའམ། ཡེ་ཤེས་གཡུང་དྲུང་བསྟན་པའི་ཉི་མ་གང་དེའི་འདིའི་རྒྱུད་གཞུང་ཆ་ལག་དང་བཅས་པ་དབལ་བོན་རུ་ལག་ཤེལ་རི་ཕྱུག་མོ་ནས་སྤྱན་དྲངས་ཤིང་རྟེན་འབྲེལ་སྒོ་མ་འགག་པར་ཤོག་སེར་བོད་ཡིག་ཏུ་གཏན་ལ་ཕབས་ནས། གཞུང་འདིའི་ཚོམ་བུ་ཚོགས་སྒྲུབ་ཆེན་མོའི་ཕྱག་བཞེས་རྒྱས་པ་ཞིག་བྲིས་ཞེས་པའི་བཀའ་ཡིས་བསྐུལ་བ་མཛད་པ་དང་། ཉེ་བར་བླ་མ་ཚུལ་ཁྲིམས་དབང་རྒྱལ་དང་གཏེར་སློབ་ཚུལ་ཁྲིམས་བློ་ལྡན་ཟུང་ནས་རིན་ཆེན་མཎ་ཌལ་བཟང་པོ་དང་རབ་དཀར་ལྷ་རྫས་བཅས་ཀྱིས་མཚམས་སྦྱར་ནས་བསྐུལ་ངོར། སྤ་རིགས་སུ་དལ་རྟེན་རྙེད་པའི་གཤེན་གྱི་དགེ་སྦྱོང་མིང་འཛིན་གཡུང་དྲུང་བསྟན་པ་འབྲུག་གྲགས་བསོད་ནམས་དཔལ་བཟང་པོའམ་བརྡ་སྤྲོད་པའི་བཏགས་མིང་འཇིགས་མེད་སྨྲ་བའི་སེང་གེ་དབྱངས་ཅན་དགྱེས་པའི་ཟླ་བ་ལེགས་བཤད་བདུད་རྩིའི་འོད་སྣང་ཞེས་འབོད་པས་དཔལ་གདོང་ཞེས་པ་ཆུ་མོ་བྱ་ལོའི་ཆུ་སྟོད་ཟླ་བའི་ཚེས་བཟང་པོར་བྲིས་རྒྱང་རི་དམར་པད་བྲག་ལྷ་རྩེའི་ཞོལ་འདབས་སུ་བགྱིས་ཏེ། ཡི་གེ་དང་པོའི་བྱེད་པོ་འགྲུ་བོན་ལྷུན་གྲུབ་རྒྱལ་མཚན་ནས་བྲིས་པའི་དགེ་དེས་ཟབ་གསང་ཐེག་པ་ཆེན་པོའི་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་རྒྱ་མཚོའི་གོས་ཅན་མཐའ་དག་ཏུ་ཁྱབ་པའི་རྒྱུ་རུ་གྱུར་ཅིག།
zhes bder gshegs rig 'dzin dgongs pa 'dus pa 'chi med gsang ba sum dril gyi tshom bu tshogs sgrub chen mo'i phyag bzhes rin chen gter gyi sgo 'byed gsang don gsal ba'i a dar+sha zhes bya ba 'di nyid grub thob spa'i rigs las sku 'khrungs pa sprul pa'i gter ston gar dbang o rgyan rad+na gling pa'am/ ye shes g.yung drung bstan pa'i nyi ma gang de'i 'di'i rgyud gzhung cha lag dang bcas pa dbal bon ru lag shel ri phyug mo nas spyan drangs shing rten 'brel sgo ma 'gag par shog ser bod yig tu gtan la phabs nas/ gzhung 'di'i tshom bu tshogs sgrub chen mo'i phyag bzhes rgyas pa zhig bris zhes pa'i bka' yis bskul ba mdzad pa dang / nye bar bla ma tshul khrims dbang rgyal dang gter slob tshul khrims blo ldan zung nas rin chen maN Dal bzang po dang rab dkar lha rdzas bcas kyis mtshams sbyar nas bskul ngor/ spa rigs su dal rten rnyed pa'i gshen gyi dge sbyong ming 'dzin g.yung drung bstan pa 'brug grags bsod nams dpal bzang po'am brda sprod pa'i btags ming 'jigs med smra ba'i seng ge dbyangs can dgyes pa'i zla ba legs bshad bdud rtsi'i 'od snang zhes 'bod pas dpal gdong zhes pa chu mo bya lo'i chu stod zla ba'i tshes bzang por bris rgyang ri dmar pad brag lha rtse'i zhol 'dabs su bgyis te/ yi ge dang po'i byed po 'gru bon lhun grub rgyal mtshan nas bris pa'i dge des zab gsang theg pa chen po'i bshad sgrub kyi bstan pa rin po che rgya mtsho'i gos can mtha' dag tu khyab pa'i rgyu ru gyur cig/


Additional miscellaneous Collections

Mongolian Canon


source rKTs &