Catalog entry rKTs-B4960
གསོ་རིག་འབུམ་རྒྱུད་ཀུན་ཀྱི་གཅེས་བཏུས་འཆི་བདག་ཞགས་བཅོད་བདེ་བའི་དབུགས་འབྱིན
gso rig 'bum rgyud kun kyi gces btus 'chi bdag zhags bcod bde ba'i dbugs 'byin




Bkt109.2

གསོ་རིག་འབུམ་རྒྱུད་ཀུན་ཀྱི་གཅེས་བཏུས་འཆི་བདག་ཞགས་བཅོད་བདེ་བའི་དབུགས་འབྱིན
gso rig 'bum rgyud kun kyi gces btus 'chi bdag zhags bcod bde ba'i dbugs 'byin


Location
set MW30498: volume ga rgya'i sman dpe - folios 1a1-47a4

Colophon
ཅེས་གསོ་རིག་རྒྱུད་འབུམ་བྱེ་བའི་ཡང་སྙིང་སྦྱར་ཐབས་སྟོང་རྩ་ལས་སྙིང་པོ་གཅེས་བཏུས་ཇི་ལྟར་སྦྱར་བའི་ཚུལ་ཡང་། སྤྱིར་གཡུ་ཐོག་པའི་གཅེས་བཏུས། (མཆན་ཟླ་འོད་འབར)་གཤེན་མཁས་གྲུབ། (ཤཱི་ལ་དྷཱ་ཛ)་བྱང་པ་ལྷུན་སྡིངས། (མཆན་རྣམ་རྒྱལ་གྲགས་བཟང་མི་ཡི་ཉི་མ)་ཟུར་མཁར་པ། (མཆན་བློ་གྲོས་རྒྱལ་པོ། ངྷུ་མ་སྭཱ་མི)་མི་དབང་ས་ར། (སངས་རྒྱས་རྒྱ་མཚོ)་འབྲི་གུང་པ། (ཀུན་མཆོག་འགྲོ་ཡན)་དེལ་དམར་དགེ་བཤེས། (བསྟན་འཛིན་ཕུན་ཚོགས)་ཀོང་སྤྲུལ། (ཡོན་ཏན་རྒྱ་མཚོ། ཕྱིས་སུ་མཁས་དབང་སོགས་ཀྱིས་གཅེས་བཏུས་རིགས་མང་ཡང་ལ་ལ་བསྡུས་ཆེས་ནད་བཅོས་ཐ་དག་མ་ཚང་བ་དང་། འགའ་ཞིག་ཐང་ཕྱེ་ཙམ་ལས་མཐའ་དཔྱད་སོགས་མིང་ཙམ་གསལ་མིན་དང་། རེ་འགས་སྨན་གྱི་བཟོ་ཚུལ་གཏོང་ཚུལ་སོགས་བྲལ་བའི་འཐོར་བུའི་སྨན་སྦྱོར་རེ་ཟུང་ལ་བློ་རྟེན་འཆའ་བ་དང་། ཕལ་ཆེར་རྣམ་དག་རྒྱུད་ཁུངས་མཐོང་རྒྱུན་མེད་པ་ལས་འོལ་ཚོད་རྡོ་རྗེ་སྐེད་བཟུང་ལྟ་བུར་བྱེད་མཁན་མང་དུ་མཐོང་བས། དེ་ཕྱིར་རྒྱས་བསྡུས་འཚམས་པར་ཐང་ཕྱེ་ནས་དཔྱད་མཐའི་བར་དུ་མ་ཚང་བ་མེད་པར་རྒྱུད་ཁུངས་བཀྲལ་ཏེ་དེ་ལ་མྱོང་གྲུབ་མན་ངག་དུ་མས་ཁ་བརྒྱན་ཅིང་མཁས་དམན་ཀུན་གྱི་ཕྱག་ལེན་སྟབས་བདེའི་ཆེད་དུ་བརྒྱ་པའི་རྣམ་འདྲེན་གཟུགས་སྐུའི་བཀོད་པ་ངོམས་ནས་འབྱུང་ལྡན་སུམ་བརྒྱའི་ནང་ཚན་ལྕགས་ཕོ་སྟག་གི་ལོར། ཞང་ཞུང་ཁྱུང་ཆེན་སྤུངས་རིར་འཚོ་བྱེད་འཇིགས་མེད་ནམ་མཁས་བསྡེབས་པ་འདིས་ཀྱང་འགྲོ་ཁམས་ཉོན་མོངས་ནད་ཉེས་ལས་གྲོལ་ཏེ་སངས་རྒྱས་སྨན་བླའི་གོ་འཕང་མཆོག་ཆེན་ལ་མངའ་བརྙེས་པའི་རྒྱུ་རུ་གྱུར་ཅིག།
ces gso rig rgyud 'bum bye ba'i yang snying sbyar thabs stong rtsa las snying po gces btus ji ltar sbyar ba'i tshul yang / spyir g.yu thog pa'i gces btus/ (mchan zla 'od 'bar) gshen mkhas grub/ (shI la d+hA dza) byang pa lhun sdings/ (mchan rnam rgyal grags bzang mi yi nyi ma) zur mkhar pa/ (mchan blo gros rgyal po/ ng+hu ma swA mi) mi dbang sa ra/ (sangs rgyas rgya mtsho) 'bri gung pa/ (kun mchog 'gro yan) del dmar dge bshes/ (bstan 'dzin phun tshogs) kong sprul/ (yon tan rgya mtsho/ phyis su mkhas dbang sogs kyis gces btus rigs mang yang la la bsdus ches nad bcos tha dag ma tshang ba dang / 'ga' zhig thang phye tsam las mtha' dpyad sogs ming tsam gsal min dang / re 'gas sman gyi bzo tshul gtong tshul sogs bral ba'i 'thor bu'i sman sbyor re zung la blo rten 'cha' ba dang / phal cher rnam dag rgyud khungs mthong rgyun med pa las 'ol tshod rdo rje sked bzung lta bur byed mkhan mang du mthong bas/ de phyir rgyas bsdus 'tshams par thang phye nas dpyad mtha'i bar du ma tshang ba med par rgyud khungs bkral te de la myong grub man ngag du mas kha brgyan cing mkhas dman kun gyi phyag len stabs bde'i ched du brgya pa'i rnam 'dren gzugs sku'i bkod pa ngoms nas 'byung ldan sum brgya'i nang tshan lcags pho stag gi lor/ zhang zhung khyung chen spungs rir 'tsho byed 'jigs med nam mkhas bsdebs pa 'dis kyang 'gro khams nyon mongs nad nyes las grol te sangs rgyas sman bla'i go 'phang mchog chen la mnga' brnyes pa'i rgyu ru gyur cig/


Additional miscellaneous Collections

Mongolian Canon


source rKTs &