Catalog entry rKTs-B4959
ག་རྒྱའི་སྨན་གཞུང
ga rgya'i sman gzhung




Bkt109.1

ག་རྒྱའི་སྨན་གཞུང)་འདིའི་དབུའི་མཚན་བྱང་ཡོད་སར་ཤོག་གཅིག་མ་ཚངས
ga rgya'i sman gzhung) 'di'i dbu'i mtshan byang yod sar shog gcig ma tshangs


Location
set MW30498: volume ga rgya'i sman dpe - folios 1a1-189b1

Colophon
ཅེས་གསོ་རིག་རྒྱུད་འབུམ་བྱེ་བའི་ཡཾང་སྙིང་འགྲོ་ཀུན་འབྱུང་འཁྲུགས་ནད་ཀྱི་ཟུག་རྔུས་གདུང་བ་ཀུན་སེལ་སྨན་སྦྱོར་སྟོང་རྩ་ཕན་བདེ་བདེ་སྐྱིད་ཀྱི་དགའ་སྟོན་རོལ་པའི་རྒྱན་ཞེས་བྱ་བ་འདི་ཉིད་ཇི་ལྟར་སྦྱར་བའི་ཚུལ་ནི་རྣམ་རྒྱལ་གཟུངས་ཆེན་ལས་གསོ་རིག་གི་བོན་སྡེ་གསུམ་ནི། གསོ་བྱའི་ནད་འབུམ་ནག་པོ། འཚོ་བྱེད་དཔྱད་འབུམ་ཁྲ་བོ། རྣམ་རྒྱལ་སྨན་འབུམ་དཀར་པོ་གསུམ་སྟེ་འོལ་གླིང་དུ་གཏན་ལ་ཕབས་ནས། དཔྱད་བུ་ཁྲི་ཤེས་ལ་གཏད། ཅེས་གསུངས་པ་ཡང་། ཕྱིས་བསམ་ཡས་དབུ་རྩེ་ནས་བན་དེ་མི་གསུམ་གྱིས་གཏེར་ནས་བཏོན་ཅིང་ལྷ་རྗེ་གཡུ་ཐོག་པས་ཞུས་པའི་འབུམ་གསུམ་དང*། གདལ་འབུམ་སོགས་ལས་བཤད་པའི་སྨན་རྒྱུད་བརྒྱ་ཕྲག་གཅིག་དང*། ཡོངས་གྲགས་རྒྱུད་བཞི་འདི་ཡང་ཕྱིས་བཱི་རོས་བསྒྱར་བ་དང*། གཡུ་ཐོག་པས་མཛད་པ་དང་གཏེར་ནས་བཏོན་པ་སོགས་བཤད་ཀྱང*། དོན་དུ་ཏྲེས་སམ་དང་ཅུར་ནིས་སོགས་ཞང་སྐད་མང་དུ་འབྱུང་བས་འགྱུར་ཁུངས་གང་ཡིན་དེས་སྟོན་པས་གཞན་དུ་སྨོན་ཅི་དགོས། གཞན་ཡང་ཞང་ཞུང་འཁོར་ལོ་རྒྱལ་པོའི་དཔེ་བུམ་སོགས་ཞང་ཞུང་ནས་འགྱུར་བའི་སྨན་རྒྱུད་དང་། དངུལ་ཆུ་གྲུབ་པའི་བསྟན་བཅོས་སོགས་རྒྱ་གར་ནས་འགྱུར་བའི་བཀའ་བརྟེན་དང་། སྨན་དཔྱད་ཟླ་བའི་རྒྱལ་པོ་སོགས་རྒྱ་ནག་ནས་འགྱུར་རིགས་དང*། བདུད་རྩི་བུམ་ཆེན་བུམ་ཆུང་སྣང་གསལ་ཤེལ་བུམ་སོགས་རྙིང་མའི་སྐོར་དང་། བི་ཛའི་པོ་ཏི་ཁ་སེར། བྲང་ཏིའི་ལག་ལེན་ཆེ་ཆུང་། ཕྱིས་སུ་བོད་དུ་གསོ་རིག་ལ་མཁས་པའི་བྱང་པ་རྣམ་རྒྱལ་གྲགས་བཟང་། མི་ཡི་ཉི་མ། ལྷུན་སྡེངས་རྣམ་རྒྱལ་རྡོ་རྗེ། བསྟན་འཛིན་རྒྱལ་པོ། ཟུར་མཁར་བ་བློ་གྲོས་རྒྱལ་པོ། མཉམ་ཉིད་རྡོ་རྗེ། མི་དབང་སཱ་ར། དེལ་དམར་བསྟན་འཛིན་ཕུན་ཚོགས། ཀོང་སྤྲུལ་ཡོན་རྒྱམ། མི་ཕམ་འཇམ་དཔལ་རྒྱས་པ་སོགས་གསོ་རིག་ཕྱོགས་ལ་བཀའ་དྲིན་ཆེ་ཞིང་། གཞན་ཡང་རང་གཞན་མཁས་གྲུབ་དུ་མས་རྒྱུད་ལུང་ཁུངས་ལྡན་ནས་ཉམས་མྱོང་གིས་གཅེས་བཏུས་རིགས་སོགས་མང་ཡང་དེ་དག་ཕལ་ཆེར་བཅོས་ཀྱི་དབུ་མཇུག་ལས་མཐའ་ཡོངས་རྫོགས་དབེན་ཅིང་འཐོར་བུ་སོང་གཤིས་ནད་རྣམས་གཏིང་འདོན་བྱེད་པའི་བཅོས་ཀུན་མ་ཚང་བས་བྱ་ཐབས་དཀའ་ཞིང་། དེ་ཕྱིར་དབུ་མཇུག་གནད་ཀུན་ཚང་བའི་ལག་ལེན་པོད་ཆུང་ཞིག་བརྩོམ་ན་ལེགས་འདུག་སྙམ་པའི་སྐབས་སུ། སྨོན་རྒྱལ་ནམ་མཁའ་གྲགས་པ་ཉིད་ཀྱིས་རང་རེ་བོན་གྱི་རིང་ལུགས་རིག་གནས་སོགས་བསྟན་པ་གོང་སྤེལ་མཛད་དགོས་ཞེས་བཀའ་གསུང་སྤྱི་ཕེབས་དང་། གཞན་ཡང་རང་སྡེ་གཞན་སྡེའི་མཁས་བཙུན་དུ་མས་སྨོན་སྦྱོར་གཅེས་བཏུས་གནད་ཟབ་ཅིག་དགོས་ཞེས་ཡང་ཡང་བསྐུལ་བར་བརྟེན། གོང་གི་རྒྱུད་ལུང་མན་ངག་ཀུན་གྱི་གཞིར་དབུབ། གསང་སྔགས་རིགས་སྔགས་སྐོར་ནས་བསྲུང་བ་སྔགས་བཅོས་ཟབ་རྒུའི་རིགས་རྣམས་ཟུར་རྒྱན་ཅིང*། སྔོན་འགྲོ་ནད་རིགས་སོ་སོའི་སློང་རྐྱེན་ན་ལུགས་གོམས་པ་རྩ་ཆུ་བརྟག་པ་ནས་དངོས་གཞི་ཐང་ཕྱེ་རིལ་བུ་ལྡེ་གུ་སྨན་མར་སོགས་ནས་མཐའ་གཅོད་དཔྱད་ཀྱི་ལས་མཐའ་གང་དགོས་བར་ལེའུ་རེ་རེའི་ཁོང་དུ་ཚང་བར་བྱས་ཏེ་མཁས་རྨོངས་བར་གསུམ་ཀུན་གྱི་བདེ་བླག་ཏུ་རྟོགས་སླ་བའི་ཆེད་དུ་ཁྱོན་སྡོམ་སྦྱར་ཐབས་སྟོང་དང་རྩ་བརྒྱད་ཀྱི་གྲངས་ཨང་གཙོ་བོར་བཀོད་ཀྱང་སྨན་སྣ་གཅིག་གཉིས་གསུམ་བཞི་སོགས་ཕར་ཆེར་སྦྱར་ཐབས་སྟོང་རྩའི་གྲངས་ཁུངས་མ་གཏོགས་པར་བརྒྱ་ཕྲག་དུ་མར་ཡོད་ངེས་དང*། ཟུར་བཀོལ་གཅེས་བཏུས་འཆི་བདག་ཞགས་གཅོད་ཀྱི་ནང་དུའང་གོང་དང་མི་འདྲ་བའི་སྦྱར་ཐབས་བརྒྱ་ཕྲག་ལྷག་ཐལ་བཀོད་པ་དང་། བཟོ་ཐབས་པ་ཏྲའི་འཕྲུལ་འཁོར་ནང་རིན་ཆེན་ཐལ་བཟོ་དང་སྨན་གྱི་དུག་ཕྲལ་སྐོར། ཟུར་རྒྱན་ཉེར་མཁོ་རུ་རྩ་ཆུའི་བརྟག་ཚུལ་ནུས་པ་རྐྱང་སེལ་སྔོ་སྨན་འཁྲུངས་དཔེ་གཏར་མེའི་ལག་ལེན་བཅས་ལེའུ་བཞི་ཡི་ནང་དུ་གསོ་དཔྱད་ཀུན་གྱི་གནད་ཀུན་སྙིང་པོ་མ་ཚང་བར་མེད་པར་བསྡུས་ཏེ་བཀོད་པའི་གླེགས་བམ་འདི་ཉིད་དུ་མན་ངག་ལག་ལེན་གང་ལ་གང་དགོས་ཀྱི་བཅོས་ཀུན་གཞན་བལྟོས་མི་དགོས་པར་འདི་རང་གཅིག་པུས་སྒེར་ཐུབ་ཆོག་པར་བྱེད་པ་པོ་གཤེན་གྱི་དྲང་སྲོང་འཚོ་བྱེད་འཇིགས་མེད་ནམ་མཁའི་རྡོ་རྗེའམ། གཡུང་དྲུང་རྒྱལ་མཚན་དཔལ་བཟང་པོར་འབོད་པས་འོ་སྐོལ་སྟོན་པ་རྣམ་འདྲེན་ཆེན་པོ་གཟུགས་སྐུའི་དཀྱིལ་འཁོར་ངོམས་པའི་འབྱུང་ལྡན་དང་པོ་ནས་ད་ལྟ་སུམ་རྒྱའི་ནང་ཚན་ས་བྱི་ནས་བཟུང་ས་མོ་གླང་གི་ལོར་ཟླ་བ་དང་པོའི་ཚེས་བཅོ་ལྔ་གཟའ་སྐར་འཕྲོད་སྦྱོར་དགེ་ལེགས་ཕུན་སུམ་འཚོགས་པའི་ཉིན་མཇུག་ཡོངས་སུ་གྲུབ་པར་བགྱིས་པའི་རྣམ་དགེས་འགྲོ་ཁམས་ལུས་ཅན་ཉོན་འཁྲུལ་ནད་གདུང་ཐམས་ཅད་ལས་གྲོལ་ཏེ་སངས་རྒྱས་སྨན་བླའི་གོ་འཕང་མཆོག་ཆེན་ལ་འགོད་པའི་རྒྱུ་རུ་གྱུར་ཅིག།
ces gso rig rgyud 'bum bye ba'i yaMng snying 'gro kun 'byung 'khrugs nad kyi zug rngus gdung ba kun sel sman sbyor stong rtsa phan bde bde skyid kyi dga' ston rol pa'i rgyan zhes bya ba 'di nyid ji ltar sbyar ba'i tshul ni rnam rgyal gzungs chen las gso rig gi bon sde gsum ni/ gso bya'i nad 'bum nag po/ 'tsho byed dpyad 'bum khra bo/ rnam rgyal sman 'bum dkar po gsum ste 'ol gling du gtan la phabs nas/ dpyad bu khri shes la gtad/ ces gsungs pa yang / phyis bsam yas dbu rtse nas ban de mi gsum gyis gter nas bton cing lha rje g.yu thog pas zhus pa'i 'bum gsum dang*/ gdal 'bum sogs las bshad pa'i sman rgyud brgya phrag gcig dang*/ yongs grags rgyud bzhi 'di yang phyis bI ros bsgyar ba dang*/ g.yu thog pas mdzad pa dang gter nas bton pa sogs bshad kyang*/ don du tres sam dang cur nis sogs zhang skad mang du 'byung bas 'gyur khungs gang yin des ston pas gzhan du smon ci dgos/ gzhan yang zhang zhung 'khor lo rgyal po'i dpe bum sogs zhang zhung nas 'gyur ba'i sman rgyud dang / dngul chu grub pa'i bstan bcos sogs rgya gar nas 'gyur ba'i bka' brten dang / sman dpyad zla ba'i rgyal po sogs rgya nag nas 'gyur rigs dang*/ bdud rtsi bum chen bum chung snang gsal shel bum sogs rnying ma'i skor dang / bi dza'i po ti kha ser/ brang ti'i lag len che chung / phyis su bod du gso rig la mkhas pa'i byang pa rnam rgyal grags bzang / mi yi nyi ma/ lhun sdengs rnam rgyal rdo rje/ bstan 'dzin rgyal po/ zur mkhar ba blo gros rgyal po/ mnyam nyid rdo rje/ mi dbang sA ra/ del dmar bstan 'dzin phun tshogs/ kong sprul yon rgyam/ mi pham 'jam dpal rgyas pa sogs gso rig phyogs la bka' drin che zhing / gzhan yang rang gzhan mkhas grub du mas rgyud lung khungs ldan nas nyams myong gis gces btus rigs sogs mang yang de dag phal cher bcos kyi dbu mjug las mtha' yongs rdzogs dben cing 'thor bu song gshis nad rnams gting 'don byed pa'i bcos kun ma tshang bas bya thabs dka' zhing / de phyir dbu mjug gnad kun tshang ba'i lag len pod chung zhig brtsom na legs 'dug snyam pa'i skabs su/ smon rgyal nam mkha' grags pa nyid kyis rang re bon gyi ring lugs rig gnas sogs bstan pa gong spel mdzad dgos zhes bka' gsung spyi phebs dang / gzhan yang rang sde gzhan sde'i mkhas btsun du mas smon sbyor gces btus gnad zab cig dgos zhes yang yang bskul bar brten/ gong gi rgyud lung man ngag kun gyi gzhir dbub/ gsang sngags rigs sngags skor nas bsrung ba sngags bcos zab rgu'i rigs rnams zur rgyan cing*/ sngon 'gro nad rigs so so'i slong rkyen na lugs goms pa rtsa chu brtag pa nas dngos gzhi thang phye ril bu lde gu sman mar sogs nas mtha' gcod dpyad kyi las mtha' gang dgos bar le'u re re'i khong du tshang bar byas te mkhas rmongs bar gsum kun gyi bde blag tu rtogs sla ba'i ched du khyon sdom sbyar thabs stong dang rtsa brgyad kyi grangs ang gtso bor bkod kyang sman sna gcig gnyis gsum bzhi sogs phar cher sbyar thabs stong rtsa'i grangs khungs ma gtogs par brgya phrag du mar yod nges dang*/ zur bkol gces btus 'chi bdag zhags gcod kyi nang du'ang gong dang mi 'dra ba'i sbyar thabs brgya phrag lhag thal bkod pa dang / bzo thabs pa tra'i 'phrul 'khor nang rin chen thal bzo dang sman gyi dug phral skor/ zur rgyan nyer mkho ru rtsa chu'i brtag tshul nus pa rkyang sel sngo sman 'khrungs dpe gtar me'i lag len bcas le'u bzhi yi nang du gso dpyad kun gyi gnad kun snying po ma tshang bar med par bsdus te bkod pa'i glegs bam 'di nyid du man ngag lag len gang la gang dgos kyi bcos kun gzhan bltos mi dgos par 'di rang gcig pus sger thub chog par byed pa po gshen gyi drang srong 'tsho byed 'jigs med nam mkha'i rdo rje'am/ g.yung drung rgyal mtshan dpal bzang por 'bod pas 'o skol ston pa rnam 'dren chen po gzugs sku'i dkyil 'khor ngoms pa'i 'byung ldan dang po nas da lta sum rgya'i nang tshan sa byi nas bzung sa mo glang gi lor zla ba dang po'i tshes bco lnga gza' skar 'phrod sbyor dge legs phun sum 'tshogs pa'i nyin mjug yongs su grub par bgyis pa'i rnam dges 'gro khams lus can nyon 'khrul nad gdung thams cad las grol te sangs rgyas sman bla'i go 'phang mchog chen la 'god pa'i rgyu ru gyur cig/


Additional miscellaneous Collections

Mongolian Canon


source rKTs &