Colophon ཅེས་ལྷ་མོ་སྲིད་གསུམ་དབང་བསྒྱུར་རྒྱལ་མོའི་གསོལ་འདེབས་ཡིད་ཀྱི་འདོད་འཇོ་ཞེས་བྱ་བ་འདི་ནི། རྒྱལ་ཁྱུང་དགེ་བཤེས་རྩ་ཡི་གདུང་ལས་སོན་པས་(པའི)་སྐྱེས་མཆོག་ཡེ་ཤེས་གསལ་ལྡན་གྱིས། འདི་ལྟ་བུར་ཞིག་དགོས་ཀྱི་ནན་ཏན་བཀའ་ཡིས་བསྐུལ་ངོར། མི་ཆུང་མིང་ཆེན་འཛིན་པའི་ཀུན་གྲོལ་གྲགས་པ་བདག་གིས་ཉག་ཤོད་ཨ་འཛི་ལུང་གི་བྱང་གནས། ས་གནས་ཐིམ་ཤིང་རྒྱལ་བས་(བའི)་ས་གནད། གཡུང་དྲུང་དཔལ་གྱི་གདན་ས་བཀྲ་ཤིས་སྨིན་གྲོལ་ཁྲོད་དུ་བགྱིས་པ། མེ་སྦྲུལ་ཟླ་བ་དྲུག་པའི་ཕྱོགས་ཕྱི་མ་དམ་ཅན་འདུ་བའི་ཉིན་ལ་དགེའོ།། ces lha mo srid gsum dbang bsgyur rgyal mo'i gsol 'debs yid kyi 'dod 'jo zhes bya ba 'di ni/ rgyal khyung dge bshes rtsa yi gdung las son pas (pa'i) skyes mchog ye shes gsal ldan gyis/ 'di lta bur zhig dgos kyi nan tan bka' yis bskul ngor/ mi chung ming chen 'dzin pa'i kun grol grags pa bdag gis nyag shod a 'dzi lung gi byang gnas/ sa gnas thim shing rgyal bas (ba'i) sa gnad/ g.yung drung dpal gyi gdan sa bkra shis smin grol khrod du bgyis pa/ me sbrul zla ba drug pa'i phyogs phyi ma dam can 'du ba'i nyin la dge'o//