Catalog entry rKTs-B4790
རྣམ་རྒྱལ་སྟོང་མཆོད་སོགས་ཀྱི་ལག་ལེན་དྭངས་ཤེལ་མེ་ལོང
rnam rgyal stong mchod sogs kyi lag len dwangs shel me long




Bkt104.1

རྣམ་རྒྱལ་སྟོང་མཆོད་སོགས་ཀྱི་ལག་ལེན་དྭངས་ཤེལ་མེ་ལོང
rnam rgyal stong mchod sogs kyi lag len dwangs shel me long


Location
set MW30498: volume rnam rgyal sgrub pa - folios 1a1-43a6

Colophon
ཅེས་གཤེན་རབ་རྣམ་པར་རྒྱལ་བའི་སྟོང་མཆོད་སོགས་ཀྱི་ལག་ལེན་དྭངས་ཤེལ་མེ་ལོང་ཞེས་བྱ་བ་འདི་ཡང་། རང་ཉིད་གཤེན་བསྟན་སྨན་རིའི་སྒྲུབ་མཆོད་བཅུ་གཉིས་གྲས་རྣམ་རྒྱལ་གཡང་སྒྲུབ་འདི་ཉིད་ཡང་འཕར་གྱི་རྣམ་རྒྱལ་སྟོང་མཆོད་རྒྱས་པ་ཞིག་བསྟན་འགྲོ་གཉིས་ཀར་ཕན་པ་རྒྱ་ཆེར་རྒྱུན་རིང་ཞིག་གི་རྒྱུར་ཨི་ཡོང་གི་ལག་ལེན་ཞིག་བསྒྲིག་དགོས་སྙམ་པ་ལ། ཉེ་བར་རང་གི་གཅུང་པོ་སྒོ་རིགས་ཀྱི་བསྒྲུབ་(སྒྲུབ)་རྒྱུད་སྐམ་ཞིག་བླ་མ་རྣམ་རྒྱལ་ཚུལ་ཁྲིམས་ཀྱིས་བསྐུལ་བ་ལ་བརྟེན་ནས། སྒོ་རིགས་མཁན་མིང་པ་ཉི་མ་བསྟན་འཛིན་དབང་རྒྱལ་དུ་འབོད་པ་བདག་གིས་སྔོན་ཚེ་བདག་ཅག་གི་སྟོན་པ་རྣམ་མཁྱེན་ཡང་དག་པ་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི་རྟག་ཏུ་གཟིགས་པའི་ཞིང་ཁམས། ལོ་རྒྱལ་ཤིང་ཕོ་བྱི་ལོ་ལ་སྐུ་བལྟམས་ནས། མི་ལོ་ཆིག་ཁྲི་དང་བདུན་སྟོང་དང་བརྒྱད་བརྒྱ་དྲུག་བཅུ་རེ་དགུ་འདས་ཤིང་། རྒྱལ་བ་མཉམ་མེད་ཆེན་པོ་ཡུལ་རྒྱལ་མོ་ཆུ་ཆེན་དུ་མེ་ཕོ་སྤྲེལ་ལོ་ལ་སྐུ་འཁྲུངས་ནས། བགྲང་བྱ་བཞི་བརྒྱ་དང་དགུ་བཅུ་གོ་བདུན་འདས་པས་(པའི)་མཚམས། ལེགས་སྦྱར་སཾ་སྐྲི་ཏ་ཡི་སྐད་དུ་མ་དེ་ཞེས། སྟོད་འགྲེལ་བོད་སྐད་དུ་བག་མེད་ཅེས་པ། རབ་བྱུང་བཅུ་བཞི་པའི་ཆུ་གླང་ལོ་ཡི་ཆུ་སྟོད་ཟླ་བའི་དམར་ཕྱོགས་དགའ་བ་གཉིས་པའི་ཕ་རོལ་བདུད་ལས་རྒྱལ་བའི་འཕྲོད་སྦྱོར་ཉིན། བོན་གྱི་འདུ་གནས་སོ་བདུན་གྱི་ནང་ཚན་གཡས་རུའི་བྲུ་ཡི་མཁར་གདོང་བོན་གྱི་འདུས་གནས་ཀྱི་དཔོན་གསས་རིག་འཛིན་གསང་ཕུག་ཏུ་རྣམ་རྒྱལ་བསྒྲབས་པའི་ཐུན་མཚམས་སུ་གྲུབ་པར་བགྱིས་པས། དགེ་དེས་མཉམ་མེད་བླ་མའི་བསྟན་པ་དར་ཞིང་རྒྱས་པའི་རྒྱུ་རུ་གྱུར་ཅིག།
ces gshen rab rnam par rgyal ba'i stong mchod sogs kyi lag len dwangs shel me long zhes bya ba 'di yang / rang nyid gshen bstan sman ri'i sgrub mchod bcu gnyis gras rnam rgyal g.yang sgrub 'di nyid yang 'phar gyi rnam rgyal stong mchod rgyas pa zhig bstan 'gro gnyis kar phan pa rgya cher rgyun ring zhig gi rgyur i yong gi lag len zhig bsgrig dgos snyam pa la/ nye bar rang gi gcung po sgo rigs kyi bsgrub (sgrub) rgyud skam zhig bla ma rnam rgyal tshul khrims kyis bskul ba la brten nas/ sgo rigs mkhan ming pa nyi ma bstan 'dzin dbang rgyal du 'bod pa bdag gis sngon tshe bdag cag gi ston pa rnam mkhyen yang dag pa rdzogs pa'i sangs rgyas rgyal ba gshen rab mi bo kun las rnam par rgyal ba de nyid sangs rgyas thams cad kyi rtag tu gzigs pa'i zhing khams/ lo rgyal shing pho byi lo la sku bltams nas/ mi lo chig khri dang bdun stong dang brgyad brgya drug bcu re dgu 'das shing / rgyal ba mnyam med chen po yul rgyal mo chu chen du me pho sprel lo la sku 'khrungs nas/ bgrang bya bzhi brgya dang dgu bcu go bdun 'das pas (pa'i) mtshams/ legs sbyar saM skri ta yi skad du ma de zhes/ stod 'grel bod skad du bag med ces pa/ rab byung bcu bzhi pa'i chu glang lo yi chu stod zla ba'i dmar phyogs dga' ba gnyis pa'i pha rol bdud las rgyal ba'i 'phrod sbyor nyin/ bon gyi 'du gnas so bdun gyi nang tshan g.yas ru'i bru yi mkhar gdong bon gyi 'dus gnas kyi dpon gsas rig 'dzin gsang phug tu rnam rgyal bsgrabs pa'i thun mtshams su grub par bgyis pas/ dge des mnyam med bla ma'i bstan pa dar zhing rgyas pa'i rgyu ru gyur cig/


Additional miscellaneous Collections

Mongolian Canon


source rKTs &