རྣམ་མཁྱེན་རྒྱལ་བ་གཤེན་རབ་ཀྱི་སྐྱེས་རབས་རྣམ་བཤད་ནོར་བུའི་ཕྲེང་བ་ཡིད་ངོར་གཡོ་མ་འཇིགས་སྐྱོབས་གཡུང་དྲུང་གོ་ཆ rnam mkhyen rgyal ba gshen rab kyi skyes rabs rnam bshad nor bu'i phreng ba yid ngor g.yo ma 'jigs skyobs g.yung drung go cha
རྣམ་མཁྱེན་རྒྱལ་བ་གཤེན་རབ་ཀྱི་སྐྱེས་རབས་རྣམ་བཤད་ནོར་བུའི་ཕྲེང་བ་ཡིས་ངོར་གཡོ་མ་འཇིགས་སྐྱོབས་གཡུང་དྲུང་གོ་ཆ rnam mkhyen rgyal ba gshen rab kyi skyes rabs rnam bshad nor bu'i phreng ba yis ngor g.yo ma 'jigs skyobs g.yung drung go cha Bkt
Bkt97.1
རྣམ་མཁྱེན་རྒྱལ་བ་གཤེན་རབ་ཀྱི་སྐྱེས་རབས་རྣམ་བཤད་ནོར་བུའི་ཕྲེང་བ་ཡིས་ངོར་གཡོ་མ་འཇིགས་སྐྱོབས་གཡུང་དྲུང་གོ་ཆ rnam mkhyen rgyal ba gshen rab kyi skyes rabs rnam bshad nor bu'i phreng ba yis ngor g.yo ma 'jigs skyobs g.yung drung go cha
Location
set MW30498: volume gshen rab kyi skyes rabs rnam thar - folios 1a1-323a6
Colophon དེ་ལྟར་བདག་ཅག་གི་སྟོན་པ་དགྲ་བཅོམ་རྒྱལ་བ་གཤེན་རབ་དེ་ཉིད་གྲངས་མེད་གསུམ་དུ་ཚོགས་བསགས་སྒྲིབ་སྦྱོང་གིས་མཐར་ཐུག་མངོན་པར་རྫོགས་པའི་སངས་རྒྱས་ནས། བཅུ་གཉིས་མཛད་ཆེན་ཡོངས་དང་རྒྱལ་བསྟན་བྱུང་ཚུལ་གྱི་ལེགས་པར་བཤད་པས་བརྒྱན་པ་རྟོགས་བརྗོད་རིན་པོ་ཆེ་འདི་ཉིད། སྤྲོད་ཐུབ་ཀྱི་ཐོས་བསམ་ཆེར་མེད་ནའང་། འཁྲུངས་རབས་ཞལ་སྐྱིན་ཙམ་ལས་དོན་བཤད་རྒྱས་བསྡུས་སྔ་ཕྱིའི་མཁས་གྲུབ་རྣམས་ཀྱིས་བསྒྲིག་རྒྱུ་མ་བྱུང་བ། དེ་ཕྱིར་ཆོས་བརྒྱད་མཁས་གྲགས་ཀྱིས་བསྒྲིགས་པ་མིན་ཞིང་། རྒྱལ་བསྟན་མཛེས་པའི་རྒྱན་དང་། དེ་འཛིན་མཁས་གྲུབ་ཆེ་རིགས་ཀྱི་མཁྱེན་ངོར་གསལ་བཞིན་སླར་གསལ་གདབ་དང་། རངའདྲའི་བློ་དམན་རྣམས་ཡིད་ལ་ངེས་ཤེས་བསྐྱེད་པའི་ཆེད་དུ། དང་པོ་ཐུགས་བསྐྱེད་ཚུལ་དང་། གྲངས་མེད་ངེས་དོན་དུ་བྱས་པའི་སྐོར་རྣམས་ཀུན་གྲོལ་རིན་པོ་ཆེའི་བསྟོད་ཕྱག་འགྲེལ་དང*། མཛད་བཅུའི་རྣམ་བཤད་གཙོ་བོར་བཞག་ནས་བཀོད། གྲངས་ཅན་གྱི་སྐྱེས་རབས་རྣམས། མདོ་རྒྱུད་ཀུན་ནས་འཁྲུངས་རབས་མཐོང་ཐོས་རྣམས་བསྡུས་ནས། རྣམ་བཤད་ནོར་བུའི་ཕྲེང་བ་ཞེས་བགྱི་བ་གླེགས་བམ་གཅིག་ཏུ་དྲིལ་བ་འདི། གནམ་སྐོས་གོང་མའི་ལུང་གིས་བསྔགས་པའི་ས་དབང་སྡེ་དགེ་རྒྱལ་པོའི་མངའ་རིས་བུ་འབོར་དབྱིབས་ཀླུང་དུ་དལ་རྟེན་རྙེད་པ། སྔོན་བསགས་དཀར་པོའི་འཕྲོ་ཡིས་སྨོན་རྒྱལ་པད་མ་རྒྱལ་པོའི་ཡང་སྲིད་དུ་ཁས་འཆེ་བ། མིང་ཙམ་མ་ཡིན་པ་མཚན་ཉིད་དང་ལྡན་པའི་གཡུང་དྲུང་སློབ་དཔོན་དུ་མའི་ཞབས་བསྙེགས་པའི། སུམ་ལྡན་གྱི་ཁུལ་འཛིན་པའི་གྱི་ན་པ་གཡུང་དྲུང་བསྟན་པ་དབང་རྒྱལ་དུ་འབོད་པས། སྟོན་མཆོག་ཁྲི་གཙུག་རྒྱལ་བའི་སྐུ་དང་གསུང་བསྟན་ཉི་ཁྲི་རྫོགས་ཤིང་ཐུགས་བསྟན་ཁྲི་ལས་ཉིས་སྟོང་བདུན་བརྒྱ་རེ་བཞི་འདས་པའི་མཚམས། ལེགས་སྦྱར་སཾསྐྲྀ་ཏའི་སྐད་དུ་སརྦ་(?)སྟོད་འགྲེལ་ལས་བོད་སྐད་དུ་བསྒྱར་བ་ཀུན་འཛིན། སྟོང་ཀུན་རྒྱལ་པོའི་ཁབས་སུ་ཝུ་ཙི། དབང་ཐང་དང་བསྟུན་པའི་མིང་ས་ཕོ་བྱི་བའི་ལོར། ཐ་སྐར་ཟླ་བའི་ཚོས་རྫོགས་པ་དང་པོ། རེས་བཟའ་ལྷག་པ། རྒྱུ་སྐར་ལྷ་མཚམས་ལ་སྤྱོད་པའི་འགྲུབ་སྦྱོར་ཉིན་དུ་དབུ་གཙུགས་ནས་བརྩམ་སྟེ། མགོ་ཟླའི་གྲུབ་པའི་ཉི་མར་མཇུག་ཕྱུང་བ་ཡན། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་སྤྱི་དཔལ་ཀུན་གྲོལ་གྲགས་ཀྱི་ཕན་བདེའི་རྩ་ལག་གཤེན་བསྟན་རིན་པོ་ཆེ་ཕྱོགས་བརྒྱར་ཀུན་དུ་དར་ཞིང་ཡུན་རིང་དུ་གནས་ནས། མཁའ་མཉམ་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འཁོད་པའི་རྒྱུ་རུ་གྱུར་ཅིག། de ltar bdag cag gi ston pa dgra bcom rgyal ba gshen rab de nyid grangs med gsum du tshogs bsags sgrib sbyong gis mthar thug mngon par rdzogs pa'i sangs rgyas nas/ bcu gnyis mdzad chen yongs dang rgyal bstan byung tshul gyi legs par bshad pas brgyan pa rtogs brjod rin po che 'di nyid/ sprod thub kyi thos bsam cher med na'ang / 'khrungs rabs zhal skyin tsam las don bshad rgyas bsdus snga phyi'i mkhas grub rnams kyis bsgrig rgyu ma byung ba/ de phyir chos brgyad mkhas grags kyis bsgrigs pa min zhing / rgyal bstan mdzes pa'i rgyan dang / de 'dzin mkhas grub che rigs kyi mkhyen ngor gsal bzhin slar gsal gdab dang / ranga'adra'i blo dman rnams yid la nges shes bskyed pa'i ched du/ dang po thugs bskyed tshul dang / grangs med nges don du byas pa'i skor rnams kun grol rin po che'i bstod phyag 'grel dang*/ mdzad bcu'i rnam bshad gtso bor bzhag nas bkod/ grangs can gyi skyes rabs rnams/ mdo rgyud kun nas 'khrungs rabs mthong thos rnams bsdus nas/ rnam bshad nor bu'i phreng ba zhes bgyi ba glegs bam gcig tu dril ba 'di/ gnam skos gong ma'i lung gis bsngags pa'i sa dbang sde dge rgyal po'i mnga' ris bu 'bor dbyibs klung du dal rten rnyed pa/ sngon bsags dkar po'i 'phro yis smon rgyal pad ma rgyal po'i yang srid du khas 'che ba/ ming tsam ma yin pa mtshan nyid dang ldan pa'i g.yung drung slob dpon du ma'i zhabs bsnyegs pa'i/ sum ldan gyi khul 'dzin pa'i gyi na pa g.yung drung bstan pa dbang rgyal du 'bod pas/ ston mchog khri gtsug rgyal ba'i sku dang gsung bstan nyi khri rdzogs shing thugs bstan khri las nyis stong bdun brgya re bzhi 'das pa'i mtshams/ legs sbyar saMskr-i ta'i skad du sarba (?)stod 'grel las bod skad du bsgyar ba kun 'dzin/ stong kun rgyal po'i khabs su wu tsi/ dbang thang dang bstun pa'i ming sa pho byi ba'i lor/ tha skar zla ba'i tshos rdzogs pa dang po/ res bza' lhag pa/ rgyu skar lha mtshams la spyod pa'i 'grub sbyor nyin du dbu gtsugs nas brtsam ste/ mgo zla'i grub pa'i nyi mar mjug phyung ba yan/ rigs dang dkyil 'khor rgya mtsho'i spyi dpal kun grol grags kyi phan bde'i rtsa lag gshen bstan rin po che phyogs brgyar kun du dar zhing yun ring du gnas nas/ mkha' mnyam sems can thams cad rdzogs pa'i sangs rgyas kyi sa la 'khod pa'i rgyu ru gyur cig/