Colophon དེ་ལྟར་ཡིད་དང་སེམས་ལ་སྤོས་པའི་དྲིས་ལན་སངས་རྒྱས་དང་སེམས་ཅན་གྱི་བརྗོད་བྱ་རབ་ཏུ་རྒྱས་པའི་བཀོད་པའི་ཚུལ་གནས་རིན་པོ་ཆེ་དཔལ་གྱི་བེའུ་རྣམ་པར་བཀྲ་བའི་རྒྱན་གསེར་གྱི་མེ་ཏོག་སྟོང་ལྡན་ཞེས་བྱ་བ། དམུ་རྒྱལ་རྣལ་འབྱོར་ཉི་མའི་མིང་ཅན་གྱིས་ཡིད་ལས་སྤོས་ཏེ་བརྩམས་པས། བློ་གསལ་རྣམས་ཀྱི་ལེགས་པར་ལྟོས་ཤིག་འདི་དོན་འཁོར་འདས་ཀུན་གྱི་དོན་རྣམས་གོ་བར་གྱུར་ཏེ། མྱང་འདས་ཆེན་པོ་རྣམ་པར་གྲོལ་བའི་ངང་དུ་མཉམ་པར་གྱུར་ཅིག་ཅེས་བྱང་གི་ས་གནས་ཚ་ཕུའི་རྒར་ཐོག་ཏུ་བརྩམས་པ་དགེ་ལེགས་འཕེལ།། de ltar yid dang sems la spos pa'i dris lan sangs rgyas dang sems can gyi brjod bya rab tu rgyas pa'i bkod pa'i tshul gnas rin po che dpal gyi be'u rnam par bkra ba'i rgyan gser gyi me tog stong ldan zhes bya ba/ dmu rgyal rnal 'byor nyi ma'i ming can gyis yid las spos te brtsams pas/ blo gsal rnams kyi legs par ltos shig 'di don 'khor 'das kun gyi don rnams go bar gyur te/ myang 'das chen po rnam par grol ba'i ngang du mnyam par gyur cig ces byang gi sa gnas tsha phu'i rgar thog tu brtsams pa dge legs 'phel//