Catalog entry rKTs-B4703
གཡུང་དྲུང་བོན་གྱི་བཀའ་བརྟེན་འགྱུར་གྱི་སྡེ་ཚན་སྒྲིག་ཚུལ་གྱི་དཀར་ཆག་ཉུང་འཐུས་གཤེན་བསྟན་པད་མོ་རྒྱས་བྱེད་ཉི་འོད
g.yung drung bon gyi bka' brten 'gyur gyi sde tshan sgrig tshul gyi dkar chag nyung 'thus gshen bstan pad mo rgyas byed nyi 'od




Bkt93.1

གཡུང་དྲུང་བོན་གྱི་བཀའ་བརྟེན་འགྱུར་གྱི་སྡེ་ཚན་སྒྲིག་ཚུལ་གྱི་དཀར་ཆགས་ཉུང་འཐུས་གཤེན་བསྟན་པད་མོ་རྒྱས་བྱེད་ཉི་འོད
g.yung drung bon gyi bka' brten 'gyur gyi sde tshan sgrig tshul gyi dkar chags nyung 'thus gshen bstan pad mo rgyas byed nyi 'od


Location
set MW30498: volume rgyal ba'i bka' brten dkar chag - folios 1a1-38b9

Colophon
ཅེས་པའི་ཚུལ་འདི་ཡང་ཞི་རྒྱུད་ལྡེ་མིག་དགུ་སྐོར་གྱི་ལུང་ལས། སྟོང་གསུམ་འཇིག་རྟེན་གླིང་མཆོག་གྲངས་མང་ཡང་། ཀུན་ལས་མཆོག་གྱུར་མི་ལུས་གཙང་མ་ཐོབ། གཙང་མ་མི་ལ་དབང་ལྡན་གྲངས་མང་ཡང་། ཀུན་ལ་བཀའ་བཙན་དབང་ཆེན་རྒྱལ་དུ་སྐྱེས། གཙུག་ལག་བུ་བཞིའི་བསྟན་པ་གྲངས་མང་ཡང་། བསྟན་པའི་མཆོག་གྱུར་གཡུང་དྲུང་བོན་སྒོར་ཞུགས། ཞེས་གསུངས་པ་ལྟར། གྲུབ་མཐའི་རྒྱལ་པོ་གཡུང་དྲུང་གི་བོན་རིན་པོ་ཆེ་བཀའ་འགྱུར་བརྟེན་འགྱུར་གྱི་སྡེ་ཚན་བསྒྲིགས་ཚུལ་ཐོ་ལོང་ཙམ་བཀོད་པ་བསྟན་འཛིན་བོན་སྤྱོད་རྣམས་ཀྱིས་མནལ་སློང་བསྟན་པའི་མེ་རོ་སྤར་བའི་རླུང་གཡབ་བོན་གྱི་པད་མོ་རྒྱས་བྱེད་ཉི་འོད་ཅེས་བྱ་བ་འདི་ཡང་། འཕགས་པའི་རྣམ་རོལ་དགེ་བཤེས་མཆོག་སྤྲལ་རྣམ་གཉིས་ཀྱིས་རྟེན་འབྲེལ་སྲིད་ན་ཆེ་བའི་གནང་རྟེན་དང་བཅས་པའི་བཀའ་ལུང་སྤྱི་བོར་ཕབ་བཞིན་རྒྱལ་བ་མཉམ་མེད་པའི་གདན་ས་སྐྱོང་ཁུལ་གྱི་མཁན་རབས་ཉེར་གཉིས་པ་སྒོ་རིགས་སྐམ་ཞིག་གྱི་དྲང་སྲོང་ཉི་རི་ཤེལ་ཞིན་ཟུར་ཝེར་འབོད་པས་གཡས་རུའི་རི་ཁྲོད་མཁར་སྣའི་བདེ་གསལ་གསང་ཕུག་ཏུ་བརྩམས་པ་དགེ་བས་གཡུང་དྲུང་བོན་གྱི་བསྟན་པ་ཕྱོགས་བརྒྱར་འཕེལ་ཞིང་བསྟན་འཛིན་སྐྱེས་མཆོག་ཟུང་གི་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་འཕྲིན་ལས་རབ་ཏུ་རྒྱས་པར་གྱུར་ཅིག།
ces pa'i tshul 'di yang zhi rgyud lde mig dgu skor gyi lung las/ stong gsum 'jig rten gling mchog grangs mang yang / kun las mchog gyur mi lus gtsang ma thob/ gtsang ma mi la dbang ldan grangs mang yang / kun la bka' btsan dbang chen rgyal du skyes/ gtsug lag bu bzhi'i bstan pa grangs mang yang / bstan pa'i mchog gyur g.yung drung bon sgor zhugs/ zhes gsungs pa ltar/ grub mtha'i rgyal po g.yung drung gi bon rin po che bka' 'gyur brten 'gyur gyi sde tshan bsgrigs tshul tho long tsam bkod pa bstan 'dzin bon spyod rnams kyis mnal slong bstan pa'i me ro spar ba'i rlung g.yab bon gyi pad mo rgyas byed nyi 'od ces bya ba 'di yang / 'phags pa'i rnam rol dge bshes mchog spral rnam gnyis kyis rten 'brel srid na che ba'i gnang rten dang bcas pa'i bka' lung spyi bor phab bzhin rgyal ba mnyam med pa'i gdan sa skyong khul gyi mkhan rabs nyer gnyis pa sgo rigs skam zhig gyi drang srong nyi ri shel zhin zur wer 'bod pas g.yas ru'i ri khrod mkhar sna'i bde gsal gsang phug tu brtsams pa dge bas g.yung drung bon gyi bstan pa phyogs brgyar 'phel zhing bstan 'dzin skyes mchog zung gi sku tshe bskal brgyar brtan zhing 'phrin las rab tu rgyas par gyur cig/


Additional miscellaneous Collections

Mongolian Canon


source rKTs &