Catalog entry rKTs-B4698
དགེ་སྤྱོད་འཕགས་ནོར་བདུན་གྱི་ནང་ཚན་སྐྱབས་འགྲོའི་རྣམ་བཤད་ཉུང་འཐུས
dge spyod 'phags nor bdun gyi nang tshan skyabs 'gro'i rnam bshad nyung 'thus




Bkt91.10

དགེ་སྤྱོད་འཕགས་ནོར་བདུན་གྱི་ནང་ཚན་སྐྱབས་འགྲོའི་རྣམ་བཤད་ཉུང་འཐུས
dge spyod 'phags nor bdun gyi nang tshan skyabs 'gro'i rnam bshad nyung 'thus


Location
set MW30498: volume bka' 'grel - folios 1a1-21a3

Colophon
ཞེས་པའི་ཚུལ་འདི་ནི། སྤྱིར་ཁོ་བོ་རང་བཞིན་ཤེས་རབ་ཞན་པའི་ཁར་གཟུགས་གཞི་བདེ་མིན་ལ་བརྟེན་ནས། བརྩམ་བྱ་འབྲི་བར་མི་འོས་ཤིང་། མཁས་རྣམས་ཁྲེལ་བའི་རྒྱ་ལས་མ་འདས་ཀྱང་། སྔ་སོར་བྱི་བ་ལོ་ནང་དུ། མདོ་སྨད་ཀྱི་ཞིང་ནས་མཚན་དང་དོན་མཚུངས་སྨོན་རྒྱལ་མཆོག་སྤྲུལ་རིན་པོ་ཆེ་རྣམ་གཉིས་ནས་བཀའ་རྟེན་སྣ་ཚོགས་སེམས་ལ་གང་ཤར་རེ་གནང་ན་བསྟན་འགྲོར་ཕན་ངེས་སྣང་བས། དམ་ཚིག་ལ་མ་ལྟས་པར་བརྩམ་པ་གནང་དགོས་ཞེས། རྟེན་འབྲེལ་གྱིས་(གྱི)་གནང་རྟེན་དང་བཅས་པའི་གསུང་ཤོག་ཕབ་པ་དང་ལྷག་པར་སྙ་ཆེན་རིག་འཛིན་ཆེན་པོའི་རྣམ་རོལ་རྩ་བའི་བླ་མ་སུམ་ལྡན་གྲུབ་དབང་རིན་པོ་ཆེ་ནས། རིན་ཆེན་དང་པོ་ཞོ་གང་དང*། ལྷ་རྫས་དྲི་མེད་བཅས་བརྩལ་ཏེ། དཀོན་བཞི་སྐྱབས་འགྲོའི་ཚིགས་འགྲེལ་ཞིག་བརྩམ་དགོས་ཞེས། བཀའ་ལུང་སྤྱི་བོར་ཕབ་པ་གྱེན་ཞུ་མ་ནུས་པ་དང་། དེང་ཆབས་ཅིག་མདོ་སྨད་སྡེ་དགེ་ལྕང་ལུང་སྤྲུལ་སྐུ་ནས་ཕྱི་ནང་གསང་བ་ཡང་གསང་དང་སྦྱར་བའི་ཞབས་བརྟན་སྨོན་ཚིག་རྟེན་འབྲེལ་བླ་ན་མེད་དུ་གྱུར་བཞིན་སྒོ་རིགས་སྐམ་ཞིག་ཀྱིས་(གི)་རུས་ཐོབ། ཁྱི་ལ་སེང་གེའི་མིང་བཏགས་སུ། རྒྱལ་བ་མཉམ་མེད་ཆེན་པོའི་གདན་ས་འཛིན་ཁུལ་སྨན་རིའི་མཁན་མིང་ཉི་རི་ཤེལ་ཞིན་ཟུར་ཝེར་དུ་འབོད་པས། འདུས་གནས་གཡས་རུ་མཁར་སྣའི་རི་ཁྲོད། བདེ་གསལ་གསང་ཕུག་ཅེས་པར། སྒོ་གསུམ་བསྐྱེད་རྒྱར་སྐྱོང་ཁུལ་གྱིས་(གྱི)་ཐུན་མཚམས་སུ་སྦྱར་བ། རི་ཁྲོད་དུ་ཡིག་ཆ་དུ་མས་དབེན་པ་དང་། ནད་བབ་ཀྱིས་བརྗེད་ངེས་ཆེ་ཞིང་། དྲན་པ་མི་གསལ་བར་བརྟེན། ཟུང་(ཟུར)་འགྲེལ་ཙམ་ལས་མ་གྱུར་བར་དབྱིངས་ཁྲེལ་མི་བཞེས་པ་དང་། དགེ་བས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་སྲིད་མཐར་བརྟན་ཞིང་རྒྱས་པའི་རྒྱུར་གྱུར་ཅིག་ཐ་ཚན་མུ་ཙུག་སྨར་རོ།།
zhes pa'i tshul 'di ni/ spyir kho bo rang bzhin shes rab zhan pa'i khar gzugs gzhi bde min la brten nas/ brtsam bya 'bri bar mi 'os shing / mkhas rnams khrel ba'i rgya las ma 'das kyang / snga sor byi ba lo nang du/ mdo smad kyi zhing nas mtshan dang don mtshungs smon rgyal mchog sprul rin po che rnam gnyis nas bka' rten sna tshogs sems la gang shar re gnang na bstan 'gror phan nges snang bas/ dam tshig la ma ltas par brtsam pa gnang dgos zhes/ rten 'brel gyis (gyi) gnang rten dang bcas pa'i gsung shog phab pa dang lhag par snya chen rig 'dzin chen po'i rnam rol rtsa ba'i bla ma sum ldan grub dbang rin po che nas/ rin chen dang po zho gang dang*/ lha rdzas dri med bcas brtsal te/ dkon bzhi skyabs 'gro'i tshigs 'grel zhig brtsam dgos zhes/ bka' lung spyi bor phab pa gyen zhu ma nus pa dang / deng chabs cig mdo smad sde dge lcang lung sprul sku nas phyi nang gsang ba yang gsang dang sbyar ba'i zhabs brtan smon tshig rten 'brel bla na med du gyur bzhin sgo rigs skam zhig kyis (gi) rus thob/ khyi la seng ge'i ming btags su/ rgyal ba mnyam med chen po'i gdan sa 'dzin khul sman ri'i mkhan ming nyi ri shel zhin zur wer du 'bod pas/ 'dus gnas g.yas ru mkhar sna'i ri khrod/ bde gsal gsang phug ces par/ sgo gsum bskyed rgyar skyong khul gyis (gyi) thun mtshams su sbyar ba/ ri khrod du yig cha du mas dben pa dang / nad bab kyis brjed nges che zhing / dran pa mi gsal bar brten/ zung (zur) 'grel tsam las ma gyur bar dbyings khrel mi bzhes pa dang / dge bas sangs rgyas g.yung drung bon gyi bstan pa srid mthar brtan zhing rgyas pa'i rgyur gyur cig tha tshan mu tsug smar ro//


Additional miscellaneous Collections

Mongolian Canon


source rKTs &