སྒྱུ་འཕྲུལ་དྲཝ་བ་གསས་མཁར་རིན་པོ་ཆེ་སྤྱི་སྤུངས་གསང་བ་ཐུགས་ཀྱི་བརྣག་པ་གཡུང་དྲུང་གི་གསང་རྒྱུད་དྲུག་གི་དོན་གྱི་འགྲེལ་བ་ཡིད་བཞིན་གཏེར་མཛོད sgyu 'phrul drwa ba gsas mkhar rin po che spyi spungs gsang ba thugs kyi brnag pa g.yung drung gi gsang rgyud drug gi don gyi 'grel ba yid bzhin gter mdzod
སྒྱུ་འཕྲུལ་དྲཝ་བ་གསས་མཁར་རིན་པོ་ཆེ་སྤྱི་སྤུངས་གསང་བ་ཐུགས་ཀྱི་བརྣག་པ་གཡུང་དྲུང་གི་གསང་རྒྱུད་དྲུག་གི་དོན་གྱི་འགྲེལ་བ་ཡིད་བཞིན་གཏེར་མཛོད sgyu 'phrul drwa ba gsas mkhar rin po che spyi spungs gsang ba thugs kyi brnag pa g.yung drung gi gsang rgyud drug gi don gyi 'grel ba yid bzhin gter mdzod Bkt
Bkt91.1
སྒྱུ་འཕྲུལ་དྲཝ་བ་གསས་མཁར་རིན་པོ་ཆེ་སྤྱི་སྤུངས་གསང་བ་ཐུགས་ཀྱི་བརྣག་པ་གཡུང་དྲུང་གི་གསང་རྒྱུད་དྲུག་གི་དོན་གྱི་འགྲེལ་བ་ཡིད་བཞིན་གཏེར་མཛོད sgyu 'phrul drwa ba gsas mkhar rin po che spyi spungs gsang ba thugs kyi brnag pa g.yung drung gi gsang rgyud drug gi don gyi 'grel ba yid bzhin gter mdzod
Location
set MW30498: volume bka' 'grel - folios 1a1-125a4
Colophon ཞེས་གསང་སྔགས་ཨ་དཀར་ཐེག་པའི་སྤྱི་ནོར། སྒྱུ་འཕྲུལ་དྲཝ་བ། གསས་མཁར་རིན་པོ་ཆེ་སྤྱི་སྤུངས་གསང་བ་ཐུགས་ཀྱི་བརྣག་པ་གཡུང་དྲུང་གི་གསང་རྒྱུད་ཆེན་པོ་དྲུག་ཏུ་གྲགས་པའི་དོན་འགྲེལ་ཡིད་བཞིན་གཏེར་གྱི་མཛོད་ཆེན་ཞེས་བྱ་བ་འདི་ནི། སྔ་མོ་དཔེ་རྒྱུད་མཇལ་བ་ནས་བཟུང་གུས་པ་ཆེན་པོས་རྩིས་སུ་འཛིན་པ་ཁོ་ནས་འགྲེལ་དང་རྣམ་བཤད་ཚོལ་བའི་འདུན་པ་ཡོངས་སུ་སྐྱེས་ཀྱང་། ཇི་བཞིན་ཐོབ་པར་མ་གྱུར་པ་ལ་ཕྱིས་སུ་སྙིགས་དུས་ཀྱི་རྒྱལ་བ་གཉིས་པ། རང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་དུ་སོན་ཞིང་། རིས་བྲལ་བསྟན་པ་རིན་པོ་ཆེའི་བདག་ཉིད། མཁས་ཤིང་གྲུབ་པ་ཡོངས་ཀྱི་ཁྱུ་མཆོག་རྒྱུད་སྡེ་འདི་ཉིད་ཀྱི་ཟབ་གཏེར་སྐལ་ལྡན་ཀྱི་ཚོགས་ལ་རྩོལ་བར་མཛད་པའི་གཏེར་ཆེན་ཁུ་ཚ་ཟླ་འོད་འབར་གྱི་རྣམ་པར་འཕྲུལ་པའི་ཟློས་གར་དུ། གཏེར་ལུང་རྡོ་རྗེའི་ཚིག་གིས་བསྔགས་པའི་སྐྱབས་རྗེ་མཆོག་སྤྲུལ་རིན་པོ་ཆེ་གཡུང་དྲུང་འབྱུང་གནས་རྩལ་ལམ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་རྡོ་རྗེ་གཟི་བརྗིད་རྩལ་ཞེས་ཡོངས་སུ་གྲགས་པའི་སྙན་པས་ཕྱོགས་ཀྱི་འཁོར་ལོ་ཁྱབ་པ་གང་གི་ཞལ་སྔ་ནས་རྒྱུད་སྡེ་རྒྱ་གར་ནས་འགྱུར་བ་སྒྱུ་འཕྲུལ་དྲཝ་བ་གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་དུ་གསོལ་བ། སློབ་དཔོན་ཆེན་པོ་པདྨ་མཐོང་གྲོལ་སོགས་ནས་རྒྱུད་སྡེ་བརྒྱུད་པ་མ་ཆད་པར་བཞུགས་པའི་སྒོ་ནས་སྨིན་བྱེད་ཀྱི་དབང་། གྲོལ་བྱེད་ཀྱི་ཁྲིད། རྒྱབ་རྟེན་གྱི་ལུང་། རྒྱུད་བཤད་ཀྱི་བཀའ་དང་བཅས་པ་ཡོངས་སུ་རྫོགས་པ་བཀའ་དྲིན་དུ་མནོས་ཤིང་། བོན་ལུགས་ཀྱི་སྒྱུ་འཕྲུལ་དྲཝ་བ་འདི་ཉིད་ཀྱང་དོན་གྱི་འགག་གཅིག་པར་འདུག་གཤིས་ལུང་འགྲེལ་མན་ངག་འདི་དག་རྣམས་ལ་བརྟེན་ནས། འགྲེལ་བཤད་ཉུང་བསྡུས་གོ་བདེ་བ་ཞིག་འབྲི་བར་གྱིས་དང་ཕྱིས་འབྱུང་གཡུང་དྲུང་བསྟན་པའི་ཞབས་གྱུར་དུའང་འགྲོ་བར་སྲིད་པས། སྙོམས་ལས་དང་ལེ་ལོའི་གཞན་དབང་དུ་མ་ཤོར་བར་འགྲུབ་ན་ལེགས་པའི་བཀའ་རྩལ་བསླབ་སྟོན་གཟིངས་བསྟོད་དང་བཅས་པས་བསླུ་མེད་བདེན་པའི་གསུང་གི་བྱིན་གྱིས་བརླབས་ཤིང་། བཀས་རྗེས་སུ་གནང་བ་ལ་བརྟེན་ནས། མདོ་གམ་ལྕང་ལུང་པའི་སྐྱེ་བའི་སྒྲོ་འཛིན་རྨོངས་བླུན་གཡུང་དྲུང་བསྟན་འཛིན་དུ་འབོད་པས་རང་ཉིད་ཐོས་བསམ་ཡོན་ཏན་གྱི་ཆ་ཤིན་ཏུ་ཉག་འཕྲ་བས་འགྲེལ་བཤད་རྩོམ་པའི་སྤོབས་པ་བྲལ་ཡང་། རིས་མེད་མཁས་དབང་དམ་པ་རྣམས་ཀྱི་གསུང་གི་རྒྱ་མཚོ་ཆེན་པོ་ལ་རྗེས་སུ་གཞོལ་ཏེ། རང་ལུགས་རྣམས་ཀྱི་རྣམ་བཞག་ཟུར་བ་ཕྲན་བུའང་གསལ་བར་བྱས་ནས། རང་འདྲའི་དད་གདུང་སེལ་བའི་འཐུང་ཆུར་བསྐྱིལ་བའི་ཚུལ་དུ་རང་ལོ་ཞེ་གཅིག་པ་ཆུ་སྤྲེལ་ས་ག་ཟླ་བའི་ཚེས་ལ་གྲུབ་པར་བགྱིས་པ་འདིས་ཀྱང་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་ཕྱོགས་དུས་ཀུན་ཏུ་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་དར་ཞིང་རྒྱས་ལ་ཡུན་རིང་པོར་གནས་པའི་རྒྱུ་རུ་གྱུར་ཅིག་པའི་སྨོན་པ་དང་བཅས་ས་རྦ་མུ་ཙུག་སྨར་རོ།། zhes gsang sngags a dkar theg pa'i spyi nor/ sgyu 'phrul drwa ba/ gsas mkhar rin po che spyi spungs gsang ba thugs kyi brnag pa g.yung drung gi gsang rgyud chen po drug tu grags pa'i don 'grel yid bzhin gter gyi mdzod chen zhes bya ba 'di ni/ snga mo dpe rgyud mjal ba nas bzung gus pa chen pos rtsis su 'dzin pa kho nas 'grel dang rnam bshad tshol ba'i 'dun pa yongs su skyes kyang / ji bzhin thob par ma gyur pa la phyis su snyigs dus kyi rgyal ba gnyis pa/ rang gzhan gyi grub pa'i mtha' rgya mtsho'i pha rol du son zhing / ris bral bstan pa rin po che'i bdag nyid/ mkhas shing grub pa yongs kyi khyu mchog rgyud sde 'di nyid kyi zab gter skal ldan kyi tshogs la rtsol bar mdzad pa'i gter chen khu tsha zla 'od 'bar gyi rnam par 'phrul pa'i zlos gar du/ gter lung rdo rje'i tshig gis bsngags pa'i skyabs rje mchog sprul rin po che g.yung drung 'byung gnas rtsal lam 'jam dbyangs mkhyen brtse'i dbang po rdo rje gzi brjid rtsal zhes yongs su grags pa'i snyan pas phyogs kyi 'khor lo khyab pa gang gi zhal snga nas rgyud sde rgya gar nas 'gyur ba sgyu 'phrul drwa ba gsang ba snying po de kho na nyid nges pa'i rgyud du gsol ba/ slob dpon chen po pad+ma mthong grol sogs nas rgyud sde brgyud pa ma chad par bzhugs pa'i sgo nas smin byed kyi dbang / grol byed kyi khrid/ rgyab rten gyi lung / rgyud bshad kyi bka' dang bcas pa yongs su rdzogs pa bka' drin du mnos shing / bon lugs kyi sgyu 'phrul drwa ba 'di nyid kyang don gyi 'gag gcig par 'dug gshis lung 'grel man ngag 'di dag rnams la brten nas/ 'grel bshad nyung bsdus go bde ba zhig 'bri bar gyis dang phyis 'byung g.yung drung bstan pa'i zhabs gyur du'ang 'gro bar srid pas/ snyoms las dang le lo'i gzhan dbang du ma shor bar 'grub na legs pa'i bka' rtsal bslab ston gzings bstod dang bcas pas bslu med bden pa'i gsung gi byin gyis brlabs shing / bkas rjes su gnang ba la brten nas/ mdo gam lcang lung pa'i skye ba'i sgro 'dzin rmongs blun g.yung drung bstan 'dzin du 'bod pas rang nyid thos bsam yon tan gyi cha shin tu nyag 'phra bas 'grel bshad rtsom pa'i spobs pa bral yang / ris med mkhas dbang dam pa rnams kyi gsung gi rgya mtsho chen po la rjes su gzhol te/ rang lugs rnams kyi rnam bzhag zur ba phran bu'ang gsal bar byas nas/ rang 'dra'i dad gdung sel ba'i 'thung chur bskyil ba'i tshul du rang lo zhe gcig pa chu sprel sa ga zla ba'i tshes la grub par bgyis pa 'dis kyang kun mkhyen rgyal ba'i bstan pa rin po che 'di nyid phyogs dus kun tu bshad sgrub las gsum gyi sgo nas dar zhing rgyas la yun ring por gnas pa'i rgyu ru gyur cig pa'i smon pa dang bcas sa rba mu tsug smar ro//