Catalog entry rKTs-B4634
དབལ་ཕུར་ནག་པོའི་ཚོགས་སྐོང་ཆེན་མོ
dbal phur nag po'i tshogs skong chen mo




Bkt88.20

དབལ་ཕུར་ནག་པོའི་ཚོགས་སྐོང་ཆེན་མོ
dbal phur nag po'i tshogs skong chen mo


Location
set MW30498: volume bru lugs skong pod - folios 1a1-19b1

Colophon
ཅེས་དབལ་ཕུར་ནག་པོའི་ཚོགས་སྐོང་འདི་ཉིད། དབལ་བོན་སྟག་ལ་མེ་འབར་གྱི་ཞལ་སློབ། དབལ་བོན་ཁ་ཡར་མེ་འབར་གྱིས་དྲག་པོ་དབལ་ཡུལ་ཐང་བརྒྱད་དུ། སྟག་ལ་མེ་འབར་གྱི་བདུད་རྩིའི་ཐིགས་པ་འཐུང་པ་ལ་བརྟེན། མདོས་གསུམ་སྐོང་བ་གསུམ་མཛད་པའི་མདོས་གསུམ་ནི། སྐོང་བ་རི་རབ་གླིང་བཞིའི་མདོས། ཟློག་པ་ཁྲ་སྤྱང་ཟོར་གྱི་མདོས། བསད་པ་མ་མོ་གསུམ་གྱི་མདོས་དང་གསུམ་མོ། ཁྲོ་ཚོགས་གཙོར་བསྟན་ཚོགས་སྐོང་ཆེན་མོ་དང*། མ་ཚོགས་གཙོར་བོར་བསྟན་པ་ཕུར་པའི་གནད་སྐོང་དང*། དྲག་པ་གཙོར་བསྟན་པ་སྲོག་ལེན་དམར་པོའི་སྐོང་བ་ལ། འདི་ནི་ཚོགས་བསྐང་ཆེན་མོ་དང་། འདི་རྣམས་དབལ་བོན་ཁ་ཡལ་མེ་འབར་གྱིས། དབལ་བོན་བཅོ་བརྒྱད་ལ་རིམ་པར་བརྒྱུད་ནས། དབལ་བོན་གསས་མཁར་མེ་འབར་དང་། བླ་ཆེན་དྲན་པ་ནམ་མཁའ་གཉིས་ཀྱིས། སྤ་གྲོ་སྟག་ཚང་སེང་གེའི་ཕུག་ཏུ་སྦས། ཁུ་ཚ་ཟླ་འོད་ཀྱིས་གཏེར་བཏོན་ནས། རོང་པོ་འགར་ལ་བབས། དེ་ནས་རིམ་པར་བརྒྱུད་པ་ལེགས་སོ།།
ces dbal phur nag po'i tshogs skong 'di nyid/ dbal bon stag la me 'bar gyi zhal slob/ dbal bon kha yar me 'bar gyis drag po dbal yul thang brgyad du/ stag la me 'bar gyi bdud rtsi'i thigs pa 'thung pa la brten/ mdos gsum skong ba gsum mdzad pa'i mdos gsum ni/ skong ba ri rab gling bzhi'i mdos/ zlog pa khra spyang zor gyi mdos/ bsad pa ma mo gsum gyi mdos dang gsum mo/ khro tshogs gtsor bstan tshogs skong chen mo dang*/ ma tshogs gtsor bor bstan pa phur pa'i gnad skong dang*/ drag pa gtsor bstan pa srog len dmar po'i skong ba la/ 'di ni tshogs bskang chen mo dang / 'di rnams dbal bon kha yal me 'bar gyis/ dbal bon bco brgyad la rim par brgyud nas/ dbal bon gsas mkhar me 'bar dang / bla chen dran pa nam mkha' gnyis kyis/ spa gro stag tshang seng ge'i phug tu sbas/ khu tsha zla 'od kyis gter bton nas/ rong po 'gar la babs/ de nas rim par brgyud pa legs so//

Bkt174.14

དབལ་ཕུར་ནག་པོའི་ཚོགས་བསྐང་ཆེན་མོ
dbal phur nag po'i tshogs bskang chen mo


Location
set MW30498: volume dbal stag phur pa - folios 1a1-27a2

Colophon
དབལ་ཕུར་ནག་པོའི་ཚོགས་བསྐང་(སྐོང)་ཆེན་མོ་ཞེས་བྱ་བ། དབལ་བོན་སྟག་ལ་མེ་འབར་གྱི་ཞལ་སློབ་པ། དབལ་བོན་ཁ་ཡལ་མེ་འབར་གྱིས། དྲག་པོ་དབལ་ཡུལ་ཐང་བརྒྱད་ཀྱི་གནས་སུ་མཛད་པའོ། དེ་ནས་དབལ་བོན་བཅོ་བརྒྱད་རིམ་བཞིན་བརྒྱུད་ནས། དུས་ཀྱི་བསྟན་པ་འཕེལ་འགྲིབ་སྐབས། བླ་ཆེན་དྲན་པའི་ཐུགས་ལ་སྦས། ཕྱིས་སུ་བསྟན་པའི་དབུ་བརྙེས་ཚེ། སྔགས་འཆང་དབལ་འབར་སྟག་སླག་ཅན་ལ་སྙན་དུ་བརྒྱུད་པའོ།།
dbal phur nag po'i tshogs bskang (skong) chen mo zhes bya ba/ dbal bon stag la me 'bar gyi zhal slob pa/ dbal bon kha yal me 'bar gyis/ drag po dbal yul thang brgyad kyi gnas su mdzad pa'o/ de nas dbal bon bco brgyad rim bzhin brgyud nas/ dus kyi bstan pa 'phel 'grib skabs/ bla chen dran pa'i thugs la sbas/ phyis su bstan pa'i dbu brnyes tshe/ sngags 'chang dbal 'bar stag slag can la snyan du brgyud pa'o//


Additional miscellaneous Collections

Mongolian Canon


source rKTs &