Colophon ཞེས་འདིས་མཆོད་པའི་བརྔན་ཡོན་ཕུལ་ནས། ས་ཕྱོགས་དེ་རུ་བཀྲ་ཤིས་ཤིང་། ཡུལ་ཕྱོགས་དེ་རུ་ནད་ཡམས་ཀྱང་ཆད་དོ། ཁྲི་སྲོང་སྡེ་བཙན་གྱིས་བསམ་དོན་གྲུབ་བོ། དགེ་སྐོས་ལྷ་ཁང་ཡང་ཚར། ལྷ་འདྲེ་ཡོངས་ཀྱིས་སྡོང་གྲོགས་མཛད། བློན་པོ་རྣམས་ཀྱང་ནད་ལས་ཐར། བཙུན་མོ་རྣམས་ཀྱང་སྲིད་སྒོ་ཕྱེས། འཁོར་རྣམས་བཀྲ་ཤིས་བདེ་སྐྱིད་ལྡན། ལོ་ལེགས་འབྲུ་སྨིན་ནད་མུག་སངས། དེ་ལྟར་བསོད་ནམས་ཕུན་ཚོགས་བྱུང་། དེ་ཕྱིར་ལས་ལྡན་རྣལ་འབྱོར་རྣམས། རྒྱལ་པོའི་སྐུ་ཚེ་སྲིང་བ་དང་། བློན་པོའི་བློ་རྩལ་ལྡན་པ་དང་། བཙུན་མོའི་ཆབ་སྲིད་འཛོམས་པ་དང་། རྒྱལ་བློན་མངའ་ཐང་ཆེ་བ་རྣམས་དང་། འཁོར་འབངས་བཀྲ་ཤིས་ལྡན་པ་དང་། བོད་ཁམས་བདེ་སྐྱིད་འབྱུང་བ་དང་། མཐའ་དམག་དཔུང་ཆེན་ཟློག་པ་དང་། དགེ་སྐོས་གསས་ཁང་བཞེངས་པ་དང་། མཆོད་རྟེན་སྐུ་འབུམ་བཞེངས་པ་དང*། ཞིང་རྨོ་འབྲུ་གཟུགས་བྱེད་པ་དང*། ཆར་འབེབ་ཐོག་སེར་ཟློག་པ་དང་། ཤི་ཁ་ཡམས་ཁ་གཅོད་པ་དང་། ཡ་མ་ནག་པོའི་སྲི་གོས་དང་། དམ་སྲི་ཆུང་སྲི་འདུལ་བ་དང་། བྱད་ཁ་རྦོད་སྟོང་ཟློག་པ་དང*། འདྲེ་རྒོད་མ་རུང་འདུལ་བ་དང་། རྣལ་འབྱོར་བསྟན་པ་སྲུང་འདོད་རྣམས། གང་འདོད་ཐུགས་ལ་འཇོག་པར་མཛོད། དེ་ལ་རྒྱལ་པོ་ཁྲི་སྲོང་སྡེ་བཙན་ཡིད་རངས་ཏེ། སྐོར་བ་བྱས་ཤིང་ལྷ་ཕྱག་བཙལ། བེར་སྲེབ་ཐོག་གདུགས་དབུ་རྒྱན་དང་། གསེར་གྱི་སྟག་མོ་སྣ་བདུན་དང་། གཡུ་སྣ་དགུ་དང་རྩ་མ་གསུམ། སློབ་དཔོན་སྟོང་རྒྱུང་མཐུ་ཆེན་ལ། མཆོད་ཡོན་ཕུལ་ནས་ཞུས་པའི་མདོ། སློབ་དཔོན་མཁས་པ་ཆེན་པོ་ལགས། སྤྱིར་ཡང་འགྲོ་བ་སེམས་ཅན་ལ། ཕན་ཐོག་ལེགས་པར་བདེ་སྐྱིད་བྱུང*། སྒོས་སུ་རང་གིས་བསམ་དོན་འགྲུབ། ད་རུང་འགྲོ་བའི་དོན་ལ་མི་བཞུགས་སམ། རྒྱལ་བློན་རྣམས་ཀྱིས་ཞུས་སོ། སྟོང་གིས་གསུངས་པ། བདག་ཉིད་ནི་ན་ལ་རྒས། དུན་ཙེ་བན་བློན་ཕྲག་དོག་རྩང་གི་བྱ་བ་ལ་བཅས། དགོངས་པ་མི་ཁྲེལ་བ་ཞུ་གསུངས་ནས། སྟོང་རྒྱུང་གིས་ཡོན་དེ་བསྣམས་ཏེ། ཉི་མའི་ཟེར་གྱི་སྲབ་མདའ་ལ་བཅིབས་ནས་གཤེགས་སོ།། སྲིད་པའི་བརྔན་བསང་ཆེན་མོ་དགོས་འདོད་ཀུན་ཚིམ་ཞེས་བྱ་བ་འདི། དེ་དུས་མཛད་ནས་སྤེལ་བའི་སྣོད་མ་རྙེད་པར། ཐུགས་ལ་གབ། ཕྱིས་སུ་སྨད་ཁམས་དབེན་གནས་ལུང་། ལས་ལྡན་དྲུང་མུ་ཧ་རས། སློབ་དཔོན་སྟོང་རྒྱུང་དངོས་སུ་མཇལ་དུས་ཞུས་ནས་གནང་ངོ་། སྣོད་ལྡན་སེམས་དཔའ་བརྒྱད་ཀྱི་ཐུ་བོ། ཀྱུ་ར་པ་འོད་ཟེར་རྒྱལ་མཚན་དང་རང་གྲོལ་བླ་མ་རྒྱལ་མཚན་གཉིས་ནས་རྒྱུད་(བརྒྱུད)་པའོ། འདི་ལ་ཚིག་མི་འདྲ་བ་ཅུང་ཞིག་འདུག་ཀྱང་ཀྱུར་ར་འོད་ཟེར་རྒྱལ་མཚན་བཀའ་བབས་ཀྱི་སློབ་བུ་གཙོ་བོར་གྱུར་པ། དེ་ལྟར་མི་ཚིག་གིས་ལྷད་མེད་ཅེས་དེ་ཡང་ཡང་རྟག་ཞིག་(བརྟགས་གཞིགས)་བྱས་པར་ཁུངས་ཐུབ་པ་རུ་སྣང*། སླར་བདག་འདྲ་དགེ་སྦྱོངས། བསོད་ནམས་ཀྱི་(ཀྱིས)་རི་སུལ་དུ་སུག་བྲིས་མཛད་པ་ཞལ་བཤུས་སོ།། zhes 'dis mchod pa'i brngan yon phul nas/ sa phyogs de ru bkra shis shing / yul phyogs de ru nad yams kyang chad do/ khri srong sde btsan gyis bsam don grub bo/ dge skos lha khang yang tshar/ lha 'dre yongs kyis sdong grogs mdzad/ blon po rnams kyang nad las thar/ btsun mo rnams kyang srid sgo phyes/ 'khor rnams bkra shis bde skyid ldan/ lo legs 'bru smin nad mug sangs/ de ltar bsod nams phun tshogs byung / de phyir las ldan rnal 'byor rnams/ rgyal po'i sku tshe sring ba dang / blon po'i blo rtsal ldan pa dang / btsun mo'i chab srid 'dzoms pa dang / rgyal blon mnga' thang che ba rnams dang / 'khor 'bangs bkra shis ldan pa dang / bod khams bde skyid 'byung ba dang / mtha' dmag dpung chen zlog pa dang / dge skos gsas khang bzhengs pa dang / mchod rten sku 'bum bzhengs pa dang*/ zhing rmo 'bru gzugs byed pa dang*/ char 'beb thog ser zlog pa dang / shi kha yams kha gcod pa dang / ya ma nag po'i sri gos dang / dam sri chung sri 'dul ba dang / byad kha rbod stong zlog pa dang*/ 'dre rgod ma rung 'dul ba dang / rnal 'byor bstan pa srung 'dod rnams/ gang 'dod thugs la 'jog par mdzod/ de la rgyal po khri srong sde btsan yid rangs te/ skor ba byas shing lha phyag btsal/ ber sreb thog gdugs dbu rgyan dang / gser gyi stag mo sna bdun dang / g.yu sna dgu dang rtsa ma gsum/ slob dpon stong rgyung mthu chen la/ mchod yon phul nas zhus pa'i mdo/ slob dpon mkhas pa chen po lags/ spyir yang 'gro ba sems can la/ phan thog legs par bde skyid byung*/ sgos su rang gis bsam don 'grub/ da rung 'gro ba'i don la mi bzhugs sam/ rgyal blon rnams kyis zhus so/ stong gis gsungs pa/ bdag nyid ni na la rgas/ dun tse ban blon phrag dog rtsang gi bya ba la bcas/ dgongs pa mi khrel ba zhu gsungs nas/ stong rgyung gis yon de bsnams te/ nyi ma'i zer gyi srab mda' la bcibs nas gshegs so// srid pa'i brngan bsang chen mo dgos 'dod kun tshim zhes bya ba 'di/ de dus mdzad nas spel ba'i snod ma rnyed par/ thugs la gab/ phyis su smad khams dben gnas lung / las ldan drung mu ha ras/ slob dpon stong rgyung dngos su mjal dus zhus nas gnang ngo / snod ldan sems dpa' brgyad kyi thu bo/ kyu ra pa 'od zer rgyal mtshan dang rang grol bla ma rgyal mtshan gnyis nas rgyud (brgyud) pa'o/ 'di la tshig mi 'dra ba cung zhig 'dug kyang kyur ra 'od zer rgyal mtshan bka' babs kyi slob bu gtso bor gyur pa/ de ltar mi tshig gis lhad med ces de yang yang rtag zhig (brtags gzhigs) byas par khungs thub pa ru snang*/ slar bdag 'dra dge sbyongs/ bsod nams kyi (kyis) ri sul du sug bris mdzad pa zhal bshus so//