Colophon ཅེས་པ་འདི་ཡང་གྲཝ་སློབ་སྦྱིན་བདག་འགའ་ཞིག་གིས་བོན་སྐྱོང་སྤྱི་འདུས་ཀྱི་ཚོགས་འཁོར་ཁྱེར་བདེ་དགོས་ཞེས་ཡང་ཡང་བསྐུལ་བ་དང། འཕྲལ་དུ་རྒྱས་ཤོད་ཀྱི་གྲཝ་རྒྱུན་ཚུལ་ཁྲིམས་རྣམ་དག་ནས། ནན་ཏན་ཆེན་པོས་ཉེ་བར་བསྐྱལ་བ་ལ་བརྟེན་ནས། ལུང་ཟིན་མདོ་སྨད་ཞིག་པོ་བཅོ་བརྒྱད་ཀྱི་ནང་ཚན། སྐམ་ཞིག་གྲུབ་ཐོབ་ཐོད་དཀར་གྱི་གདུང་རྒྱུད་ཡིན་ཁུལ་ཙམ་མཁན་མིང་པ་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོར་འབོད་པ་བདག་གིས་ལྷ་སྲུང་ལ་བཀའ་ཡི་གནང་བ་དང། བརྟག་པ་བགྱིས་པའི་ནུབ་མོར་རྨི་ལམ་དུ། ནུབ་ཕྱོགས་ནས་བུད་མེད་རྒྱན་དང་ལྡན་པ་ཞིག་གི་(གིས)་བླ་ཆེན་པོ་དྲན་པ་ནམ་མཁས་མཛད་པའི་རྩ་གསུམ་བོན་སྐྱོང་བཞི་བསྒྲག་(སྦྲགས)་ཀྱི་བསྒྲུབ་(སྒྲུབ)་པ་འབྲིང་པོ་ཡིན་ཟེར་བའི་པོད་ཆུང་ཞིག་ལག་ཏུ་གཏད་བྱུང་བའི་ཉམས་དང་། དེའི་མཚམས་རྒྱལ་ཆེན་ཤེལ་ཁྲབ་ཅན་གྱིས་སྤྲུལ་པའི་གཟུགས་བསྟན་ཏེ། དགའ་ཞིང་ལེགས་པའི་རྣམ་འགྱུར་དཔག་ཏུ་མེད་པར་བསྟན་པ་དང་། རང་སེམས་ལའང་གཞུང་ལུགས་འདི་ལྟ་བུ་ཡིན་འདུག་སྙམ་པའི་བག་ཆགས་གསལ་པོར་ཤར་བ་ལ་སོགས་ལ་བརྟེན་ནས། བརྩམས་པའི་དབུ་ཚུགས་ཏེ་ས་སྤྲེལ་ལོ་སྒྲོན་ཟླ་བའི་འཕེལ་ཕྱོགས་ཚེས་བཅུའི་ཉིན་ལ་སྨན་རིའི་བླ་བྲང་དུ་གྲུབ་པར་བགྱིས་པ་དགེ་བས་མཉམ་མེད་བླ་མའི་བསྟན་པ་དར་ཞིང་རྒྱས་པའི་རྒྱུ་རུ་གྱུར་ཅིག། ces pa 'di yang grwa slob sbyin bdag 'ga' zhig gis bon skyong spyi 'dus kyi tshogs 'khor khyer bde dgos zhes yang yang bskul ba dang/ 'phral du rgyas shod kyi grwa rgyun tshul khrims rnam dag nas/ nan tan chen pos nye bar bskyal ba la brten nas/ lung zin mdo smad zhig po bco brgyad kyi nang tshan/ skam zhig grub thob thod dkar gyi gdung rgyud yin khul tsam mkhan ming pa nyi ma bstan 'dzin dbang gi rgyal por 'bod pa bdag gis lha srung la bka' yi gnang ba dang/ brtag pa bgyis pa'i nub mor rmi lam du/ nub phyogs nas bud med rgyan dang ldan pa zhig gi (gis) bla chen po dran pa nam mkhas mdzad pa'i rtsa gsum bon skyong bzhi bsgrag (sbrags) kyi bsgrub (sgrub) pa 'bring po yin zer ba'i pod chung zhig lag tu gtad byung ba'i nyams dang / de'i mtshams rgyal chen shel khrab can gyis sprul pa'i gzugs bstan te/ dga' zhing legs pa'i rnam 'gyur dpag tu med par bstan pa dang / rang sems la'ang gzhung lugs 'di lta bu yin 'dug snyam pa'i bag chags gsal por shar ba la sogs la brten nas/ brtsams pa'i dbu tshugs te sa sprel lo sgron zla ba'i 'phel phyogs tshes bcu'i nyin la sman ri'i bla brang du grub par bgyis pa dge bas mnyam med bla ma'i bstan pa dar zhing rgyas pa'i rgyu ru gyur cig/