Catalog entry rKTs-B4283
དམར་ཁྲིད་དགོངས་པ་ཡོངས་འདུས་ལས་རྫོགས་པ་ཆེན་པོ་ཡེ་ཤེས་རང་ཤར
dmar khrid dgongs pa yongs 'dus las rdzogs pa chen po ye shes rang shar




Bkt78.6

དམར་ཁྲིད་དགོངས་པ་ཡོངས་འདུས་ལས་རྫོགས་པ་ཆེན་པོ་ཡེ་ཤེས་རང་ཤར
dmar khrid dgongs pa yongs 'dus las rdzogs pa chen po ye shes rang shar


Location
set MW30498: volume dmar khrid dgongs pa kun 'dus - folios 1a1-48b2

Colophon
ཅེས་པས་དམར་ཁྲིད་དགོངས་པ་ཡོངས་འདུས་རྫོགས་པ་ཆེན་པོ་ཡེ་ཤེས་རང་ཤར་ཞེས་བྱ་བ་འདི་ནི། ལུང་དང་མངོན་པར་རྟོག་(རྟོགས)་པའི་ཡོན་ཏན་མཐའ་ཡས་པའི་ནོར་གྱི་བང་མཛོད་ཡོངས་སུ་གཏམས་པའི་གནས་བརྟེན་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ། ནང་སོ་གཡུང་དྲུང་བསྟན་འཛིན་ཁུ་དབོན་གྱིས་ཀྱང་ཏ་(ད)་ནས་བཟུང་ཏེ་ཐུགས་ལ་གང་བབ་ཀྱི་རྩོམ་པ་ཡག་པོ་རེ་གྱིས་ལ་ཞོག་དང་བསྟན་འགྲོ་ལ་ཕན་ཐོག་པ་ཡོང་གི་ལུང་བསྟན་པ་དང*། ཉེ་བར་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་གཅིག་ཏུ་བསྡུས་པ། ལྔ་བརྒྱ་བ་རྣམས་ཀྱི་སྤྱི་བོའི་གཙུག་གི་ནོར་བུ། སྙིགས་མའི་དུས་འདིར་རྒྱལ་བའི་བསྟན་པ་ལ་རྒྱལ་བ་ཉིད་དང་མཚུངས་པ། སྤྲུལ་སྐུ་བྱེ་བ་ཕྲག་བརྒྱའི་དབུ་ན་མངོན་པར་འཕགས་པ། སྐྱེ་དགུ་མ་ལུས་པའི་གཉེན་གཅིག་པུ། ཐམས་ཅན་མཁྱེན་པ་གཏེར་སྟོན་ཆེན་པོ་བྱང་ཆུབ་སྙིང་པོ་བདེ་བའི་རྡོ་རྗེ་རྩལ་དུ་གྲགས་ཤིང་། བསྟན་གཉིས་ཉིན་མོའི་མགོན་པོ་བཞེད་པ་པད་མ་གཡུང་དྲུང་གི་ཞལ་ནས་ཀྱང་། བསྟན་དང་འགྲོ་བའི་དོན་དུ་མཛད་པ་རླབས་པོ་ཆེ་དགོས་ཚུལ། མ་དང་མཁའ་འགྲོའི་ལུང་གི་བསྐུལ་བ་ལ་གསུང་འོས་བསླུ་བ་མེད་པ་གནང་བ་དང་། གཞན་ཡང་དགེ་བའི་བཤེས་གཉེན་ཆེན་པོ་དུ་མ་ཞིག་གི་(གིས)་ཡང་ཡང་བསྐུལ་བ་བརྟེན་ནས། སངས་རྒྱས་ཀྱི་བསྟན་པ་ལ་དད་པ་ཅུང་ཟད་ཐོབ་པའི་གར་དབང་ཀུན་གྲོལ་གྲགས་པ་འབོད་པ་བདག་གི་(གིས)་དྲེ་ཤོད་གནས་ཆེན་པད་མ་བརྩེགས་པའི་ཉེ་འདབས། གདན་ས་དར་རྒྱས་གཡུང་དྲུང་གླིང་གི་གཟིམས་(གཟིམ)་ཆུང་མཁའ་སྤྱོད་ཡང་རྩེ་རུ་ཡོངས་འཛིན་ཞེས་པ་ས་ཆུ་ཧོར་ཟླ་དྲུག་པའི་དཀར་ཕྱོགས་སུ་སྦྱར་བ། ཡི་གེ་པ་ནི་སྡོམ་བརྩོན་གཙུག་ཕུད་ཁི་ཁར་གྱི་(གྱིས)་བགྱིས་པ་འདིས་ཀྱང་། ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་ཤིང་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་བཀྲ་ཤིས་པར་གྱུར་ཅིག།
ces pas dmar khrid dgongs pa yongs 'dus rdzogs pa chen po ye shes rang shar zhes bya ba 'di ni/ lung dang mngon par rtog (rtogs) pa'i yon tan mtha' yas pa'i nor gyi bang mdzod yongs su gtams pa'i gnas brten yongs kyi dge ba'i bshes gnyen chen po/ nang so g.yung drung bstan 'dzin khu dbon gyis kyang ta (da) nas bzung te thugs la gang bab kyi rtsom pa yag po re gyis la zhog dang bstan 'gro la phan thog pa yong gi lung bstan pa dang*/ nye bar rgyal ba thams cad kyi mkhyen brtse gcig tu bsdus pa/ lnga brgya ba rnams kyi spyi bo'i gtsug gi nor bu/ snyigs ma'i dus 'dir rgyal ba'i bstan pa la rgyal ba nyid dang mtshungs pa/ sprul sku bye ba phrag brgya'i dbu na mngon par 'phags pa/ skye dgu ma lus pa'i gnyen gcig pu/ thams can mkhyen pa gter ston chen po byang chub snying po bde ba'i rdo rje rtsal du grags shing / bstan gnyis nyin mo'i mgon po bzhed pa pad ma g.yung drung gi zhal nas kyang / bstan dang 'gro ba'i don du mdzad pa rlabs po che dgos tshul/ ma dang mkha' 'gro'i lung gi bskul ba la gsung 'os bslu ba med pa gnang ba dang / gzhan yang dge ba'i bshes gnyen chen po du ma zhig gi (gis) yang yang bskul ba brten nas/ sangs rgyas kyi bstan pa la dad pa cung zad thob pa'i gar dbang kun grol grags pa 'bod pa bdag gi (gis) dre shod gnas chen pad ma brtsegs pa'i nye 'dabs/ gdan sa dar rgyas g.yung drung gling gi gzims (gzim) chung mkha' spyod yang rtse ru yongs 'dzin zhes pa sa chu hor zla drug pa'i dkar phyogs su sbyar ba/ yi ge pa ni sdom brtson gtsug phud khi khar gyi (gyis) bgyis pa 'dis kyang / kun mkhyen rgyal ba'i bstan pa rin po che dar zhing rgyas la yun ring du gnas shing phyogs dus gnas skabs thams cad du bkra shis par gyur cig/


Additional miscellaneous Collections

Mongolian Canon


source rKTs &