བསྟན་སྲུང་བྲག་བཙན་དམར་པོའི་ཚོགས་ཀྱི་འཕྲིན་ལས་མེ་རི་འཁྱིལ་བ bstan srung brag btsan dmar po'i tshogs kyi 'phrin las me ri 'khyil ba
བསྟན་སྲུང་བྲག་བཙན་དམར་པོའི་ཚོགས་ཀྱི་འཕྲིན་ལས་མེ་རི་འཁྱིལ་བ bstan srung brag btsan dmar po'i tshogs kyi 'phrin las me ri 'khyil ba Bkt
Bkt74.32
བསྟན་སྲུང་བྲག་བཙན་དམར་པོའི་ཚོགས་ཀྱི་འཕྲིན་ལས་མེ་རི་འཁྱིལ་བ bstan srung brag btsan dmar po'i tshogs kyi 'phrin las me ri 'khyil ba
Location
set MW30498: volume zhi khro rtsa gsum kun 'dus - folios 1a1-33a5
Colophon ཅེས་པ་བསྟན་སྲུང་བྲག་བཙན་རྒྱལ་པོའི་ཚོགས་ཀྱི་ཕྲིན་ལས་མེ་རི་འཁྱིལ་བ་ཞེས་བྱ་བ་འདི་ཉིད་བདག་འདྲ་སྙིགས་མའི་སྔགས་འཆང་དབལ་འབར་སྟག་སླག་ཅན་ལ་རྒྱལ་ཁྱུང་མི་ཡི་དབང་པོ་བཙན་རྒྱལ་གྲགས་པ་ཡབ་སྲས་ནས། བཀྲ་ཤིས་ལྷ་རྫས་དྲི་མེད་དང་། དབང་དར་ལེ་རྒན་དམར་པོ་དང་། རིན་ཆེན་སྙིང་པོ་ཚ་རོག་དང་། པད་རིས་བཀྲ་བའི་ཞལ་བུ་དང་། བཀའ་རྒྱུད་འཛིན་པའི་གླེག་ཐག་བཅས། རྟེན་འབྲེལ་རྒྱ་ཡི་དངོས་པོའི་མཚོན་ཞིང་། བསྟན་སྲུང་བྲག་བཙན་འདི་དག་སྔོན་མའི་དུས་ནས། མི་རབས་རྒྱུད་དུ་མགོན་པའི་སྲུང་མ་ཁྱད་པར་ཅན། དབྲ་རིགས་ཁྱུང་པོའི་ཕོ་ལྷ་རུ་གྲགས་པའི། དེ་དག་གི་འཕྲིན་ལས་ཚོགས་འཁོར་རྒྱས་པར། རབ་ཏུ་གཏེར་རམ། སྙན་རྒྱུད་མིན་དུ་བློ་ལ་ཐོལ་ཤར་གྱི་རྩོམ་པ་སོགས་བྱེད་དགོས་ཀྱི་བཀའ་བྱུང་བ་བརྟེན། བྲག་བཙན་གྱི་སྒྲུབ་རྒྱུད་བཀའ་གཏེར་མཐའ་དག་ནས་བསྡུས་ཏེ། དུས་ཀྱི་ཕོ་ཉ་ཅེས་པ་ས་ཕོ་རྟ་ཡི་ལོ། ཧོར་ཟླ་བདུན་པའི་ཡར་ཚེས་ལ། ཁྱུང་གསེར་སྒར་ཆེན་ཕོ་བྲང་མི་འཇིག་རྣམ་རྒྱལ་ཁོང་དུ་བགྱིས་ཤིང*། དེ་ཚེ་རྣམས་སྣང་རྨི་ལམ་དུ་ཡང་། བྲག་བཙན་དགྱེས་པ་དངོས་གྲུབ་སྟེར་བ་སོགས་ཀྱི་རྟགས་མཚན་བཟང་པོ་དང་བཅས་ཏེ་གྲུབ་པ། གང་ཟག་དམ་ལྡན་ཚུལ་བཞིན་སྒྲུབ་པ་དང*། སྲུང་མ་གཞུང་དུ་བསྟན་པ་རྣམས་ལས། གང་ཡིན་ལ་འབྱམས་སུ་སྤེལ་དུ་མི་རུང་བ་ས་མ་ཡ།། ces pa bstan srung brag btsan rgyal po'i tshogs kyi phrin las me ri 'khyil ba zhes bya ba 'di nyid bdag 'dra snyigs ma'i sngags 'chang dbal 'bar stag slag can la rgyal khyung mi yi dbang po btsan rgyal grags pa yab sras nas/ bkra shis lha rdzas dri med dang / dbang dar le rgan dmar po dang / rin chen snying po tsha rog dang / pad ris bkra ba'i zhal bu dang / bka' rgyud 'dzin pa'i gleg thag bcas/ rten 'brel rgya yi dngos po'i mtshon zhing / bstan srung brag btsan 'di dag sngon ma'i dus nas/ mi rabs rgyud du mgon pa'i srung ma khyad par can/ dbra rigs khyung po'i pho lha ru grags pa'i/ de dag gi 'phrin las tshogs 'khor rgyas par/ rab tu gter ram/ snyan rgyud min du blo la thol shar gyi rtsom pa sogs byed dgos kyi bka' byung ba brten/ brag btsan gyi sgrub rgyud bka' gter mtha' dag nas bsdus te/ dus kyi pho nya ces pa sa pho rta yi lo/ hor zla bdun pa'i yar tshes la/ khyung gser sgar chen pho brang mi 'jig rnam rgyal khong du bgyis shing*/ de tshe rnams snang rmi lam du yang / brag btsan dgyes pa dngos grub ster ba sogs kyi rtags mtshan bzang po dang bcas te grub pa/ gang zag dam ldan tshul bzhin sgrub pa dang*/ srung ma gzhung du bstan pa rnams las/ gang yin la 'byams su spel du mi rung ba sa ma ya//