གསས་མཁར་སྤྱི་སྤུངས་དགོངས་པ་འདུས་པའི་རྒྱུད་ལས་ལས་བྱང་འབྲིང་པོ་རྩ་སྒྲུབ་ཡིད་བཞིན་ནོར་བུ gsas mkhar spyi spungs dgongs pa 'dus pa'i rgyud las las byang 'bring po rtsa sgrub yid bzhin nor bu
གསས་མཁར་སྤྱི་སྤུངས་དགོངས་པ་འདུས་པའི་རྒྱུད་ལས་ལས་བྱང་འབྲིང་པོ་རྩ་སྒྲུབ་ཡིད་བཞིན་ནོར་བུ gsas mkhar spyi spungs dgongs pa 'dus pa'i rgyud las las byang 'bring po rtsa sgrub yid bzhin nor bu Bkt
Bkt73.12
གསས་མཁར་སྤྱི་སྤུངས་དགོངས་པ་འདུས་པའི་རྒྱུད་ལས་ལས་བྱང་འབྲིང་པོ་རྩ་སྒྲུབ་ཡིད་བཞིན་ནོར་བུ gsas mkhar spyi spungs dgongs pa 'dus pa'i rgyud las las byang 'bring po rtsa sgrub yid bzhin nor bu
Colophon ཞེས་བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི་སྙིངཔོ། ཞི་རྒྱས་དབང་དྲག་རྒྱུན་གྱི་དཀྱིལ་འཁོར་འདུས་པའི་བདག་ཉིད། བདེར་གཤེགས་སྤྱི་སྤུངས་དགོངས་པ་འདུས་པའི་རྒྱུད་ལས། སྐལ་ལྡན་དབང་པོ་འབྲིང་གི་དོན་དུ་གཏན་ལ་ཕབས་པའི་ལས་བྱང་འབྲིང་པོ་རྩ་བའི་སྒྲབ་པ་ཙིདྷ་མ་ནི་ཞེས་བྱ་བ་འདི་ནི། རིག་འཛིན་སློབ་དཔོན་ཆེན་པོ་དྲན་པ་ནམ་མཁའི་ཐུགས་བསྐྱེད་སྨོན་ལམ་ཟབ་མོའི་མཐུ་ལས་སྔོན་སྦྱང་གི་ལས་འཕྲོ་སད་དེ་རང་ལོ་བཅུ་བདུན་ཚུན་ཆད་ནས་གསལ་སྟོང་བརྡ་ཡི་ཐིག་ལེ་ཡང་ཡང་ཤར་ནའང་། སྙིགས་དུས་ཀྱི་འགྲོ་བ་ཕལ་ཆེར་ལོགས་བལྟ་(ལོག་ལྟ)་དང་འཕྲག་དོག་གིས་(གི)་ཐ་རམས་དམ་སྟེ། ཡིད་ཆེས་ཁུངས་བཙུན་གྱི་བཀའ་གཏེར་ལའང་ཕྱོགས་རིས་ཀྱིས་བསྐུར་འདེབས་བྱེད་པ་འགའ་ཞིག་མཐོང་ཆོས་སུ་མཆིས་ན། རང་འདྲའི་བཀའ་ལུང་ཚད་མ་དང་བསྟན་འགྲོར་ཕན་བདེ་འབྱུང་ཁུལ་འདི་ལྟ་བུ་ནི་འཕྲོ་སྨད་བསྐུར་འདེབས་རྣམ་སྨིན་བསགས་པའི་རྒྱུ་ལ། རྒྱ་ཆེ་གྲངས་མངས་(མང)་གཡུང་དྲུང་གི་བོན་ལ་ཐབས་ཆགས་མ་མཆིས་ཤིང་དགོས་གལ་མི་འདུག་སྙམ་ནས་རང་གི་གསོལ་བ་འདེབས་པའི་རྟེན་ཙམ་ལས་རྒྱུད་གཞུང་ཆ་རྐྱེན་ཡི་གེ་མ་བཏབས་པར་བཏང་སྙོམས་སུ་བཞགས(བཞག)འོན་ཀྱང་ལོ་ན་ཆུང་ངུའི་དུས་སུ་ཉག་གཏེར་གསང་སྔགས་གླིང་པ་ཡབ་ཡུམ་ཀྱི་(གྱིས)་བཀའ་གཏེར་སྙན་གསུམ་གྱིས་བསྟན་འགྲོར་ཕན་བདེ་འབྱུང་ཚུལ་གྱི་བཀའ་ལུང་དང་། ཁྱད་པར་དུ་ཧཱུཾ་ཆེན་འགྲོ་འདུལ་གླིང་པས་ལུང་བསྟན་དུ་མ་སྩལ་བ་མ་ཟད། རྒྱལ་ཚབ་བློ་གྲོས་རྒྱ་མཚོ། སྟག་ཞིག་སེང་གེ་ཉི་མ། དབྲ་སྤྲུལ་དྲི་མེད་འོད་ཟེར་སོགས་སྙིགས་དུས་ཀྱི་སྐྱེས་ཆེན་དུ་མས། དྲན་པའི་ཁ་བྱང་ཟང་གཏེར་ཆེན་མོ་དང་། ཁོད་པོའི་སྲིད་པ་རྒྱུད་ཀྱི་ཁ་བྱང་། བློ་ལྡན་གྱི་ཟུར་བྱང་། བདེ་གླིང་དབྲ་སྟོན་སྟག་སླག་སོགས་ཀྱིས་ལུང་བསྟན་དུ་མ་ལས་གསལ་བཞིན་བཀའ་ཡི་བབ་སོ་ཆེན་པོ་བཞི་ཡིས་འགྲོ་དོན་དགོས་ཚུལ་ཡང་ཡང་གསུང་བསྐུལ་སྩལ་ཞིང་། ལྷག་པར་བོན་སྒོ་འདི་ཡི་བཀའ་སྲུང་མ་མོ་མཁའ་འགྲོའི་ཚོགས་ཀྱི་རྟེན་འབྲེལ་ཐོག་མཐའ་བར་གསུམ་ལས་འདའ་མི་རུང་ཞིང*། ཟབ་གསང་གཉན་པའི་བོན་འདི་འགྲོ་དོན་རྒྱུན་རིང་དུ་འབྱུང་བའི་ལུང་བསྟན་ཐོབ་པ་སོགས་ལྷ་དང་བླ་མའི་བཀའ་ལུང་སྲོག་ལ་བབ་ཀྱང་བཅག་མི་རུང་བའི་ངེས་ཤེས་རྙེད་ནས། རེ་དོགས་ཐེ་ཚོམ་ཀྱི་དྲཝ་བ་བཅད་དེ། སྐྱབས་གནས་སྲུང་མའི་ཚོགས་ལ་གསོལ་བ་བཏབ་པས་གསལ་སྣང་ཁྱད་པར་ཅན་ལ་བརྟེན་ཏེ། ས་སྐྱོང་ཞེས་པ་ཤིང་བྱ་ལོའི་ཟླ་བ་དང་པོའི་ཚེས་1”རྻ་རྣམ་འདྲེན་རྫོགས་པའི་སངས་རྒྱས་སྐུ་བལྟམས་པའི་དུས་ཁྱད་པར་ཅན་དུ་ཚོགས་ཀྱི་མཆོད་པ་རྒྱ་ཆེན་པོ་དང་འབྲེལ་བར། སྙན་གྲགས་ལོ་འདོད་ཀྱིས་དྲི་མས་མ་གོས་ཤིང་། བསྟན་འགྲོར་ཕན་པའི་ལྷག་བསམ་རྨད་དུ་བྱུང་བའི་སྒོ་ནས་བརྡ་དོན་བཀག་མེད་ཤུག་འབྱུང་གིས་ཡི་གེར་བཀོད་པ་དགེའོ།། zhes bon gyi sgo mo brgyad khri bzhi stong gi snyingapo/ zhi rgyas dbang drag rgyun gyi dkyil 'khor 'dus pa'i bdag nyid/ bder gshegs spyi spungs dgongs pa 'dus pa'i rgyud las/ skal ldan dbang po 'bring gi don du gtan la phabs pa'i las byang 'bring po rtsa ba'i sgrab pa tsid+ha ma ni zhes bya ba 'di ni/ rig 'dzin slob dpon chen po dran pa nam mkha'i thugs bskyed smon lam zab mo'i mthu las sngon sbyang gi las 'phro sad de rang lo bcu bdun tshun chad nas gsal stong brda yi thig le yang yang shar na'ang / snyigs dus kyi 'gro ba phal cher logs blta (log lta) dang 'phrag dog gis (gi) tha rams dam ste/ yid ches khungs btsun gyi bka' gter la'ang phyogs ris kyis bskur 'debs byed pa 'ga' zhig mthong chos su mchis na/ rang 'dra'i bka' lung tshad ma dang bstan 'gror phan bde 'byung khul 'di lta bu ni 'phro smad bskur 'debs rnam smin bsags pa'i rgyu la/ rgya che grangs mangs (mang) g.yung drung gi bon la thabs chags ma mchis shing dgos gal mi 'dug snyam nas rang gi gsol ba 'debs pa'i rten tsam las rgyud gzhung cha rkyen yi ge ma btabs par btang snyoms su bzhags(bzhag)'on kyang lo na chung ngu'i dus su nyag gter gsang sngags gling pa yab yum kyi (gyis) bka' gter snyan gsum gyis bstan 'gror phan bde 'byung tshul gyi bka' lung dang / khyad par du hUM chen 'gro 'dul gling pas lung bstan du ma stsal ba ma zad/ rgyal tshab blo gros rgya mtsho/ stag zhig seng ge nyi ma/ dbra sprul dri med 'od zer sogs snyigs dus kyi skyes chen du mas/ dran pa'i kha byang zang gter chen mo dang / khod po'i srid pa rgyud kyi kha byang / blo ldan gyi zur byang / bde gling dbra ston stag slag sogs kyis lung bstan du ma las gsal bzhin bka' yi bab so chen po bzhi yis 'gro don dgos tshul yang yang gsung bskul stsal zhing / lhag par bon sgo 'di yi bka' srung ma mo mkha' 'gro'i tshogs kyi rten 'brel thog mtha' bar gsum las 'da' mi rung zhing*/ zab gsang gnyan pa'i bon 'di 'gro don rgyun ring du 'byung ba'i lung bstan thob pa sogs lha dang bla ma'i bka' lung srog la bab kyang bcag mi rung ba'i nges shes rnyed nas/ re dogs the tshom kyi drwa ba bcad de/ skyabs gnas srung ma'i tshogs la gsol ba btab pas gsal snang khyad par can la brten te/ sa skyong zhes pa shing bya lo'i zla ba dang po'i tshes 1”r+Ya rnam 'dren rdzogs pa'i sangs rgyas sku bltams pa'i dus khyad par can du tshogs kyi mchod pa rgya chen po dang 'brel bar/ snyan grags lo 'dod kyis dri mas ma gos shing / bstan 'gror phan pa'i lhag bsam rmad du byung ba'i sgo nas brda don bkag med shug 'byung gis yi ger bkod pa dge'o//