Colophon གསས་མཁར་རིན་པོ་ཆེ་སྤྱི་སྤུངས་དགོངས་པ་འདུས་པའི་རྒྱུད་ལས་ཚོགས་མཆོད་འབུལ་ཐབས་ཚོགས་གཉིས་གཏེར་གྱི་འབྱུང་གནས་ཞེས་བྱ་བ་རྒྱས་འབྲིང་བསྡུས་པའི་གཞུང་དོན་ཀུན་ལ་འཇུག་པའི་ཆ་ལགས་(ལག)་ཟུར་དུ་ཕྱུང་བ་འདི་ནི་ལྔ་བརྒྱ་ཐུགས་ཀྱི་སྟོན་པ་བླ་ཆེན་དྲན་པ་ནམ་མཁའི་ཐུགས་བསྐྱེད་ཀྱི་མཐུ་ལས་ཟབ་མོའི་བརྡ་དོན་མ་འགགས་པར་ཤར་བཞིན་སྨོན་རྒྱལ་སེམས་དཔའི་མིང་འཛིན་བདག་གིས་བསྟན་འགྲོར་ལྷག་བསམ་རྣམ་དག་པས་(པའི)་སྒོ་ནས་ཡིག་རིས་སུ་བཀོད་པས་ཚོགས་གཉིས་གཏེར་ལ་སྤྱོད་པའི་རྒྱུ་རུ་གྱུར་ཅིག། gsas mkhar rin po che spyi spungs dgongs pa 'dus pa'i rgyud las tshogs mchod 'bul thabs tshogs gnyis gter gyi 'byung gnas zhes bya ba rgyas 'bring bsdus pa'i gzhung don kun la 'jug pa'i cha lags (lag) zur du phyung ba 'di ni lnga brgya thugs kyi ston pa bla chen dran pa nam mkha'i thugs bskyed kyi mthu las zab mo'i brda don ma 'gags par shar bzhin smon rgyal sems dpa'i ming 'dzin bdag gis bstan 'gror lhag bsam rnam dag pas (pa'i) sgo nas yig ris su bkod pas tshogs gnyis gter la spyod pa'i rgyu ru gyur cig/