Colophon ཅེས་ཞི་ཁྲོ་བར་དོ་ཐོས་གྲོལ་གྱི་ངོ་སྤྲོད་ཆེན་མོ་འདི་ནི་སྙིགས་དུས་རྣལ་འབྱོར་བ་ཀུན་གྲོལ་གྲགས་པའི་དཔལ་ཡོན་ཅན་གྱིས་ཤར་རྫ་འབུམ་སྨད་དགོན་པ་མི་གཡོ་བསམ་གཏན་གླིང་(དུ)། རླུང་སེམས་ཟུང་དུ་འཇུག་པའི་ཉམས་ལེན་གྱི་ཐུན་མཚམས་སུ་བརྩམས་པ། མེ་གླང་ཧོར་ཟླ་གསུམ་པའི་དཀར་ཕྱོགས་སུ་གྲུབ་པའི་དྲུང་ཡིག་པ་ནི་ཉེ་གནས་པ་ཆོས་བཟང་རྡོ་རྗེས་བྱས་པ་ལུས་ཅན་ཐར་པ་ཐོབ་པའི་རྒྱུ་རུ་གྱུར་ཅིག། ces zhi khro bar do thos grol gyi ngo sprod chen mo 'di ni snyigs dus rnal 'byor ba kun grol grags pa'i dpal yon can gyis shar rdza 'bum smad dgon pa mi g.yo bsam gtan gling (du)/ rlung sems zung du 'jug pa'i nyams len gyi thun mtshams su brtsams pa/ me glang hor zla gsum pa'i dkar phyogs su grub pa'i drung yig pa ni nye gnas pa chos bzang rdo rjes byas pa lus can thar pa thob pa'i rgyu ru gyur cig/