Catalog entry rKTs-B4070
བཀའ་གསང་མཁའ་འགྲོའི་སྙན་རྒྱུད་གུ་རུའི་ཐུགས་བཅུད་ལས་བླ་མ་ཞི་བའི་སྒྲུབ་གཞུང་འཕྲུལ་གྱི་མེ་ལོང
bka' gsang mkha' 'gro'i snyan rgyud gu ru'i thugs bcud las bla ma zhi ba'i sgrub gzhung 'phrul gyi me long




Bkt66.4

བཀའ་གསང་མཁའ་འགྲོའི་སྙན་རྒྱུད་གུ་རུའི་ཐུགས་བཅུད་ལས་བླ་མ་ཞི་བའི་སྒྲུབ་གཞུང་འཕྲུལ་གྱི་མེ་ལོང
bka' gsang mkha' 'gro'i snyan rgyud gu ru'i thugs bcud las bla ma zhi ba'i sgrub gzhung 'phrul gyi me long


Location
set MW30498: volume mi shig b+hu drag - folios 1a1-46a5

Colophon
མ་འོང་མཐར་ཐུག་སྐལ་པའི་དུས་ཚོད་ལ། སྔོན་ཆད་དུས་དང་སྐལ་པ་ཅུང་མི་འདྲ། རྒྱལ་ཁམས་མངའ་རིས་ནད་མུག་མཚོན་གྱི་(གྱིས)་འགེང*། སྐྱབས་མེད་འགྲོ་བ་ཀུན་ཀྱང་སྙིང་རེ་རྗེ། དེ་དུས་བདག་མེད་ཁོ་བོ་རྣལ་འབྱོར་བདག་འཕག་བཙུན་གཡུང་དྲུང་བསྟན་པའི་རྒྱལ་མཚན་བྱ། གསང་མཚན་མི་འགྱུར་པདྨ་གཡུང་དྲུང་ཞེས། ཆུ་ཕོ་སྟག་ལོ་སྟ་ཟླའི་ཚེས་བཅུ་ལ། ནུབ་ཕྱོགས་ཨུ་རྒྱན་དུར་ཁྲོད་ཆེན་པོ་ནས། མ་ཅིག་ཡུམ་ཆེན་ཐུགས་རྗེ་ཀུན་གྲོལ་མའི། ཞལ་མཇལ་ལུང་བསྟན་གསང་བའི་སྙན་རྒྱུད་ཐོབ། ཕྱི་རབས་དོན་དུ་ཟབ་མོ་གསེར་འདྲ་ཞུས། མན་ངག་ཕྱི་རབས་དོན་ལ་ཡི་གེར་བཏབ། ཉེས་སྐྱོན་ཐུགས་དང་འགལ་བ་ཅི་མཆིས་པ། མ་སྲིང་མཁའ་འགྲོའི་ཐུགས་ལ་བཟོད་པར་གསོལ། དུས་ཀྱི་མཐའ་ལ་སངས་རྒྱས་བདེན་པའི་བོན། ཕྱོགས་བཅུ་ཀུན་ཁྱབ་འགྲོ་དོན་རབ་རྒྱས་ནས། མཐའ་ཡས་འགྲོ་རྣམས་སངས་རྒྱས་ཐོབ་པར་ཤོག་ཅེས་གསུངས་སོ། ཤིང་འབྲུག་བྱ་ཟླའི་ཚེས་གྲངས་ཡར་ངོ་ལ། སློབ་དཔོན་གཡུང་དྲུང་ཡེ་ཤེས་གཙོར་བྱས་ནས། གྲོགས་མཆོག་བོན་གཤེན་རྣམས་ཀྱིས་བསྐུལ་བའི་ངོར། ཕྱི་རབས་དོན་ལ་བཀའ་ཆབ་ཡི་གེ་བཀོད། མཐའ་ཡས་འགྲོ་ཀུན་སངས་རྒྱས་ས་ལམ་བསྒྲོད། རིག་འཛིན་དོན་རྟོགས་གཙོ་འཁོར་གཅིག་སྐྱེས་ནས། གཡུང་དྲུང་བོན་འཁོར་ཕྱོགས་བཅུར་དར་རྒྱས་འཕེལ། དགེ་བའི་དད་དཔོན་ཆེན་པོར་བདག་གྱུར་ནས། གདུལ་བྱ་ནམ་མཁའི་ངང་དུ་རྒྱས་པ་དང་། མི་ནུབ་རྒྱལ་མཚན་དབུས་ནས་འཛུག་པར་ཤོག་ཅེས་པ་འདི་ནི་དབེན་གནས་མེ་རི་ཁྲོད་དུ་གཏན་ལ་ཕབ་པ་དགེ་ལེགས་འཕེལ།།
ma 'ong mthar thug skal pa'i dus tshod la/ sngon chad dus dang skal pa cung mi 'dra/ rgyal khams mnga' ris nad mug mtshon gyi (gyis) 'geng*/ skyabs med 'gro ba kun kyang snying re rje/ de dus bdag med kho bo rnal 'byor bdag 'phag btsun g.yung drung bstan pa'i rgyal mtshan bya/ gsang mtshan mi 'gyur pad+ma g.yung drung zhes/ chu pho stag lo sta zla'i tshes bcu la/ nub phyogs u rgyan dur khrod chen po nas/ ma cig yum chen thugs rje kun grol ma'i/ zhal mjal lung bstan gsang ba'i snyan rgyud thob/ phyi rabs don du zab mo gser 'dra zhus/ man ngag phyi rabs don la yi ger btab/ nyes skyon thugs dang 'gal ba ci mchis pa/ ma sring mkha' 'gro'i thugs la bzod par gsol/ dus kyi mtha' la sangs rgyas bden pa'i bon/ phyogs bcu kun khyab 'gro don rab rgyas nas/ mtha' yas 'gro rnams sangs rgyas thob par shog ces gsungs so/ shing 'brug bya zla'i tshes grangs yar ngo la/ slob dpon g.yung drung ye shes gtsor byas nas/ grogs mchog bon gshen rnams kyis bskul ba'i ngor/ phyi rabs don la bka' chab yi ge bkod/ mtha' yas 'gro kun sangs rgyas sa lam bsgrod/ rig 'dzin don rtogs gtso 'khor gcig skyes nas/ g.yung drung bon 'khor phyogs bcur dar rgyas 'phel/ dge ba'i dad dpon chen por bdag gyur nas/ gdul bya nam mkha'i ngang du rgyas pa dang / mi nub rgyal mtshan dbus nas 'dzug par shog ces pa 'di ni dben gnas me ri khrod du gtan la phab pa dge legs 'phel//


Additional miscellaneous Collections

Mongolian Canon


source rKTs &