Catalog entry rKTs-B4045
མཁའ་འགྲོ་གསང་གཅོད་ནོར་བུའི་ཆུ་འགྲིམ་དམིགས་སྐོར་ནོར་བུའི་དོ་ཤལ་སྐལ་ལྡན་མགུལ་རྒྱན
mkha' 'gro gsang gcod nor bu'i chu 'grim dmigs skor nor bu'i do shal skal ldan mgul rgyan




Bkt65.32

མཁའ་འགྲོ་གསང་གཅོད་ནོར་བུའི་ཆུ་འགྲིམ་དམིགས་སྐོར་ནོར་བུའི་དོ་ཤལ་སྐལ་ལྡན་མགུལ་བརྒྱན
mkha' 'gro gsang gcod nor bu'i chu 'grim dmigs skor nor bu'i do shal skal ldan mgul brgyan


Location
set MW30498: volume mkha' 'gro gsang gcod - folios 1a1-54a4

Colophon
དེ་ལྟར་ཆུ་འགྲིམ་ལག་ལེན་འདི། རང་ངོས་ནས་གོང་མའི་ཕྱག་བཞེས་ལ་བརྟེན། གཞན་སྡེ་ལ་དཔེ་བླངས་ནས་ཆུ་འགྲིམ་སྐབས། རང་སློབ་དམ་ལྡན་རྣམས་ཀྱིས་བསྐུལ་བར། དང་དུ་མ་བླང་བཏང་སྙོམས་སུ་བཞག་པར། སླར་བདག་ཅག་གི་དྲིན་ཅན་བླ་མ་དམ་པའི་མཚན་གྱི་ཅོད་པཎ་འཆང་བའི་ཡོངས་འཛིན་སྤྲུལ་པའི་སྐུ་མཆོག་རིན་པོ་ཆེ་གཡུང་དྲུང་བསྟན་རྒྱལ་ཀྱིས་ཞལ་ནས་བཀའ་ཕབ་པར། དང་དུ་བླང་ནས་རྔ་ལྗོང་གྱི་སྐྱབས་མཆོག་བསོད་ནམས་མཚན་ཅན་ལ། ཡི་གེ་ལམ་ནས་ལག་ལེན་རྟོགས་འབུལ་བྱས་ཚེ་ཆོ་གེའི་བཀའ་གསུང་གསེར་གྱི་མེ་ཏོག་སྤྱི་བོར་རྩལ་ནས། རང་ངོས་ནས་བོན་འདི་བག་ཆགས་འཇོག་པ་དང་། རང་སློབ་དད་དང་དམ་ཚིག་དང་དུ་ལེན་པར་སྙིང་དང་འདྲ་བ་སྤྱི་དང་། ཁྱད་པར་ཤ་ཚའི་དམ་ཚིག་གཅིག་ཏུ་འབྲེལ་ཞིང་། རྣམ་དཀར་དགེ་སྤྱོད་ལས་ལ་ཕྱོགས་གཅིག་ཏུ་ཆུ་དང་འོ་མ་ལྟར། དབྱེར་མེད་འདྲེས་པའི་གཅོད་ཀྱི་གྲ་ཚོགས་རིབ་ཀང་གསེར་མོ་ལྗང་དང་ཁྲི་ཀ་བདེ་སྐྱིད་ཀྱི་ཞིང་སྟོང་ཆེ་ཆུང་གི་རྩེ་(བརྩེ)་གྲོགས་སྙིང་གི་དངས་མ་རྣམས་དང་། རང་ཡུལ་གྱི་གྲ་(གྲཝ)སློབ་ན་མཉམ། ལས་ཀྱི་འབྲེལ་བའི་ཚ་བོ་རྣམས་ཀྱི་འདོད་པ་ལྟར་དཔེ་ལ་བཀོད། སླར་ཡང་སྙན་ཆེན་སྤྲལ་པ་གྱེར་ཆེན་མུ་ལ་པྲཛཉའི་ཡང་སྤྲུལ་དྲུང་མུ་ཧ་ར་དང་། སྟོང་ཆེན་དགོན་གྱི་སྙིང་རྗེ་དགེ་རྒན་ཚུལ་ཁྲིམས་ཡེ་ཤེས་དང་བྱང་འདྲེན་ཀུན་རྒྱལ་རྣམས་ལ་ཆུ་འགྲིམ་དམིགས་ཁྲིད་ཁྲིད་དུ་ཕུལ་སྐབས། ཁོངས་རྣམས་ཀྱི་བཀའ་ཡིས་བསྐུལ་བར་མཁའ་འགྲོ་མ་ལུས་བྱས་ནས་སྟག་ཚངས་ལྗོང་གི་ཆུ་མིག་འགྲིམ་པའི་ལམ་ཁ་ནས་རྩེ་དབུས་ཆོས་རྗེ་ཀྱིས་སྦྱར་བའི་དགེ་བའི་(བས)་རྒྱལ་བསྟན་རིན་པོ་ཆེའི་སྲིད་མཐའི་བར་དུ་གནས་ཤིང་ལུས་ཅན་བདེ་སྐྱིད་ལ་སྤྱོད་པའི་རྒྱུ་རུ་གྱུར་ཅིག་གུ།།
de ltar chu 'grim lag len 'di/ rang ngos nas gong ma'i phyag bzhes la brten/ gzhan sde la dpe blangs nas chu 'grim skabs/ rang slob dam ldan rnams kyis bskul bar/ dang du ma blang btang snyoms su bzhag par/ slar bdag cag gi drin can bla ma dam pa'i mtshan gyi cod paN 'chang ba'i yongs 'dzin sprul pa'i sku mchog rin po che g.yung drung bstan rgyal kyis zhal nas bka' phab par/ dang du blang nas rnga ljong gyi skyabs mchog bsod nams mtshan can la/ yi ge lam nas lag len rtogs 'bul byas tshe cho ge'i bka' gsung gser gyi me tog spyi bor rtsal nas/ rang ngos nas bon 'di bag chags 'jog pa dang / rang slob dad dang dam tshig dang du len par snying dang 'dra ba spyi dang / khyad par sha tsha'i dam tshig gcig tu 'brel zhing / rnam dkar dge spyod las la phyogs gcig tu chu dang 'o ma ltar/ dbyer med 'dres pa'i gcod kyi gra tshogs rib kang gser mo ljang dang khri ka bde skyid kyi zhing stong che chung gi rtse (brtse) grogs snying gi dngas ma rnams dang / rang yul gyi gra (grwa)slob na mnyam/ las kyi 'brel ba'i tsha bo rnams kyi 'dod pa ltar dpe la bkod/ slar yang snyan chen spral pa gyer chen mu la pradzanya'i yang sprul drung mu ha ra dang / stong chen dgon gyi snying rje dge rgan tshul khrims ye shes dang byang 'dren kun rgyal rnams la chu 'grim dmigs khrid khrid du phul skabs/ khongs rnams kyi bka' yis bskul bar mkha' 'gro ma lus byas nas stag tshangs ljong gi chu mig 'grim pa'i lam kha nas rtse dbus chos rje kyis sbyar ba'i dge ba'i (bas) rgyal bstan rin po che'i srid mtha'i bar du gnas shing lus can bde skyid la spyod pa'i rgyu ru gyur cig gu//


Additional miscellaneous Collections

Mongolian Canon


source rKTs &